Old Tibetan Documents Online བོད་ཡིག

Text Archive > ITJ_0151

IOL Tib J 151 (= Ch.73.XIV.11 = vol. 68, fol. 52-53)
    This Text All the Texts Find both and  

1. Content : Recto, Skye shi'i 'khor lo ’The history of the cycle of birth and death'. Verso, Lha yul du lam bstan pa 'Account of the way (which leads) to the country of the gods'.

2. Note : concertina. The beginning and the end are missing. 10 folios with 6-7 lines on each side.

3. References :

To recto, Valée Poussin (1962: 57) [P.Translit.].

Transliteration   (Change the Display Format)

(r1-01) འདྲ་འིས་སླར་སྨྲས་པ༎ དེ་ནི་སྐྱེ་ཞིང་འཆྀ་བའི་ཆོས༎ སྐྱེ་ཤི་ལོ་རྒྱུས་ཤིན་ཏུ་ཟབ༎ དེ་འི་ཆོས་thsul བདག་མ་
(r1-02) ། འཚལ༎ དགེ་བ་འདི་ནས་ཕར་བཞུད་ལ༎ ལང་ཀ་གནས་ཀྱི་མཚོ་འགྲམ་ན༎ བར་སྣང་ཁམས་ཀྱི་དབང་ཆེན་ལ༎
(r1-03) དེ་ལ་སྐྱེ་ཤི་ལོ་རྒྱས་༎ དྲིས༎ དེ་ནས་ལྷ་བུ་རིན་ཅེན་ལག༎ དེ་སྐད་བསྟན་པའི་ཚིག་ཐོས་ནས༎
(r1-04) ༎ སྐྱེས་ཤི་ལོ་རྒྱུས་དྲི་བའྀ་ཕྱིར༎ བར་སྣང་དབང་བ +ང་ ཆེན་དེ་ཚོལtsh[o]l དུ༎ འཁོར་ཏང་བཅསb[c]as སྟེ་མཆིས་པ་ནི༎ ལྷ་འི་ཅོད་
(r1-05) པན་པུ་རུ་རུ༎ མཆོད་པའི་སྀལ་སྙན་སི་ལྀ་ལི༎ རྔ་དབྱངས་སྣ་ཚོགས་དི་རྀ་རི༎ དེ་ནས་ལྷ་བུ་རིན་ཅེན་ལག་
(r1-06) ། ཡུལ་ཁམས་མང་པོ་ཕར་འདས་སྟེ༎ ལང་ཀའི་མཚོ་འི་འགྲམ་དུ་ཕྱྀན༎ བར་སྣང་དབང་ཅེན་དེ་དང་མཇལ།
(r2-01) པྱག་བྱས་ལག་སྦྱར་འདི་སྐད་སྨྲས༎ འཕགས་པས་བདག་ལ་ཐུགས་རྗེ་གཟིགས༎ མ་འཚལ་དྲི་ཞིང་གསོལ།
(r2-02) བ་མཆིས༎ མྱ་ངན་རྒྱ་མཚོ་བཤད་མྱི་ལང༎ བཙུན་བ་ཁྱོད་ཀྱིས་བདག་སྟོན་ཅེས༎ ཚིག་བཟང་སྙན་པ་དུ་མས་གསོལད༎
(r2-03) ། བར་སྣང་དབང་པོས་སླར་སྨྲས་པ༎ དགེ་བས་དྲི་བ་ཇྀ་ཞིག་མཆིས༎ བར་སྣང་དབང་ཅེན་དག་གིས་ནྀ༎ བྱང་ཅུབ་སེམས།
(r2-04) པའི་རྣམ་ཐར་པའ༎ དོགས་པ་མྱེད་པའི་སྒོ་ཐོབ་སྟེ༎ ཕྱོགས་བཅུ་འི་སང་རྒྱས་ཞིང་ཀུན་དུ༎ ལུས་ཀྱིས་དབང་བ་ཐོགས།
(r2-05) ། པ་མྱེད༎ དངོས་མྱེད་གནས་མྱེད་བྱིན་རླབས་ཀྱྀས༎ བདག་ནི་ནམ་ཀ་དབྱྀངས་ལ་འགྲོ༎ ས་ལ་བྱྀ་འུ་འཛུལ་སྟིང་དུ་འབྱུང།
(r2-06) ༎ ཆུ་ལ་འགྲོ་ན་'[-]ing བ་མྱེད༎ འགྲོ་བ་ཀུན་དང་འདྲ་བའི༎ སྤྲུལད་པའྀ་སྤྲིན་ཀྱང་རབ་ཏུ་འགྱེད༎ ཕྱོགས་བཅུ་འྀ ཁམས་ཀྱི སངས་
(r3-01) རྒྱས་ཀུན༎ ཡང་དག་ཆོས་ཙུལ༎ ཅི་གསུང་བ༎ དེ་དག་ཐམས་ཅད་བདག་གིས་ཐོས༎ དེ་འདྲ་བའི་མཐུ་ཐོབ་པས༎
(r3-02) ། སེམས་ཅན་གང་གིས་བདག་མཐོང་བའ༎ དེ་ཀུན་ངེས་པར་བྱང་ཅུབ་སྟེ༎ བདག་གི་ཡོན་ཏན་དེ་འདྲ་ན༎ དགེ་བས་
(r3-03) དྲི་བ་ཇི་ཞྀག་མཆིས༎ རྀན་ཅེན་ལག་གིས་འདྀ་སྐད་གསོལད༎ བདག་གི་ཕ་ནྀ་འོད་འབར་རྒྱལ༎ དེ་ནི་ཚེ་འཕོས།
(r3-04) ལུས་རྗེས་ན༎ ཇི་བགྱིས་སླར་མཆི་ཕྲད་པར་རུང༎ ཇི་བགྱྀས་བདེ་ཞིང་སྐྱྀས་པར་འགྱུར༎ དེ་སྐད་ཅེས་ནི་དྲིས་པ་
(r3-05) དང༎ བར་སྣང་དབང་པོས་སླར་སྨྲས་པའ༎ དེ་ནི་སྐྱེ་ཞྀ་ཤི་བའྀ[ba]'I ཆོས༎ [ch]os// སྐྱེ་ཤི་ཆོལ་ཤྀན་ཏུ་ཟབ༎ དེ་འི་ཆོས་ཚུལ་
(r3-06) བདག་མ་འཚལ༎ དགེ་བ་འདི་ནས་པར་བཞུད་ལ༎ སྤྲིན་ཅེན་ཅེ+ན་ རྒྱལ་ལ་དྲི་བར་མཛོདmdzo[d] ༎ དེ་ནས[na]s ལྷ་བུ་རིན་
(r4-01) ཅེན་ལག༎ ཡུལ་ཁམས་མང་པོ་ཕར་འདས་སྟེ༎ རྡོ་རྗེ་གྲོང་ཁྱེར་དེར་ཕྱིན་ན༎ སྤྲྀན་ཅེན་རྒྱལ་པོ་ཁྲི་ལ་འདུག།
(r4-02) ། སེམས་ཅན་མང་ལ་ཆོས་བསྟན་པ༎ རིན་ཅེན་ལག་གྀས་དེ་མཐོང་ན༎ རྐང་ལ་སྤྱི་བོས་ཕྱག་འཚལ་ཏེ༎ བསྐོར་ནས་
(r4-03) ལག་སྦྱར་འདི་སྐད་སྨྲས༎ འཕགས་པས་བདག་ལ་ཐུགས་རྗེ་གཟིགས༎ མ་འཚལ་དྲི་ཞིང་གསོལ་བ་མཆྀས༎
(r4-04) ། མྱ་ངན་རྒྱ་མཚོ་བཤད་མྱི་ལང༎ ཁྱོད་ཀྱིས་དེ་དག་བདག་སྟོན་ཅེས༎ ཚིག་བཟང་སྙན་པ་དུ་མས་གསོལད༎ སྤྲིན་ཅེན་
(r4-05) རྒྱལ་པོས་སླར་སྨྲས་པའ༎ དགེ་བས་བདག་ལ་ཇི་ཞིག་དྲྀ༎ སྤྲིན་ཅེན་རྒྱལ་པོ་བདག་གིས་ནྀ༎ དབྱངས་ཏང་ལྡན་
(r4-06) བའི་གཟུགས་ཐོབ་སྟེ༎ ཁའི་ནང་ནས་འོད་ཀྱང་བྱུང༎ འོད་འཕྲོ་ཕུང་པོ་དེ་རྣམས་ཀྱྀས༎ སྟོང་སུམ་འཇིག་
(r5-01) རྟེན་འདས་པར་གྱུར སེམས་ཅན་གང་གིས་དེ་མཐོང་ངམ་འོད་འཕྲོ་དེ་གྱིས[gy]is རེག་འགྱུར་པ། ཐམས་ཅད་བདག་གི་དྲུང་དུ་འདུས༎ ཡི་གེ་འཁོར་ལོ་རྒྱན་བསྟན་པས༎ ཤེས་ཤིང་
(r5-02) རྟོགས་པར་བྱས་པས་ན༎ བླ་ན་མྱེད་པའི་བྱང་ཅུབ་ལས༎ དེ་ཀུན་ཕྱིར་མྱྀ་ལྡོག་པར་བྱས༎ བདག་གི་ཡོན་ཏན་དེ་འདྲ་
(r5-03) ན༎ དགེ་བས་དྲི་བ་ཇྀ་ཞིག་མཆྀས༎ རིན་ཅེན་ལག་གིས་འདྀ་སྐད་གསོལ༎ བདག་གི་ཕ་ནྀ་འོད་འབར་རྒྱལ༎
(r5-04) ། དེ་ནྀ་ཚེ་འཕོས་ལུས་རྗེས་ན༎ ཇྀ་བགྱིས་སླར་མཆྀ་ཕྲད་པར་རུང༎ ཇྀ་བགྱིས་བདེ་ཞྀང་སྐྱིད་པར་འགྱུར༎ དེ་སྐད་
(r5-05) ཅེས་ནི་དྲྀས་པ་དང༎ སྤྲིན་ཅེན་རྒྱལ་པོས་སླར་སྨྲས་པ༎ དེ་ནྀ་སྐྱེས་ཤིང་ཤྀ་བའྀ་ཆོས༎ སྐྱེ་ཤྀ་ལོ་རྒྱུས་ཤིན་ཏུ་
(r5-06) ཟབ༎ དེ་འི་ཆོས་ཚུལ་བདག་མ་འཚལ༎ དགེ་བ་འདི་ནས་ཕར་བཞུས་ལ༎ ཚོང་པོན་བཏང་བརྗོད་དེ་ལ།
(r6-01) ། དྲིས༎ དེ་སྐད་བསྟན་པའི་ཚྀག་ཐོས་ནས༎ རྗེས་གུས་པར་ཕྱག་བྱས་ཏེ༎ དེ་ནས་ལྷ་བུ་རིན་ཅེན་ལག་སྐྱེ་ཤི་འྀ་
(r6-02) ཆོས་ཚུལ་དྲི་བའི་ཕྱྀར༎ ཚེང་པོན་བཏང་བརྗོད་དེ་ཚོལ་དུ༎ འཁོར་ཏང་བཅས་ཏེ་མཆིས་པ་ནྀ༎ ལྷ་འི་ཅོད་པན་པུ་རུ་
(r6-03) རུ༎ རིན་ཅེན་སྀལ་སྙན་སི་ལྀ་ལྀ༎ རྔ་སྦྱངས་སྣ་ཚོགས་དི་རི་རི༎ དེ་ནས་ལྷ་བུ་རིན་ཅེན་ལག༎ ཡུལ་ཁམས།
(r6-04) མང་པོ་ཕར་འདས་སྟེ༎ [གནས?]ཚལ་གནས་པའི་ཡུལ་དུ་ཕྱྀན༎ དེ་ནས་ཚོང་པོན་བཏང་བརྗོད་དེ༎ འདུག་
(r6-05) པར་ཡང་ནྀ་དེ་མཐོང་ནས༎ རྐང་ལ་གུས་པར་ཕྱག་འཚལད་ཏེ༎ མདུན་དུ་ཐལ་སྦྱར་འདི་སྐད་སྨྲས༎ འཕགས་པས།
(r6-06) བདག་ལ་ཐུགས་རྗེ་གཟིགས༎ མ་འཚལ་དྲི་ཞིང་གསོལ་བ་མཆིས༎ མྱ་ངན་རྒྱ་མཚོ་བཤད་མྱྀ་ལང༎ དེ་འི་ལུས་
(r7-01) ལ་སྣང་བ་ནི༎ ཕྱོགས་བཅུ་འི་སང་རྒྱས་བཅོམ་ལྡན་འདས༎ ཞིང་བཅུ་རྡུལ་ཕྲན་མཉམ་བ་དག༎ འཁོར་ཏང་ཡོན་ཏན།
(r7-02) རྣམས་སུ་བཅས༎ ཐེག་པ་སྣ་ཚོགས་རྣམ་པར་བཀོད༎ སངས་རྒྱས་ཀྱྀས་ནི་སྤྲུལད་པ་དང༎ སྤྱོད་ལམ་སྣ་ཚོགས་
(r7-03) ཀུན་སྟོན་པའ༎ དེ་ཀུན་ཚོང་པོན་ལུས་ལ་སྣང༎ དེ་ནས་ཏིང་ངེ་འཛྀན་ལས་ལངས༎ རིན་ཅེན་ལག་ལ་སླར་སྨྲས་པའ༎
(r7-04) ། དགེ་བས་བདག་ལ་ཇི་ཞྀག་དྲི༎ ཚོང་པོན་བཏང་བརྗོད་བདག་གིས་ནྀ༎ རྣམ་པར་ཐོགས་མྱེད་རྒྱན་ཤེས་པས༎ ཕྱོགས་
(r7-05) བཅུ་སང་རྒྱས་དེ་ཡང་མཐོང༎ དེ་དག་འདི་རུ་བྱོན་པ་མྱེད༎ རང་གི་ལུས་ཀྱང་འགྲོ་བ་མྱེད༎ དེ་བཞིན་གཤེགས་པས་
(r7-06) ། དམྱིགས་པ་ཡང༎ རྨྱི་ལམ་གཟུགས་བརྙན་ལྟ་བུ་དང༎ སྒྱུ་མ་བྱས་པའི་གཟུགས་འདྲ་སྟེ༎ གསུང་ཡང་
(r8-01) ། སྒྲ་བརྙན་བྲག་ཅ་བཞིན༎ རང་སེམས་རྣམ་པར་དམྱིགས་པ་ཡང༎ རྨྱི་ལམ་ཆུ་ཟླ་སྒྱུ་མ་དང༎ སྒྲ་བརྙན་ལྟ་བུར་བདག་
(r8-02) གྀས་ཤེས༎ བྱང་ཅུབ་སེམས་པའི་ཚོགས་ཀུན་གྱང༎ རང་སེམས་བྱིན་ཀྱྀ་རླབས་ལས་འབྱུང༎ དེ་འདྲ་ཤེས་ནས་
(r8-03) འདི་སྙམ་བསེམས༎ དགེ་བ་རང་སེམས་ཉེ་བར་བསྟན༎ ཆོས་ཀྱྀ་སྤྲིན་ཀྱིས་རང་སེམས་རླན༎ སྒྲིབ་པའི་ཆོས་ལས།
(r8-04) རང་སེམས་སྦྱངས༎ བརྩོན་གྲུས་གྱྀས་ནི་རང་སེམས་བརྟན༎ བཟོད་པས་རང་གི་སེམ་ཉྀད་བསྙམས༎ ཡེ་ཤེས་རྟོག་
(r8-05) པས་སེམས་ཉིད་གཞོལ༎ ཤེས་རབ་ཀྱྀས་ནི་ཡོངསུ་སྦྱངས༎ འདྲི་འདྲ་འྀ་ཚུལ་ནི་རབ་ཏུ་ཤེས༎ བདག་གི་ཡོན་ཏན་དེ་
(r8-06) འདྲ་ན༎ དགེ་བས་དྲི་བ་ཇྀ་ཞིག་མཆིས༎ རིན་ཅེན་ལག་གིས་འདྀ་སྐད་གསོལད༎ བདག་གི་ཕ་ནྀ་འོད་འབར་རྒྱལ།
(r9-01) ། དེ་ནི་ཚེ་འཕོས་ལུས་རྗེས་ན༎ ཇི་བགྱྀས་སླར་མཆི་ཕྲད་པར་རུང༎ ཇི་བགྱྀས་བདེ་ཞིང་སྐྱིད་པར་འགྱུར༎ དེ་སྐད་ཅེས་
(r9-02) ནི་དྲིས་པ་དང༎ ཚོང་པོན་གྱྀས་ནི་སླར་སྨྲས་པའ༎ དེ་ནི་སྐྱེ་ཞིང་ཤྀ་བའི་ཆོས༎ སྐྱེ་ཤི་ལོ་རྒྱས་ཤིན་ཏུ་ཟབ༎ དེའི་
(r9-03) ཆོས་ཚུལ་བདག་མ་འཚལ༎ དགེ་བ་འདི་ནས་ཕར་བཞུད་ལ༎ དགེ་བསྙེན་མའི་ཡྀད་བཞིན་ལའ༎ སྐྱེ་ཤི་ལོ་རྒྱུས་
(r9-04) དྲི་བར་མཛོད༎ དེ་ནས་ལྷ་བུ་རིན་ཅེན་ལག༎ དེ་སྐད་བསྟན་པའི་ཚིག་ཐོས་ནས༎ རྗེ་ས་གུས་པར་ཕྱག་འཚལ་ཏེ༎ སྐྱེ་ཤི་
(r9-05) ཆོས་ཚུལ་དྲྀ་བའི་ཕྱིར༎ དགེ་བསྙེན་ཡིད་བཞྀན་དེ་ཚོལ་དུ༎ འཁོར་ཏང་བཅས་ཏེ་མཆིས་པ་ནི༎ ལྷ་འྀ་ཆོད་པན་པུ་རུ་རུ་
(r9-06) རིན་ཅེན་སིལ་སྙན་སྀ་ལི་ལྀ༎ རྔ་སྦྱངས་སྣ་ཚོགས་དི་རྀ་རི༎ དེ་ནས་ལྷ་བུ་རིན་ཅེན་ལག༎ ཡུལ་ཁམས།
(r10-01) ། མང་པོ་ཕར་འདས་ཏེ༎ རྒྱ་མཚོ་རྣམ་པར་རློབ་པར་ཕྱིན༎ ཡུལ་དེ་རྒྱན་ཀྱྀས་བརྒྱན་པ་ནི༎ དེ་བཞིན་ཤིང་དང་རྀན་ཅེན་ཤིང།
(r10-02) ༎ བཟ་ཤིང་སྣ་ཚོགས་ར་བ་དང༎ རྀན་ཅེན་རྩིག་པས་ཀུན ནས བསྐོར༎ དེ་འི་དབུས་ཀྱྀ་གཞལ་མྱེད་ཁང༎ རིན་ཅེན་བརྒྱན་ཀྱྀས་
(r10-03) ། བརྒྱན་པ་ན༎ ཡིད་བཞིན་དགེ་བསྙེན་ཁྲི་ལ་འདུག༎ མཏོ་རིས་གནས་བའྀ་ལྷ་ཀུན་དང༎ མྱྀ་དང་གཤིན་རྗེ་ཡྀ་དགས་དང༎
(r10-04) ཕྱོགས་བཅུ་ཀུན་ནས་འདུ'[d]u བར་སྣང༎ ལྷ་བུ་རིན་ཅེན་ལག་དེ་འིས༎ དགེ་བསྙེན་རྐང་ལ་ཕྱག་འཚལ་ཏེ༎ བསྐོར་
(r10-05) ནས་ཚྀག་ཀྱང་འདི་སྐད་སྨྲས༎ འཕགས་པས་བདག་ལ་ཐུགས་རྗེ་གཟིགས༎ [gzi]gs// མ་འཚལ་དྲི་ཞྀང་གསོལ་བ་མཆིས༎
(r10-06) ། མྱེ་ནགན་རྒྱ་མཚོ་བཤད་མྱྀ་རུང༎ དགེ་བསྙེན་མ་འིས་བདག་སྟོན་ཅེས༎ ཚིག་བཟང་སྙན་པ་དུ་མས་གསོལད༎
(v1-01) ཡི་དགས་གྲོལ་མཛད་པ༎ མགོན་པོ་ནམ་མཛོད་ཀྱིས་གཤིན་ལ་ཆང་ཁྱུར་བསྐྱབ་ཏུ་གསོལ༎ ཨོམ་ག་ག་ན་སམ་བྷའ་
(v1-02) བ་ཛྲ་ཧོ་ད་ཧའ་ས༎ ཚེ་དང་ལྡན་བ་གཤིན་ཁྱོད་ཉོན་ཅིག༎ རྒྱ་མཚོ་ཆེན་པོ་དང་གླིང་ཆེན་པོ་བཞི་དང། ལྕགས་ཀྱི་
(v1-03) རི་ཆེན་པོའི༎ བར་བར་གྱི་རི་༎ མུན་ནག་གི་གནས་ལ་སྩོགས་པ་དེ་དག་ན༎ ལྷག་པར་ཡང་བླུན་ཞིང་རྨོངས་
(v1-04) པས༎ ལེགས་ཉེས་ཀྱི་དུད་འགྲོ་བྱོལ་སོང་གི་སྐྱེ་གནས་ཡོད་ཀྱིས༎ ལམ་ངན་པ་དེར་ཡང་མྱྀ་སྐྱེ་མྱི་ལྟུང་བའི་བག་ཆེར་
(v1-05) བྱོས་ལ༎ བརྒྱ་ལ་དེར་ལྟུང་དུ་དོགས་ན༎ དུད་འགྲོ་བྱོལ་སོང་དེ་ལས་ཆང་ཁྱུར་སྐྱོབ་པའི༎ བྱང་ཅུབ་སེམས་དཔའ༎
(v1-06) ངན་སོང་སྦྱོང་ཞེས་བྱ་བ་ཡོད་ཀྱིས༎ དེ་དགེ་བའི་བཤེས་ཉེན་འདི་རྟག་ཏུ་དྲན་བར་བྱོས་ལ༎ གསོལ་བ་གདབ་པ་དང།
(v2-01) སྔགས་ཀྱི་སྙིང་པོ་འདི་སྨྲོས་ལ༎ སྐྱབས་སུ་གསོལ་ཅིག༎ གནས་ངན་པ་དེ་ལས་ཐར་པར་འགྱུར་རོ༎ དེ་བཞིན་ཉིད་
(v2-02) ཀྱྀ་མངའ་དབང་མཐར་ཕྱིན་པས༎ འཇིག་རྟེན་ཀུན་ཏུ་གསལ་བའི་ཡེ་ཤེས་སྒྲོན་མ་འིས༎ དུད་འགྲོ་རྨོངས་པའི་ལམ་
(v2-03) ལས་སྐྱེ་བོ་སྒྲོལ་མཛད་པ༎ མགོན་པོ་ངན་ཙོང་སྦྱོང་གིས༎ གཤིན་ལ་ཆང་ཁྱུར་བསྐྱབ་ཏུ་གསོལ༎ ན་མ་ས་རྦ་ཏུ་ག་ཏི་པ་རི་
(v2-04) ཤོ་དྷ་ན། ར་ཛ་ཡའ༎ ཏ་ཐ་ག་ཐ་ཡ། ཨ་རི་ཧ་ཏེ་སམ་མྱག་སམ་འབྷུ་དྷ་ཡ། ཏད་ཐྱ་ད། ཨོའམ་ཤོ་དྷ་ནེ། ཤོ་དྷ་ནི༎ པ་རྦ་པ་པ་བྷ་ཤོད་
(v2-05) དྷ་ནེ། ཤུད་དྷེ་བྷི་ཤུད་དྷེ། མ་རྦ་ཀར་མ་ཨ་བྷ་ར་བ་ཤུད་དྷེ་སྭ་ཧ༎ དེ་ལྟར་ངན་ཙོང་གསུམ་གྱི་སྒོ་བཀག་ནས༎ སངས་རྒྱས་
(v2-06) དང་བྱང་ཅུབ་སེམས། ཐམས་ཅད་ཀྱི་ཐུགས་རྗེ་ཆན་པོ་དང་བཀའ། བདེན་བའི་བྱིན་རླབས་དང༎ གཉེན་སྡུག་
(v3-01) ཕྱི་མ་རྣམས་ཀྱིས༎ དཀོན་མཆོག་གསུམ་ལ་བརྟེན་ཏེ༎ ཡང་དག་པའི་ཆུ་གང་དང༎ མ་ནོར་པའི་བསོད་ནམས།
(v3-02) ཀྱི་ཚོགས་འདི་དག་གིས༎ བཏེག་ཅིང་བརྟེན་ནས་བདེ་སྐྱིད་ཕུན་སུམ་ཚོགས་པའི༎ ལྷ་ཡུལ་དམ་པར་འགྲོ་
(v3-03) ལམ་ནི༎ འཛམ་བུ་གླིང་འདི་ནས་བྱང་ཕྱོག་ན་རི་རབ་ལྷུན་པོ༎ ཞེས་བྱ་བ་རི་འི་རྒྱལ་པོ༎ རིན་པོ་ཆེ་སྣ་བཞི་ལས་
(v3-04) གྲུབ་པ་ཞིག་ཡོད་དེ་དེའི་སྟེང་ན༎ ཆོས་བཟང་ལྷ་འི་མདུན་ཙ་ནས༎ ལྷ་འི་དཔང་པོ་བརྒྱ་བྱིན་དང། བློན་པོ་སུམ་ཅུ་རྩ་གཉིས་
(v3-05) དང༎ ལྷ་དང་མྱི་འི་སྲིད་པའི་ལམ་སྟོན་པའྀ་གནས་ཡོད་དེ༎ དེར་ཡང་ལྷ་འི་རྒྱལ་པོ་དེས་རིགས་ཀྱྀ་བུ་གཤིན་ཁྱོད་
(v3-06) ལ་ཆོས་ཀྱི་མན་ངག་སྟོན་ཅིང༎ བསོད་ནམས་ཀྱྀ་མཐུ་བསྟན་པར་འགྱུར་རོ༎ རིགས་ཀྱྀ་བུ་གཤིན་ཁྱོད་དེ་ནས་
(v3-07) རི་རབ་ཀྱི་བྱང་ཕྱོགས་ཀྱི་རྩེ་ན༎ ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ན༎ བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཁོ་
(v4-01) བོ་མང་པོའི་འཁོར་ཏང་བཅས༎ པ་བཞུགས་པས༎ བསམས་དགུ་ཡིད་བཞིན་དུ་གྲུབ་པར༎ རིགས་ཀྱི་བུ་
(v4-02) གཤིན་ཁྱོད་ལ་དབང་བསྐུར་བར་འགྱུར་རོ། ༔། དེ་ནས་རིགས་ཀྱི་བུ་གཤིན་ཁྱོད་ལ༎ དཔལ་ཕྱག་ན་རྡོ་རྗེ་འི་བྱིན་རླབས་
(v4-03) ཀྱིས་སོང་ལ༎ དགའ་ལྡན་ལྷའི་གནས་ན༎ སངས་རྒྱས་ཤག་ཀྱ་ཐུབ་པའི་ཆོས་ཀྱི་རྒྱལ་མཚན་འཔགས་པ་བྱམས་
(v4-04) པ་ཞེས་བྱ་བ༎ འཁོར་བྱང་ཅུབ་སེམས་དཔའ༎ འབའ་སུ་མྱི་ཏྲ་དང་སེང་གེ་བར་སྣང་ལ་སྩོགས་པ༎ བསྐལ་
(v4-05) པ་བཟང་པོ་འི་བྱང་ཅུབ་སེམས་དཔའ༎ དགུ་བརྒྱ་དགུ་བཅུ་རྩ་དྲུག་ལ་སྩོགས་པ་དང༎ ལྷ་འི་བུ་གྲངས་
(v4-06) མྱེད་པ་ང རིན་པོ་ཆེ་འི་གཞལ་མྱེད་ཁང་ན། ལྷ་རྫས་ཀྱི་ལྷབ་ལྷུབ་དང་རོལ་མོ་སྣ་ཚོགས་དང ༎ ཆོས་ཀྱི་ལོང་སྤྱོད་ཟད་མྱི་ཤེས་པ་བསམ་གྱིས་མྱི་ཁྱབ་པ་ལ་སྩོགས་པ། སྐྱིད་པའི་རྒྱུ་རྐྱེན་
(v5-01) ། ཕུན་སུམ་ཚོགས་པའི༎ ལྷ་འི་ཡུལ་དམ་པ་དེར༎ གཤིན་ཁྱོད་བདེ་དགུ་ལ་བག་ཡོད་པར་སྤྱོད་ཅིག་
(v5-02) ། རིགས་ཀྱི་བུ་གཤིན་ཁྱོད་ལྷ་འི་ལོང་སྤྱོད་དགའ་བ་འབ་ཤིག་གིས་ཆོག་པར་མ་འཛིན་པར༎ གཤིན་ཁྱོད་དང་
(v5-03) སེམས་ཅན་ཀུན་ཡོངས་ཀྱིས་མྱ་ངན་ལས་འདས་པ་གྱིས་ལ༎ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བཚལ་བ་ལ་
(v5-04) མྱི་ངོམས་པའི་སེམས་ཅན་ཞོག་ཤིག༎ འདོད་ཆགས་དང་བྲལ་བར་ཡང་གྱིས་ཤིག། ཐམས་ཅད་མཁྱེན་པའི་ཡེ་
(v5-05) ཤེས་ཀྱང་བཚལ་བར་གྱིས་ཤིག༎ མངོན་བར་ཤེས་པའི་ཡེ་ཤེས་ལ་ཡང་རྣམ་པར་འཕྲུལད་པར་གྱིས་ཤིག༎ ཆོས་
(v5-06) ཀྱི་དབྱིངས་ལས་ཀྱང་མ་གཡོ་ཤིག༎ བྱང་ཅུབ་ཀྱི་སེམས་བསྐྱེད་པ་ཡང་མ་གཏང་ཤིག༎ དེ་བཞིན་གཤེགས།
(v6-01) པའི་སྤྲུལ་པ་དང་བྱིན་གྱི་རླབས་ཀྱིས་ཀྱང་གཤིན་ཁྱོད་ལ་ཡོངས་སུ་སྟོན་ཅིག༎ ༎ ༎ ༎ ༎ ༎ ༎ ༎
(v6-02) འཇིག་རྟེན་འདི་ནས་ཚེ་འཕོས་ལུས་རྗེས་འཇིག་རྟེན་གྱྀ་ཁམས་གཞན་དུ་ཕུང་པོ་ལེན་ཅིང་སྐྱེ་བ་ན། གནམ་ཡོངས་སུ་
(v6-03) གཏད་པ་ནི༎ གཤིན་འདི་ཤར་ཕྱོགས་ཀྱི་ཞིང་དུ་སྐྱེས་ན༎ དེའི་སང་རྒྱས་ཀྱི་མཚན་ནི། མྱྀ་འཁྲུག་པ་ཞེས་བགྱི་སྟེ༎ བྱང་
(v6-04) ཅུབ་སེམས་པ་ཕྱག་ན་རྡོ་རྗེ་ལ་སྩོགས་པ་གྲངས་མྱེད་པ་དང་ཕྲད་ཅིང་ལྷན་ཅིག་ཏུ་གནས་པར་ཤོག་ཤིག༎ གཤིན་འདི་
(v6-05) ལྷོ་ཕྱོགས་ཀྱི་སང་རྒྱས་ཀྱི་ཞིང་དུ་སྐྱེས་ན། འདེ་འི་སང་རྒྱས་ཀྱྀ་མཚན་ནི༎ རིན འབྱུང གནས་ཤེས་བསྒྱི་སྟེ༎ བྱང་ཅུབ་སེམས་དཔའ་
(v6-06) ཕྱག་ན་རིན་པོ་ཆེ་ལ་སྩོགས་པ་གྲངས་མྱེད་པ་དང་ཕྲད་ཅིང་ལྷན་ཅིག་ཏུ་གནས་པར་གྱུར་ཅིག༎ གཤིན་འདི་ནུབ་
(v7-01) ཕྱོགས་ཀྱི་སང་རྒྱས་ཀྱི་ཞིང་དུ་སྐྱེས་ན་༔། དེ་འི་སང་རྒྱས་ཀྱི་མཚན་ནི། སྣང་བ་མཐ་ཡས་ཞེས་བགྱི་སྟེ། བྱང་ཅུབ་སེམས་
(v7-02) པ་སྤྱན་རས་གཟིགས་ཀྱི་དབང་པོ་ལ་སྩོགས་པ་གྲངས་མྱེད་པ་དང་ཕྲད་ཅིང་ལྷན་ཅིག་དུ་གནས་པར་ཤོག་ཤིག།
(v7-03) ༎ གཤིན་འདི་བྱང་ཕྱོགས༎ ཀྱི་སང་རྒྱས་ཀྱྀ་ཞིང་དུ་སྐྱེས་ན༎ དེ་འི་སང་རྒྱས་ཀྱི་མཚན་ནི་གདོན་མྱི་ཟ་བའི་དངོས་
(v7-04) གྲུབ་ཅེས་བགྱི་སྟེ༎ བྱང་ཅུབ་སེམས་དཔའ་གོ་ཆ་བརྟན་བ་ལ་སྩོགས་པ་གྲངས་མྱེད་པ་དང་ཕྲད་ཅིང་ལྷན་ཅིག་
(v7-05) དུ་གནས་པར་ཤོག་ཤིག༎ གཤིན་འདི་ཞེས་བགྱི་བ་སྟེང་གི་སང་རྒྱས་ཀྱི་ཞྀང་དུ་སྐྱེས་ན༎ དེ་འི་སང་རྒྱས་
(v7-06) ཀྱི་མཚན་ནི༎ གསུང་མཆོག་ཅེས་བགྱི་སྟེ༎ བྱང་ཅུབ་སེམས་པ་ནམ་ཀ་འི་སྙིང་པོ་ལ་སྩོགས་པ་གྲངས་
(v8-01) མྱེད་པ་དང་ལྷན་ཅིག་ཏུ་གནས་པར་ཤོག་ཤིག༎ གཤིན་འདི་ཞེས་བགྱི་བ༎ འོག་མ་ཕྱོགས་ཀྱི་སང་
(v8-02) རྒྱས་ཀྱི་ཞིང་དུ་སྐྱེས་ན༎ དེའི་སང་རྒྱས་ཀྱི་མཚན་ནི་འབུམ་གཟུགས་ཞེས་བགྱི་སྟེ༎ བྱང་ཅུབ་སེམས་པ་
(v8-03) ཡོན་ཏན་བརྟན་བ་ལ་སྩོགས་པ་གྲངས་མྱེད་པ་དང་ཕྲད་ཅིང། ལྷན་ཅིག་ཏུ་གནས་པར་ཤོག་ཤིག༎ གཤིན་འདི་
(v8-04) ཞེས་བགྱི་བ་སྔར་འདས་པའི་སང་རྒྱས་ཀྱི་ཞིང་དུ་སྐྱེས་ན༎ དེ་འི་སང་རྒྱས་ཀྱི་མཚན་ནི༎ མར་མྱེ་མཛད་ཅེས་
(v8-05) བགྱི་སྟེ༎ བྱང་ཅུབ་སེམས་འཇམ་དཔལ་ལ་སྩོགས་པ་གྲངས་མྱེད་པ་དང་ཕྲད་ཅིང་ལྷན་ཅིག་ཏུ་གནས་པར་
(v8-06) ཤོག་ཤིག༎ གཤིན་འདི༎ མ་འོངས་པའི་སང་རྒྱས་ཀྱི་ཞིང་དུ་སྐྱེས་ན༎ སངས་རྒྱས་དེ་འི་མཚན་ནི།
(v9-01) བྱམས་པ་ཞེས་བགྱི་སྟེ༎ བྱང་ཅུབ་སེམས་དཔའ་ས་འི་སྙིང་པོ་ལསྩོགས་པ་གྲངས་མྱེད་པ་དང་ཕྲད་ཅིང་
(v9-02) ལྷན་ཅིག་ཏུ་གནས་པར་ཤོག་ཤིག༎ གཤིན་འདི་ཞེས་བགྱི་བ་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་དུ་སྐྱེས༎ དེ་འི་
(v9-03) སངས་རྒྱས་ཀྱི་མཚན་ནི༎ ཤག་ཀྱ་ཐུབ་པ་ཞེས་བགྱི་སྟེ༎ བྱང་ཅུབ་སེམས་པ་བསྒྲིབ་པ་སེལ་ལསྩོགས་
(v9-04) པ་གྲངས་མྱེད་པ་དང་ཕྲད་ཅིང་ལྷན་ཅིག་ཏུ་གནས་པར་ཤོག་ཤིག༎ གཤིན་འདི་དབུས་ཀྱི་སང་རྒྱས་ཀྱི་ཞིང་དུ་
(v9-05) སྐྱེས་ན༎ དེ་འི་སངས་རྒྱས་ཀྱི་མཚན་ནི༎ རྣམ་པར་སྣང་མཛད་ཆེན་པོ་ཞེས་བགྱི་སྟེ༎ བཅོམ་ལྡན་འདས་
(v9-06) དབང་ཕྱུག་ཆེན་མོ་ལསྩོགས་པ་དང༎ འཔགས་དཔའ་མྱི་གཡོ་འཛིན་ལ་སྩོགས་པ་གྲངས་མྱེད་པ་དང་ཕྲད་
(v10-01) ཅིང་ལྷན་ཅིག་དུ་གནས་པར་ཤོག་ཤིག། ༔། གཤིན་མྱིང་འདི་ཞེས་བགྱྀ་བ༎ སངས་རྒྱས་ཀྱི་ཞིང་ཕྱོགས་འཚམས་
(v10-02) ། བཞི་གང་དུ་སྐྱེས་ན་ཡང༎ སངས་རྒྱས་དང་བྱང་ཅུབ་སེམས་དཔའ། གྲངས་མྱེད་པ་དང་ཕྲད་ཅིང་ལྷན་ཅིག་ཏུ་
(v10-03) གནས་པར་གྱུར་ཅིག༎ གཤིན་མྱིང་འདི་ཞེས་བགྱྀ་བའ༎ གང་ཏུ་སྐྱེ་བ་ལེན་ཅིང་གནས་པའི་ཚེ་ན་ཡང།
(v10-04) ས་དང་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པར་གྱུར་ཏེ༎ འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་བ་དང༎ མྱི་གནས་པའི་
(v10-05) ཚུལ་ཁྲིམ་དང༎ བྱེ་བྲག་མྱེད་པའི་བཟོད་པ་དང༎ བླང་དོར་མྱེད་པའི་བརྩོན་གྲུས་དང༎ རྣམ་པར་མྱི་རྟོག་པའི་
(v10-06) བསམ་གཏན་དང༎ མཚན་མ་མྱི་དམྱིགས་པའི་ཤེས་རབ་དང༎ མཐ་གཉིས་ཡོངསུ་སྤོང་བའི་ཐབས་