Old Tibetan Documents Online བོད་ཡིག

Text Archive > ITJ_0737-3

IOL Tib J 737-3 (= vol. 56, fol. 11, Fragment 63)
    This Text All the Texts Find both and  

1. Content : Tibetan version of Rāmāyana stories.

2. Note : scroll. The beginning and end are missing. Recto, Chinese Buddhist text. Cf. Enoki (1962: C52). Verso, 52 lines of a part of Tibetan version of Rāmāyana stories.

3. References :

de Jong (1977) [I.Translit.], de Jong (1989) [I.Translit., I.Trans.].

Transliteration   (Change the Display Format)

(1) [---]
(2) [---]d// མཚེ་འུ་ལང་ལིང་ནྀ་[---]
(3) [ང(/ད)]ངུལ་ད་ཆབ་ལ་r[---]བ་ནྀ་སྒྲ་དང་དང་དྀང༎ ལྷ་བྱ་གནམ་ལ་[---]
(4) ཀུར་ཐབས་མཁའ་ལ་ཕུར་པ་ནི་བཀྲ་ཡེར་ཡེར༎ ན་བུན་རྀ་ལ་[---]
(5) དཔག་བསམས་ཀྱྀ་ཤིང། རྀན་པོ་ཆེ་འི་འབྲས་བུ་འབྲུལ་ཞིང༎ [---]
(6) 'bod thong thong / rtsI shing ngang ldum bu men tog rgyas pa nI // yid bzhin gyI nor bu [---]
(7) འྀ་སེར་བུ་ནྀ་ངད་ངད༎ རྀན་པོ་ཆེ་སྣ་ཚོགས་འབྱུང་བ་འྀ་རི་ལ༎ གཡུ་བྲག་སྔོན་པོས་སྤྲེལ་པ་ན་[---]
(8) རེ་བ་ཡོངས་སུ་སྐོངས་པས། དགའ་ཡལ་ཡལ༎ ནགས་ཚལ་སྟུག་པོ་དག་ན༎ སྤོས་ཀྱྀ་རི་དགས་[---]
(9) འབབ་ཅུ་གཙང་མ་ནི་དབའ་རྒལ་དང་ལྷག་ལྷག༎ གཡུ་འྀ་གྲམ་བུ་ནྀ་སིལ་སྀལ༎ ཆན་དན་གྱྀ་དྲི་ch[---]
(10) གསེར་གྱི་བྱེ་མ་དག་ནྀ་ཕང་པུང༎ རྩྀ་དོག་བཟང་པོ་དག་ནྀ་ལྡེམ་ལྡེམ་སྟེ༎ འདྀ་ལྟ་བུ་འྀ་ཡུལ༎ ལྷ་d[---]
(11) འོས་པ་ཞིག་ལས༎ སྲྀན་པོ་སྡེ་ཚན་ཆེན་པོ་ཞིག་གནས་སྟེ༎ འདྀ་འི་རྒྱལ་པོ་ཡག་ཤ་ཀོ་རེ་ཞེས་བྱ བ་ཞིག ༎ [---]
(12) དང་གཟྀ་བྱིན་དུ་ཆས་ལ་རྩལ་དང་དྲག་ཤུལ་དུ་ལྡན་བས༎ སྲིད་པ་གསུམ་ལ་དབང་བ། མ་ཧ་དེ་བ་དང། བརྒྱའ་བྱིན་ལ་stsa[---]
(13) པ། ལྷ་མྱྀ་གཞན་གྱིས་ནྀ་མྱི་བཐུབ་initial b is written interline ། པས། སྲྀན་པོ་འི་འཁོར་འདྀ་ལྟར་དར་ཆིང་རྒྱགས་སྟེ་༎ ལྷ་དང་མྱི་ལ་སྩོགས་པ་དཀར་
(14) པོ་འི་ཕྱོགས་ནྀ་དམས་ཤིན་འགྲྀབས༎ འདྲེ་སྲིན་ལ་སྩོགས་པ་ནག་པོ་འི་ཕྱོགས་ནྀ། འཕེལ་ཅིང་དར་ཏེ། ལོ་ཉེས་དང་ནད་ལ་སྩོགས་
(15) རྒྱུན་དུ་བྱུང་ནས༎ སྲྀད་པ་གསུམ་ལ་གཐོགས་པ། ལྷ་རྣམས་[---]བཀའ་གྲོས་མཛད་པ། སྲིན་པོ་འི་འཁོར་འདྀ་ལྟར་དར་ཆིང།
(16) [---]༎ ལྷ་མྱྀ་འི་སྲིད་[ལ]རབ་དུ་དམའ་སྟེ་མ་ལེགས་ཀྱིས་ཀྱང། སྲིན་པོ་འདྀ། སྲིད་པ་གསུམ་ལ་དབང་བའ་བ+འ་ ༎ ལྷ་མྱི་གཞན།
(17) [---]ཐུབ། ན༎ དྲང་སྲོང་[---]ལྷ་མོ་གཉིས་བཤོས་ན་ནྀ༎ འདྀ་འི་སྲས་ཀྱིས་ངེས་པར་ཐུབ་པར་དཔྱད།
(18) [---]pal ལྷ་མོ་གཉིསgny[i]s ལ༎ ལྷ་ནམས་ཀྱིས་གསོལ་པ༎ ཤེས་རྫོགས་མཉེན་མཛེས། དགེ་བའི་
(19) [---]བསལ་པྱིར་མྱེ་ལོང་རྟག་དུ་ལྟ༎ འདོད་པ་འྀ་སྡུག་བྲལ་པུན་སུམ་མྱི་གདུང་ཡང། ལྷ་མྱྀ་ཡོངས་
(20) [---]srol བའྀ་རིགས་ཤེས་གསོལ་པ་ལས། དྲང་སྲོང་དང་དཔལ་ལྷ་མོས་བཀའ་སྩལ་པའ།
(21) [---]ཡན་ཞིང། མཐོ་རིས་ལས་དང་འགལ་མོད་ཀྱི༎ ལྷ་མྱོ་མྱི་ ཡོངས་ལ་བརྩེ་བ་འྀ་པྱིར། གཟིགས་པ་
(22) [---]r ཕྱ་ཞེས་གསུང་ནས། སོ་སོ་ནས་མཛུམ་བ་ཙམ་གྱིས་སྲས་ཆགསྟེ༎ དུས་སུ་བཙས[btsa]s པ་འི་
(23) [---]པ་ཐོས་ཀྱི་སྲས་སུ་བཏགསོ༎ དེ་ནས་རྣམ་ཐོས་ཀྱི་སྲས་ཀྱིས༎ ཡུལ་ལང་ཀ་པུ་ར་འི་
(24) [---]པར། ཁ་བཏག། བཉལ་བཆད་དེ། མྱེད་པར་བྱས་ནས༎ ཡུལ་ཡང་ལྷ་དང་མྱིས་བཀང་ངོ༎
(25) ཡག་ཤ་ཀོ་རེ་འི་བུ། མ་ལྱ་པན་ཏ ཞེས ཚེམ་བུ་ན་འདུག་པ་གཆིག་པུད་དུ་བཞག་པ་དེ་སྐྱེས་ནས༎ བསམས་ན༎ ཡུལ་
(26) མྱྀ་ཁྱིམ་ཚེས་ཀུན་ལ༎ ཕ་མ་དང་གཉེན་འདུན་དུ་བཆས་པ་ཤེ་དག་ན༎ ང་འྀ་ཕ་མ་དང་གཉེན་འདུན་གོ་གར་སོང་
(27) སྙམ་ནས༎ ཡུལ་དེ་ན༎ བྲམ་འཛེ་ར་ཏ་ན་ཞེས་བྱ་བ་ལ་དྲྀས་པ་དང། ར་ཏ་ན་ན་རེ༎ ཁྱོད་ཀྱི་ཕ་ནྀ་སྲིན་པོ་འི་རྒྱལ་པོ་
(28) ཡག་ཤ་ཀོ་རེ་ཞེས་བྱ་སྟེ༎ གཟྀ་བྱིན་དང་མཐུ་སྟོབས་སུ་ཆས་ལ། རྩལ་དང་དྲག་ཤུལ་དུ་ལྡན་བ་ཞིག་སྟེ། ལྷ་མྱྀ་གང་གིས་ཀྱང་མྱི་
(29) ཐུབ་པ་ལསྟེ་ལས་ ༎ སྲྀན་པོ་འི་འཁོར་མང་པོ༎ ཡུལ་འདྀ་ན་འཕགས་པར་སྐྱིད་ཆིང་ལོང་སྤྱོད་ཆེ་བ་ལས༎ ལྷ་རྣམས་ཀྱིས་
(30) ལྟོ་བགྱིསྟེ། རྣམ་ཐོས་ཀྱི་སྲས་ཀྱིས༎ འགྲེང་གཆིག་མྱེད་པར་ཁ་བཏག་བཉལ་བཆད་དེ༎ མྱེད་པར་བྱས་ནས་ཡུལ་ཡང་ལྷ་དང་མྱིས་བཀང་ངོ ༽་༎ པུད་དུ་བཞག་པ་ཁྱོད་ཡིནyi[n]
(31) ནོ་ཞེས་བྱས་པ་དང༎ ཤིན་དུ་ཡིད་ལ་གཆགས་སྙིང་ན་ནས༎ འདྀ་ལན་ཀླན་བར་དམ་བཆས་ན༎ དངོས་ནི་མཐུ་
(32) རྩལ་ཆུངས་པས་མྱྀ་ཐུབསྟེ༎ སྐྱབས་ཆེད་པོ་འགའ་ཞིག་ལ། བརྟེན་ན་འགྲུབ་བོ་སྙམ་ནས༎ ཚངས་པ་འི་སྲས།
(33) བྀ་ཤུ་ར་སེ་ན་ཞེས་བྱ་བ༎ རྣམ་པར་རྒྱལ་བ་འྀ་ཁང་བཟངས་ཀྱྀ་སྒྱེད་མོ་ཚལ་ན། ལྷ་འི་དྲང་སྲོང་སྒྲུབ་ཆིང་བཞུགས་པ་
(34) འྀ་ཞ་འབྲིང་དུ་ཁས་བླངསྟེ༎ ལོ་མང་མོ་འི་བར་དུ༎ བཀུར་སྟི་དང་རྀམ་གྲོ་མཉེས་པར་བྱས་སོ༎ ལན་ཆིག་ན་མན་
(35) ལྱ་པན་ཏས། ཉམ་སད་ཕ་འྀ་པྱིར༎ ལྷ་འྀ་དྲང་སྲོང་ལ་གསོལ་པ༎ བརྩེར་དགོངས། གུས་པས་འབུལ་བ་བཞེས་
(36) ལགས་སམ་ཞེས་བྱས་པ་དང༎ དྲང་སྲོང་གིས་བཀའ་སྩལད་པ༎ ང་ནྀ་ཙངས་ཕ་འྀ་ལོང་སྤྱོད་ལ་མ་ཆགསྟེ། དབེན་
(37) བ་འྀ་གནས་ན། ལྷ་འྀ་དྲང་སྲོང་མཛད་པ་ལ་ཇྀ་ཡང་མྱྀ་དགོས་མོད་ཀྱི༎ སེམས་ཆན་བསོད་ནམས་ཐོབ་པར་
(38) བྱ་བ་འྀ་པྱིར༎ སྦྱྀན་བར་སྟོབས་པ་འྀ་ནོར་བླང་ངོ་ཞེས་བྱས་སོ༎ དེ་ནས་ཞག་གསུམ་ལོན་བ་དང། བུ་མོ་ཁྲིད་
(39) དེ་འོངས་ནས། མན་ལྱ་ཕན་ཏས། ལྷ་འྀ་དྲང་སྲོང་ལ་གསོལ་པ༎ འཇྀག་རྟེན་དག་ན་གཉི་ཟླ་དྲོ་བ་དཀོན།
(40) བདག་ལ་བྱམས་པ་ཁྱོད་ལས་གཞན་མྱི་བཞུགས། དྲིན་གཟོ་ལན་དུ༎ བདགི་བུ་མོ་མེ་ག་སྀ་ན་འབུལ་ན་བཞེས་
(41) སུ་གསོལ་ཞེས། བུ་མོ་ཁྲིད་དེ་འོངས་ནས་པུལ་བ་དང༎ དྲང་སྲོང་རབ་དུ་མྱྀ་དགྱེསྟེ། བུ་མོ་འདྀ་བླངས་ན་ནི། དྲང་སྲོང་གི་
(42) ཆོས་ལུགས་ལས་ཀྱང་འགལ། ཞིང། འཇྀག་རྟེན་གཞན་གྱིས་ཀྱང་དཔྱས་པར་འོང༎ མྱྀ་བླང་ན་ནི༎ སྦྱྀན་བར་བྱས་
(43) པ་འྀ་ནོར་བླང་ངོ་ཞེས། སྔར་སྨྲས་པ་འྀ་ཚིག་ལས་ཀྱང་འགལ་ན༎ ཇྀ་ལྟར་བྱ་སྙམ་ནས། ཅང་མྱི་གསུང་སྟེ་
(44) མྱྀ་དགྱེས་ཤིང་བཞུགས་པ་དང༎ ཡང་མན་ལྱ་ཕན་ཏས་གསོལ་པ༎ ཀུན་དང་འདྲའ་བ་འྀ་བདེ་མཆོག་ལོང་སྤྱོད་
(45) ནྀ། གཟི་མདངས་མཛེས་པ་འྀ་མདོག་དང་བསྟེན་པ་ལགས༎ དཔལ་བརྗོད་འཕྲུལ་གྱྀ་བསྟེན་གྲོགས ལྷ་མོ འདྀ། ཁྱོད་
(46) ལ་འཚམ་ཞེས༎ ཀུན་སྟོད་སྐུ་མྱི་ངས༎ མགོ་འཕང་དམའ་ཞིང་སྐབསུ་ཟུར་མྱིག་ཆན༎ ཡིད་ཙམ་མཛུམ་
(47) ཞིང་གཞོག་སྟེགས་ཚུལ་ལས་མཁས༎ འཇོ་སྒེག་ཆེ་ཞིང་བྱྀ་བྱད་དག་ལ་བརྩོན༎ ལྷ་མོ་ནང་ན་དཀོན་བ་
(48) འདྀ་བཞེས་ཤིག་ཆེས་གསོལ་པ་དང༎ དྲང་སྲོང་གིས་བཀའ་སྩལད་པ༎ དྲང་སྲོང་ལས་མཆོག་སྤྱོད་པ་འིས།
(49) དཔལ་བརྗོད་ལྷ་མོ་དག་ཏང་བརྟེན་བ་མ་ཡྀན་ཡང༎ སེམས་ཆན་དམན་བས། ལོ་ཟླ་མང་མོ་འདའས་
(50) པ་འྀ་སྔོན་རོལ་ན༎ རྩེ་གཆིག་བསམས་པ་འྀ་དོན་ཆེད་འདི༎ དམ་ཆོས་ཚུལ་དང་འགལ་མོད་ཀྱི༎
(51) [---]བ་ཡོངསུ་མ་བསྐངས་ན༎ ཕ་བསད་པས་ཀྱང་དེ་མྱི་དགའ༎ དེ་པྱིར་མཛེས་སྡུག་འདྀ་ཡང་བཞེས་པར།
(52) [---]ཞེས་བཀའ་སྩལ་ནས༎ ངེད་ལྷ་འྀ་ཆོས་ལུགས་ཀྱིས་སྔར་སྨྲས་པ་འི་ཚིག་ལ་འགལ་བར་མྱི་