Old Tibetan Documents Online བོད་ཡིག

Text Archive > ITJ_0742

IOL Tib J 742 (= Fragment 55. = vol. 68, fols. 115-116)
    This Text All the Texts Find both and  

1. Content : Divination with coins.

2. Note : scroll. Complete text. Recto, a Chinese Buddhist text. Cf. Enoki (1962: C5). Verso, 49 lines.

3. References :

Macdonald (1971: 282-283), Thomas (1957: 150-151) [P.Translit.,P.Trans.], Yamaguchi (1987: 174) [P.Trans.], Chen Jian (2007) [I.Translit.,I.Trans.], Nishida (2011: 316-325) [I.Translit.,I.Trans.].

Transliteration   (Change the Display Format)

(1) (flower shape) ། (flower shape) ། གནམ་དང་པོ་ཀོང་ཚེ་འཕྲུལ་ཀྱྀ་བུ༎ གཙུག་ལག་དང། གཙུག་ལག་མང་པོ་ཞིག་མདོར་
(2) བསྟུས་སྟེ། གཏན་ལ་ཕབ་བ། འཕྲུལ་ཀྱྀ་{ལ}་རྒྱལ་པོ་ལི་བསམ་བླང་གིས་ཆིབ་གོང་ནས་ཐུགས་རིང་ནས་མོ་འདི་
(3) གཏན་ལ་ཕབ་པ་ལགས་སོ། མོ་འདི་ཕུགས་བརྟན་ལ་འཕྲལ་རྣོ། མོ་འདི་འདེབས་པའི་ཡོ་བྱད་ལ། སྤོས་
(4) གྀས་ནྀ་མཆོད། གཡུ་མཆོད་འཕྲུགས་གཅྀག་དང། མདའ་བྱ་དརྒོད་མ་ཅྀག་དང། རྨེའུ་བྲེ་གང་དང།
(5) དཔགས་བུ་དཀར་ཐོད་གཅིག་མྱེད་དེ་མྱི་རུང། མོ་ཆ་ཚང་ན་རབ་དུ་རྣོ་འོ། (flower shape) །
(6) ༄༅༎ དོང་ཚེ་གཅྀག་གན་ན། ཉྀ་མ་ཁུད་པར་ཤར་པའྀ་ངོ་སྟེ། ཁྱྀམ་ཕྱ་དང་སྲྀད་ཕྱར་བཏབ་ན་བཟང།
(7) བོར་རླག་བྱུང་ན་རྙེད། ནད་པ་ལ་བཏབ་ན་སོས། འདྲོན་པོ་ལ་བཏབ་ན་ཉེ་བར་འོང། མོ་འདི་ཅི་ལ་བཏབ་ན་
(8) ཀྱང་རབ་བོ། ༄༅༎ དོན་ཚེ་གཉྀས་གན་ན། མྱྀའི་ངོ་ལ་བབ་སྟེ། ཁྱྀམ་བདག་གཟའ་བྲན་ནང་
(9) མཐུན་ཏེ། ལུས་ལ་གདོན་མྱེད། ཁྱྀམ་ཕྱ་དང་སྲོག་ཕྱར་བཏབ་ན་བཟང། སྐྱེས་བུ་ངོ་མཐོ། གྲོག་ཆེ།
(10) ཁང་ཁྀམ་བརྟན་པོར་གཟུགས། ནད་པ་གསོ་ན་ཉེ་བར་སོས། གནམ་པ་འྀ་ངོ་ཞེ་བྱ། སྣང་གསལ་ཅྀག་གྀས་
(11) ཅྀག་བསུས་ཏེ། མོ་འདྀ་ལ་བཏབ་ཀྱང་རབ་བོ། (flower shape) ། (flower shape) །
(12) ༄༅༎ དོང་ཚེ་གསུམ་གན་ན། ས་དང་ལྕགས་ཀྱྀ་ངོ་ལ་བབ་སྟེ། ཁྱྀམ་ཕྱ་དང་སྲོག་ཕྱར་བཏབ་ན་བཟང།
(13) ནད་པ་ལ་བཏབ་ན་ཡུལ་གདོན་དང། དྲྀ་མོ་འྀ་ངོ་ཡོད་དེ་གནོད། ཆོ་ག་བྱས་ན་བཟང་ངོ། མ་བྱས་ན་ངན། ཉོན་ཙོང་དང་
(14) དོན་གཉེར་ན་བཟང། འདྲོན་པོ ལ བཏབ་ན་མྱྀ་བཟང། མྱྀ་འོང༎ (flower shape) ༎
(15) ༄༅༎ དོང་ཚེ་བཞྀ་གན་ན། གནམ་གྲུ་བཞྀ་པ་སྡེ་བརྒྱད་གྀ་ངོ་ལ་བབ་སྟེ། ཁྱྀམ་ཕྱ་དང་སྲོག་ཕྱར་
(16) བཏབ་ན་བཟང། གདོན་ཕྱར་བཏབ་ན་ཟས་ངན་དང་སློ་ཐབ་དང་མཁོན་ལས་བྱུང་སྟེ་ཡུལ་དོན་དང། ། དྲྀ་མོར་
(17) བསྡོངས་སྟེ་གནོད། ནད་པ་ལ་བཏབ་ན་ནད་གཞི་ཆེ། ཆོ་ག་བྱ་བར་བཟང། དགྲ་ཕྱར་བཏབ་ན་དགྲ་དགྲ་ ངོ་མཐོ། གཉེན་
(18) བྱེད་པ་དང་ཁང་ཁྱྀམ་བྱེད་པ་དང། [དུར]ཆད་བྱེད་པར་བཏབ་ན་བཟང་ངོ། (two flower shapes) །
(19) ༄༅། (flower shape) ། དོང་thse ལྔ་གན་ན། བཤུམ་བའྀ་ངོ་ལ་བབ་སྟེ། ཁྱྀམ་གཉྀས་གཅིག་དུ་འདུས་པའྀ་ངོ་ལ་བབ་སྟེ།
(20) ལྷོ་བ་བཀྲེས་ལ་ཟིསz[i]s གི་སྲི་ལངས་ཏེ། ཁྱྀམ་ཕྱ་[སྲོག]ཕྱར་བཏབ་ན་ངན། ལྷ་ནྀ་སྔངས་མྱྀ་ནི་སྐྲག་པའྀ་ངོ་སྟེ།
(21) དགྲ་སྡང་བ་ནྀ་ཕྲད། གཉེན་བྱམས་པ་དང་ནྀ་སྣོལ། གདོན་ཕྱར་བཏབ་ན། ཕུང་སྲྀན་དང་བཙན་དྲྀདdrI[d] མར་པོ་དང།
(22) རྟ་ཤུ་བོ་ཞོན་བ་གཅྀག[g]cIg གནོད། ནད་པ་ལ་བཏབ་ན། གླུད་བཏང་ན་རུང། མོ་འདྀ་ཅི་ལ་བཏབ་ཀྱང་ངན་ནོ། (flower shape) །
(23) ༄༅༎ དོང་ཚེ་དྲུག་གན་ན། ཆུ་དང་གསེར་གྀ་ངོ་ལ་བབ་སྟེ། ཁྱྀམ་ཕྱ་སྲྀད་ཕྱ་སྲོག་ཕྱར་བཏབ་ན་བཟང།
(24) དགྲ་ཕྱར་བཏབ་ན་དགྲ་མྱེད། བཙོན་དུ་བཟུང་ན་ཐར། ཡུས་བརྩོད། ན་ཐོབ། གྱོད་རྨས་ན་འབྱང། ནད་
(25) པ་གསོས་ན་སོ། དོན་གཉེར་ན་འགྲུབ། གནམ་ལ་སྐར་མ་སྨྱྀན་དྲུག་གྀ་ངོ་སྟེ། སྐར་མ་མང་པོས་བསྐོར་
(26) བའྀ་ངོ། མོ་འདི་ཅི་ལ་བཏབ་ཀྱང་རབ་བོ། (flower shape) ། (flower shape) ། (flower shape) །
(27) དར་མ ༄༅༎ ། དོང་ཚེ་བདུན་གན་ན༎ མྱེ་དང་ས་འི་ངོ་ལ་བབ་སྟེ༎ གཤིན་བ་ཀྲེན་དང༎ ས་དུར་ལངས་
(28) པའི་ངོ་ལ་བབ་སྟེ༎ ཁྱིམ་གཉིས་ཅིག་དུ་[སུས(/སྡུས)]པའྀ་ངོ་ལ་བབ་སྟེ༎ ཁྱིམ་ཕྱ་དང་སྲོག་ཕྱར་བཏབ་
(29) ན་ངན༎ ༎ ། ནང་མྱི་མཐུན་ཁལ་ལྕེ་མང༎ སྐྱེས་བུ་སྙིང་ཚེར་བའི་ངོ༎ དགྲ་ཕྱར་བཏབ་ན་དགྲའ་
(30) ངོ་མཐོ༎ མྱི་ཁ་ཟའ༎ གནོད་དམ་མྱི་གནོད་པ་ལ་བཏབ་ན་གནོད་དོ༎ མོ་འདི་ཅི་ལ་བཏབ་ཀྱང་
(31) ངན༎ (flower shape) ༎ དོང་ཚེ་བརྒྱད་གན་ན༎ ཆུ་དང་ཤིང་སྐྱེས་པའི་ངོ་ལ་བབ་སྟེ༎ ཅི་ལ་བཏབ་ཀྱང་བཟང༎
(32) གནམ་མྱི་གཡོ་པ་མྱི་ལྡག༎ ཕྱི་དལ་ཆེད་པོར་བཅད༎ འདྲོན་པོ་མྱི་འོངས༎ གསོལ་བ་
(33) མྱི་གནང༎ སྟོར་བ་མྱི་སྙེད༎ གཞན་ཅི་ལ་བཏབ་ཀྱང་བཟང༎
(34) (flower shape) ༎ དོང་ཚེ་དགུ་གན་ན༎ རྒྱལ་པོ་འི་ངོ་ལ་བབ་སྟེ༎ དགའ་བའྀ་རྟམ་སྙན་པ་ནི་ཐོས༎
(35) བསམ་པའྀ་དོན་ནི་གྲུབ༎ འདོད་པའི་ནོར་ནི་སྙེད༎ མོ་འདི་ཅི་ལ་བཏབ་ཀྱང་བཟང་ངོ༎
(36) (flower shape) ༎ དོང་ཚེ་བཅུ་གན་ན༎ ཉིས་ཟླ་འཕྲུག་ཅིག་དུས་ཅིག དུ ཤར་པའྀ་ངོ༎ རྒྱལ་པོ་གསེར་གྱི་
(37) ཁྲའུ་ཐོག་ན་བཞུགས་སྟེ༎ ཀུན་ལ་ལུང་སྙན་པ་འབོགས་པའི་ངོ་པ༎ ནད་པ་གསོའ་
(38) ན་སོས༎ དོན་ཉེར་ན་འགྲུབ༎ བོར་གླག་བྱུང་བ་ལ་བཏབ་ན་སྙེད༎ འདྲོན་པོ་ལ་བཏབ་ན་
(39) གྲོག་ཆེ༎ མོ་འདི་ཅི་ལ་བཏབ་ཀྱང་བཟང་ངོ༎ ༎
(40) (flower shape) ༎ དོང་ཚེ་བཅུ་ཅིག་གན་ན་མྱི་འི་ངོ་ལ་བབ་སྟེ༎ ༎ ད༎ ཀོང་རྩེ་མྱི་དགྱེས་སྟེ༎
(41) ཅི་བྱ་འོ་ཆོག་མྱི་འགྲུབས༎ ཁྱིམ་ཕྱ་དང་སྲོག་ཕྱར་བཏབ་ན་ངན༎ མཁོན་དང་མགོན་
(42) གཟན་ཡོད་དེ༎ ལྷ་ནི་སྔངས་མྱི་ནི་སྐྲག་སྟེ༎ མོ་འདི་ཅི་ལ་བཏབ་ཀྱང་ངན་ནོ༎
(43) (flower shape) ༎ དོང་ཚེ་བཅུ་གཉིས་གན་ན༎ ཉི་མ་སྟོང་དུས་ཅིག་དུ་ཤར་པའི་ངོ་ལ་བབ་སྟེ༎
(44) ཚེ་རབས་གར་འགྲོ་ན་ཡང༎ གནམ་གྲོག་ཆེད་པོ་འོངས་སྟེ་བཟང༎
(45) ནད་པ་ཚབ་ཆེ་ན་ངན༎ མོ་འདི་གཞན་ཅི་ལ་བཏབ་ཀྱང་བཟང༎ (flower shape) ༎ དོང་ཚེ་ཀུན་
(46) བུབ་ན༎ ཉི་མ་ནུབ་པའི་ངོ་ལ་བབ་སྟེ༎ ས་འགམ་བའི་ངོ༎ རྒྱལ་ནི་གདུང་ཆད་པའི་
(47) ངོ༎ བསེའ་ནི་དམྱིག་བོལ་བའྀ་ངོ༎ ཆོ་ག་བྱས་ཀྱང་མྱི་ཟློགས༎ མོ་འདི་ཅི་ལ་
(48) བཏབ་ཀྱང་ངན་ནོ། ༔་། དཀོང་ཙེ་འཕྲུལ་གྱིས་མཛད་པའི་དོང་ཙེ་བཅུ་གཉིས་ཀྱི་མོ༎
(49) བརྫོགས་སོ༎ ༎ ༎ །