Old Tibetan Documents Online བོད་ཡིག

Text Archive > ITJ_0751

[Pt_0016] + ITJ_0751   -- The text is divided between two parts.
Pelliot tibétain 16 + IOL Tib J 751 (= Ch.9.I.37)
    These Texts All the Texts Find both and photo (IDP)

1. Content : Prayers for the foundation of the De ga yu tshal monastery.

2. Note : pothi. Complete text. 20 folios (divided into two parts: Pelliot tibétain 16: fols. 22-34; IOL Tib J 751: fols. 35-41) with 4 lines on each side.

3. References :

Choix I (pls. 7-16, notice 19), Choix III (1-13) [I.Translit.].

Lalou (1939-1961: I, 16) [P.Translit.], Thomas (1951: 92-109) [P.Translit., P.Trans.], Vallée Poussin (1962: 236), Uray (1966: 252), Tōyō Bunko (part 8, 73-74) [P.Translit.], Yamaguchi (1980b: 221-222), Szerb (1983), Uebach (1991), Luo (1994: 105-109) [P.Trans.], Gnya' gong (1995: 255-280) [P.Translit.], Kapstein (2004: 111-114) [P.Trans.].

Transliteration   (Change the Display Format)

(35r1) ༄༅། ༔། ཐང་དུ་གཙིགས་ཀྱྀ་གཙུག་ལག་ཁང་བཞེངས་པར་མདོ་གམས་ཀྱྀ་ཁམས་ཀྱི་དབང་པོ་རྣམས་ཀྱྀས་དཀོན་མཅོག་གསུམ་ལ་མཅོད་ཅྀང་ཡོན་ཕུལ་བ་འདྀའི་བསོད་ནམས་དང། བྱིན་གྱྀ་རླབས་ཀྱིས་
(35r2) ལྷ་བཙན་པོ་རྗེ་བློན་འཁོརད་དང་བཅས་པའྀ་སྡིག་པ་ཐམས་ཅད་ནྀ་བྱང། བསོད་ནམས་དང་ཡེ་ཤེས་ཀྱྀ་ཚོགས་ནྀ་ཡོངསུ་ཡོངས་སུ་ རྫོགས་ནས་ཆབ་སྲྀད་མཇལ་དུམ་གཡུང་དྲུང་དུ་བརྟན་སྐུ་ཙེ་རྀང་ཞིང་ལྷ་དང་མྱྀའི་བདེ་སྐྱིད་
(35r3) ཕུན་སུམ་ཚོགས་པ་ལ་གནས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའྀ་བྱང་ཅུབ་ལྷུན་གྱྀས་གྲུབ་པར་སྨོན་ཏོ༎ ༄༅༎ དེ་ག་གཙྀགས་ཀྱི་གཙུག་ལག་ཁང་ཞལ་བསྲོ་བའྀ་
(35r4) ཚེ་བདེ་བློན་གྱྀ་སྨོན་ལམ་དུ་གསོལ་བའ༎
ཕྱོགས་བཅུ་མཐའ་ཡས་མུ་མྱེད་པ་ན་སྐྱེ་བ་དང། འགོག་པ་ལས་རྣམ་པར་དབེན་བ་ཡོད་མྱེད་དང་རྟག་ཆད་ཀྱྀ་མཐའ་ལས་འདས་པ་དུས་གསུམ་གྱྀ་དེ་{བདེ}་བཞིན་གཤེགས་པ་
(35v1) ཐམས་ཅད་ལ་མཅོད་ཅྀང་བསྟོད་ནས་སྐྱབསུ་སྐྱབས་སུ་ མཅྀསྟེ་མཅྀས་ཏེ་ ། གུས་པར་ཕྱག་འཙལ་ལོ༎ འཇྀག་རྟེན་དང་འཇྀག་རྟེན་ལས་འདས་པ་ན་འཕགས་པ་ཐམས་ཅད་མཁྱེནད་པའྀ་ཡེ་ཤེས་དང་ལྡན་བ་གག་ལ་ཅྀ་སྙེད་བཞུགས་སོ་ཅོག་
(35v2) དང། ཆོས་དང། སངས་རྒྱས་དང། དགེ་འདུན་ལ་སྐྱབསུ་སྐྱབས་སུ་ མཅྀསྟེ་མཅྀས་ཏེ་ ། གུས་པར་ཕྱག་འཙལ་ལོ༎ འོ་ལྡེ་སྤུ་རྒྱལ་གནམ་གྱྀ་ལྷ་ལས་མྱྀའྀ་རྗེར་གཤེགས་པ་ཡོང་གྀས་སྐུ་བླ་གཉན། ཆབ་སྲྀད་ཆེ། ཆོས་བཟང། གཙུག་
(35v3) ལག་ཆེ་བས་ཡུལ་བྱུང་ས་[ངོད(/དོད)]ཚུན་ཅད་རྗེའྀ་གདུང་མ་གྱུརད་ཏེ། ཆབ་སྲྀད་གཡུང་དྲུང་དུ་བརྟན་ཞྀང་ཆེ་བའྀ་བཀའ་དྲྀན་ཆེན་པོས་ཕྱོགས་བརྒྱད་དུ་ཁྱབ་པར་ཁེབསྟེ་ཁེབས་ཏེ་ ། ཕྱྀ་ནང་གཉྀས་ཀྱི་འགྲེང་མྱྀ་འོ་ཆོག་ལ་
(35v4) མཉམ་བར་དགོངས་ནས་མཐོ་ཞིང་དྲེགས་པ་ནྀ་རླབས་དང་ཐབས་ཀྱྀས་བཏུལ་ཏེ་རིགས་པའྀ་ཆོས་ལ་བཙུད། དམའ་ཞྀང་རྒུད་པ་ནྀ་འཕྲལ་ཡུན་གཉྀསུ་གཉྀས་སུ་ དགའ་ཞྀང་སྤྲོ་བར་གཟེངས་བསྟོད་ནས་གནམ་མཐའ་འོག་
(36r1) ༄༅༎ གྀ་འགྲེང་མྱྀ་འོ་ཆོག་ཡུན་གྱྀ་བཀའ་དྲིན་གྱྀས་ཁྱབ་པས། གནམ་ཆེན་པོ་ཕྱོགས་བཞྀའི་མངའ་བདག༎ འཕྲུལ་གྱྀ་ལུགས་དང་འཐུན་བ་ནྀ། བོད་ཀྱྀ་ལྷ་བཙན་པོ། འཕྲུལ་གྱྀ་ཞ་སྔ་ནས་བཞུགས་ཏེ༎ ཡོང་ཡང། ཆུ་བོ་ཆེན་པོའི་
(36r2) གླད། གངས་རྀ་མཐོན་པོའི་རྩ། ཡུལ་མཐོ་ས་གཚང་བའྀ་གནས་ན་བཞུགས་པས། འཕྲུལ་གྱྀ་ལྷ་བཚན་པོ་ནི༎ གདུང་རབས་འགྲངས་པར་ཡང། ལྷའི་ལུགས་མ་མཉམ་སྟེ། རྒྱལ་པོ་གཞན་བས། ཆེ་ཞྀང་བརྩན་བར་
(36r3) མངོན༎ དེ་ལྟར་ཡབ་མྱེས་ལྷ་དང་སྟང་བས། ཡོང་ཡང། ཆབ་སྲིད་ཆེ། དབུ་རྨོག་བརྩན་བའྀ་སྟེང་དུ༎ འཕྲུལ་གྱྀ་ལྷ་བཚན་པོ་ཁྲི་གཙུག་ལྡེ་བརྩན་གྱི་ཞ་སྔ་ནས། སྐུ་ལ་དབྱིག་
(36r4) འཁྲུངས། ཐུགས་ལ་འཕྲུལ་མངའ་སྟེ། གཙུག་ལག་ཁང་ཐམས་ཆད་ཚུལ་བཞིན་མཛད་པས་ནྀ། སྐུ་བླ་རྀང་རྫྀ་དང། གནམ་སའི་ལྷ་ཀླུ། ཐམས་ཆད་ཀྱང་འགོ་ཞིང་དགྱེས༎ ཐུགས་རྗེ་ཆེན་པོ་དང་ལྡན་བས་ནྀ་འགྲེང་མྱྀ་
(36v1) འོ་ཆོག་ལ། གནམ་སའི་ལུགས་དང་འཐུན་པར། བཀབ་ཅྀང་བཀུར་ཏེ། ཆབ་སྲིད་གྱི་མངའ་ཐང་ཆེན་པོ་དརད་ཅྀང་རྒྱས་པའི་དུས་སུ། ཆབ་སྲིད་ཀྱི་བློན་པོ་ཡང་འཕགས་པ་དག་ཆིག། མངའ་ཐང་དུ་བྱུང་སྟེ༎ བློན་ཆེན་པོ་
(36v2) ཞང་ཁྲྀ་སུམ་རྗེ་དང། ཆེན་པོ་ཞང་ལྷ་བཟང་པོ་གཉིས་ཀྱིས། དགྲའི་ཤེད་སྨད་དེ། ཆབ་སྲིད་ཀྱྀ་ཕང་[བསྡོད(/བསྔོད)]ནས༎ རྒྱ་དྲུག་འཇང་ལས་སྩོགས་པ་མཐའྀ་རྒྱལ་པོ༎ བར་དུ་ཆབ་སྲིད་ལ་[སྔོ(/སྡོ)]ཞིང་རྩོལ། བ་
(36v3) ཀུན་ཀྱང། བཀའ་ནན་གྱྀ་མཐུ་དང། རླབས་གྱྀས། བཐུལ་བས་ནྀ་རེ་ཐག་བཅད། ཡུན་རྀང་པོར་ལེགས་ཤྀང་བདེ་བའྀ་བཀའ་དྲིན་གྱིས་ནི་དད་པ་དང་སྤྲོ་བ་བསྐྱེད་ནས། གནམ་ས་ཡིད་འབྱོར་པ་དང་འདྲ་བར། རྒྱལ་
(36v4) ཁམས་དུ་མ་ཞིག་གིས༎ བོད་རྗེ་བློན་གྱྀ་བཀའ་གུས་པར་མཉན་ཏེ། ཆབ་སྲིད་མཇལ་དུམ་ཆེན་པོ་མཛད་པ་འདྀ་ཡང། འཕྲལ་ཡུན་གཉིས་སུ་ལེགས་ཤིང་བདེ་བ་ཉྀ་ཙེར་མ་བསྟེ༎ གཞའ་གསང་གཉིས་
(37r1) ༄༅༎ སུ་ཆབ་སྲྀད་ཀྱི་ཕང་མཐོ་བ་དང་སྨོས་ཤྀང་བརྗོད་པའྀ་དོན་ཀྱང་རབ་དུ་ཟབ། ལོ་སྟོང་རབས་ཁྲིར་ཡང་འབྲྀ་བ་མྱེད་པར་བཟང་ཞྀང་སྙན་ཏེ་མཇལ་དུམ་གྱྀ་ལེགས་པ་ཆེན་པོ་མངོན་སུམ་དུ་མཛད་
(37r2) པ་འདྀ་དཀོན་མཆོག་གསུམ་དང། འཇིག་རྟེན་གྱྀ་ལྷ་ཀླུ་ཐམས་ཅད་ཀྱིས་ཀྱང་མཁྱེནད་ཅྀང་གཟིགས་པས་ན། ནམ་དུ་ཡང་མྱྀ་འགྱུར་ཞིང་བརྟན་བར་སྨོནད་ཏོ༎ དེ་ལྟར་མཇལ་དུམ་ཆེན་པོ་
(37r3) མཛད་པའྀ་རྐྱེན་ཀྱིས་རྒྱལ་ཁམས་དུ་མ་ཞིག་གྀ་འབངས་མཆོན་ཆའྀ་ཁར་ཉོན་མོངས་པ་མྱིང་མྱེད་པར་བརྩལད་ཏེ། བདེ་སྐྱིད་པའྀ་གནས་ལ་དུས་གཅིག་དུ་བཀོད་པའྀ་བསོད་ནམས་
(37r4) ཆེན་པོ་འདྀས། འཕྲུལ་གྱྀ་ལྷ་བཙན་པོ་ཁྲྀ་གཙུག་ལྡེ་བརྩན་མཆེད་དང། ཆབ་སྲིད་ཀྱྀ་བློན་པོ་ཆེན་པོ་ལེགས་པ་སྒྲུབ་སྒྲུབ་པ་བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཞང་ཆེན་པོ་ལྷ་
(37v1) བཟང་ལ་སྩོགས་པ་བོད་རྗེ་བློན་འཁོརད་པར་བཅས་པ་དང། སེམས་ཅན་ཐམས་ཅད་སྒྲྀབ་པ་རྣམ་གཉིས་བྱང་ནས་བསོད་ནམས་དང་ཡེ་ཤེས་ཀྱྀ་ཚོགས་ཡོངསུ་ཡོངས་སུ་ རྫོགསྟེ་རྫོགས་ཏེ་ མཐར་ཡང་བླ་ན་མྱེད་པ་ཡང་དག་
(37v2) པར་རྫོགས་པའྀ་བྱང་ཅུབ་དུ་མངོན་བར་རྫོགས་པར་སངས་རྒྱས་པར་སྨོན་ཏོ༎ དེ་ག་གཡུ་ཚལ་མཇལ་དུམ་ཐང་དུ་གཙིགས་ཀྱྀ་གཙུག་ལག་ཁང་མཛད་པ་འདྀ་ཡང་ལོ་ངོ་གཉིས་
(37v3) ལ་རྒྱལ་ཁམས་ཆེན་པོ་གསུམ་མཇལ་དུམ་བ་དང་གཙིགས་ཆེན་པོ་མཛད་པའྀ་ས་གཞྀ་སྟེ། འདྀར་བཅས་པ་དང་སྦྱར་ན་འདྀ་ཡང་སྔོན་གྱྀ་འཕགས་པ་རྣམས་ཀྱྀས་ཡང་
(37v4) དག་པར་བྱྀན་ཀྱྀས་བརླབས་པའྀ་ས་གཞྀ་ཞྀག་སྟེ། ཡོང་ཡང་འདྀ་ལྟ་བུའྀ་ལེགས་པ་ཆེན་པོ་དུས་གཅིག་དུ་བྱུང་བའྀ་དོན་དུ་བཙིགས་པས་ལྷག་པར་ཡང་བསོད་ནམས་ཆེ་ཞྀང་བཀྲ་ཤྀས་པར་མངོན་ཏེ།
(38r1) ༄༅༎ བསོད་ནམས་ཆེན་པོ་དེ་དག་གྀ་བྱྀན་ཀྱྀས་གཙུང་གཙུག་ ལག་ཁང་འདྀ་ཡང་ནམ་ཉྀ་མ་དང། ཟླ་བ་ཡོད་ཀྱྀ་བར་དུ་ཡུན་དུ་བརྟན་བ་དང། འཕྲུལ་ཀྱྀ་ལྷ་བཙན་པོ་ཁྲྀ་གཙུག་ལྡེ་བརྩན་གྱྀ་ཞ་སྔ་ནས། སྐུ་ཚེ་རིང་ཞིང་
(38r2) ཆབ་སྲིད་ཆེ་བ་དང། དགོངས་པ་ཡྀད་བཞྀན་དུ་གྲུབ་པར་སྨོན་ཏོ༎ སྔོན་རྒྱ་དྲུག་དང་ཆབ་སྲྀད་ལ་མ་མཇལད་ཏེ་ནོལད་པ་དག་གྀ་དུས་ན་ལྷ་སྲས་དབུ་བང་རྨོག་བརྩན་པོ་དང། བློན་པོ་དཔའ་འཛངས་
(38r3) ལྡན་ཞྀང་དགྲ་ཐབས་མཁས་པའྀ་སྐྱིམས་ཀྱྀས་དགྲ་ལ་ཕོག་པ་དང། དམག་མང་པོའྀ་མཐུ་བརྩན་པོས་དགྲའྀ་མཁར་ཕབ་པ་དང། གཡུ་བཟློག་པ་དང། ཡུལ་བཅོམ་བ་དང། མནངས་བཅད་པ་ལ་
(38r4) སྩོགསྟེ་སྩོགས་ཏེ་ ། དགྲའྀ་མྱི་ཕྱུགས་མང་ཕོ་སྲོག་དང་བྲལ་བ་དང་མ་བྱྀནད་པར་བླངས་ཕའྀ་དངོ་སྡྀག་ཅྀ་མཅིས་པ་ཡང་བསོད་ནམས་ཆེན་པོ་འདྀའི་བྱྀན་དང་ཟིལ་ཀྱྀས་མནནད་ཏེ་ཞུ་ཞྀང་བྱང་བར་སྨོན་
(38v1) ཏོ༎ དཀོན་མཆོག་གསུམ་ལ་མཅོད་ཅྀང་ཡོན་ཕུལ་བ་དང། དངོ་སྡིག་བཤགས་པ་ལ་སྩོགས་པའྀ་བསོད་ནམས་ཀྱྀས་རྗེསུ་རྗེས་སུ་ བསྔོ་ཞྀང་དམྱིགས་པ་དང། བཟོད་པ་དང་འཐོལ་ཙངསུ་ཙངས་སུ་
(38v2) གསོལ་བ་ལ་སྩོགས་པ་སྨོན་ལམ་གཞན་ཡང། བླ་ནས་མཛད་པ་དང་མཐུན་བར་སྨོནད་ཏོ༎ ༄༅། ༔། དེ་ག་གཡུ་ཚལ་གཙིགས་གྱྀ་གཙུག་ལག་ཁང་དུ་མཁར་ཙན་
(38v3) ཁྲོམ་ཆེན་པོས་སྨོན་ལམ་དུ་གསོལ་བ༎
བོད་རྗེ་བློན་དབུ་རྨོག་བརྩན་སྒམ་དཀྱེལ་ཆེན་པོའྀ་སྐུ་རྀལ་རྀང་ ལ། བར་དུ་རྒྱ་དྲུག་དང་འཇང་རྒྱལ་ཁམས་ཆེན་པོ་གསུམ་གྱིས་ཆབ་སྲིད་ཀྱྀ་མདབ་དུ་
(38v4) [བསྔོས(/བསྡོས)]པ་ལས། རྗེ་དབུ་རྨོག་བརྩན་བློན་པོ་རྀན་པོ་ཆེ་དཔའ་རྩལ་དང་ལྡན་བའྀ་བྱིན་རླབས་ཀྱྀས་དགྲ་བཀའ་འོག་དུ་ཆུད་དུ་གཙིགས་བཀའ་སྩལད་ཏོ་འཙལད་དུ་མནོས་པ། ནཾ་ཞ་
(39r1) ༄༅། ༔། མྱི་རབས་ཀྱྀ་གཏམ་བརྗོད་ཀྱྀ་བར་དུ་ལེགས་པའྀ་བཀའ་དྲྀན་དགུགས་ཀྱིས་ཟྀན་ཏོ་འཙལ་ལ་ཁེབསྟེ་ཁེབས་ཏེ་ བརྗོད་པའྀ་གཙིགས་ཀྱྀ་གཙུག་ལག་ཁང་བཞེངས་པར་རྒྱལ་ཁམས་ཆབ་སྲིད་ཀྱྀ་ལ་
(39r2) ལྟོད་པའྀ་སླད་དུ་ལྷ་སྲས་ཁྲྀ་གཙུག་ལྡེ་བརྩན་གྱི་ཞ་སྔ་ནས་ཐུགས་ཀྱྀ་ཕྲིན་ལས་སུ་མཛད་པ་དང། བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཆེན་པོ་ཞང་ལྷ་བཟང་གྀས་དགྲ་རྒྱ་དྲུག་གྀ་གཡུལ་
(39r3) ཆེན་པོ་བཟློག་པ་ལ་སྩོགས་པ་ཐབས་ཆེས་དགྲ་ལ་གནད་པར་བགྱྀས་པ་དང། ཁོམ་མཁར་ཙན་པ་ལྟ་ཞིག་བོད་འབངས་དཔའ་སྲན་ལ་སྟེནད་པའྀ་ཚུལ་བཞིན་དུ་
(39r4) ལོ་ངོ་གཅྀག་ལ་གཡུལ་ཆེན་པོ་གཉིས་བཟློག་པའྀ་དཔའ་བའྀ་རྣ་དྲངས་པ་ལ་སྩོགས་སྟེ། བོད་རྗེས་འབངས་ཀྱྀས་ཆབ་སྲིད་ལ་[སྔོ(/སྡོ)]བའྀ་སླད་དུ་དབུགས་ཆགས་ལ་གནད་པའྀ་སེམས་
(39v1) ཀྱྀས་མཕྲོ་བཏོད་ཅིང་རྨ་ཕྲུང་ངོ་འཙལ། རྡུལ་ཙམ་མ་ལུས་ཕར་བྱང་བར་སྨོན་ལམ་གསོལ་ཏེ། ཁར་ཙན་ཁྲོམ་ཀྱྀས་ཡོན་དབུལ་བ་ལ། ༄༅༎ དེ་ག་གཡུ་ཚལ་གཙིགས་ཀྱྀ་གཙུག་ལག་ཁང་དུ་ཀྭ་ཅུ་ཁྲོམ་ཆེན་
(39v2) པོ་ནས་སྨོན་ལམ་དུ་གསོལ་བ༎
བོད་རྗེ་བློན་དབུ་རྨོག་བརྩན། སྐམ་དཀྱེལ་ཆེན་པོའྀ་སྐུ་རྀང་ལ། བར་དུ་དགྲ་རྒྱ་དྲུག་འཇང་རྒྱལ་ཁམས་ཆེན་པོ་གསུམ་ཀྱྀས་ཆབ་སྲིད་ཀྱྀ་མདབ་དུ་[བསྔོས(/བསྡོས)]ཕ་ལས་
(39v3) རྗེ་དབུ་རྨོག་བརྩན། བློན་པོ་རྀན་པོ་ཆེ་དཔའ་རྩལ་དང་ལྡན་བའྀ་རླབས་ཀྱིས་དགྲ་བཀའ་འོག་དུ་ཆུད་དེ། གཙིགས་བཀའ་སྩལད་ཏོ་འཙལ་དུ་མནོས་ཕ་ནམ་ཞ་མྱྀ་རབས་སུ་གཏམ་བརྗོད་ཀྱི་བར་དུ་
(39v4) ལེགས་པའྀ་བགའ་དྲིན་དབུགས་གྱྀ་ཟྀན་ཏོ་འཙལ་ཁེབས་ཏེ། བརྗོད་པའྀ་བཙིགས་ཀྱྀ་གཙུག་ལག་ཁང་བཞེངས་པར་རྒྱལ་ཁམས་ཆབ་སྲིད་ཀྱྀ་ལ་ལྟོད་པའྀ་སླད་དུ། ལྷ་སྲས་ཀྱྀ་ཞ་སྔ་ནས། ཐུགས་ཀྱི་
(40r1) ༄༅༎ འཕྲྀན་ལས་སུ་མཛད་པ་དང། བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཆེན་པོ་ཞང་ལྷ་བཟང་གྀས་རྒྱ་དྲུག་གྀ་གཡུལ་ཆེན་པོ་བཟློག་པ་ལས་སྩོགས་ཕ་བོད་རྗེས་འབངས་ཀྱྀས་ཆབ་སྲྀད་ལ་[སྔོ(/སྡོ)]བའྀ་སླད་
(40r2) དུ་དགྲ་ལ་གནད་པའྀ་ཤུགས་ཀྱྀས་བགྱྀས་སོ་འཙལ་བག་ཙམ་མ་ལུས་པར་བྱང་བར་སྨོན་ལམ་དུ་གསོལ་ཏེ༎ ཀྭ་ཅུ་ཁྲོམ་ཆེན་པོ་ནས་ཡོན་དུ་དབུལ་བའ༎ ༄༅༎ ཕྱུག་ཙམས་
(40r3) སྟོང་པོན་དཔོན་གཡོག་གྀ་སྨོན་ལམ་དུ་གསོལ་བའ༎
དཀོན་མཆོག་གསུམ་ལ་ཕྱག་འཙལ་ལོ༎ སངས་རྒྱས་ལ་ཕྱག་འཙལ་ཏེ་ཐམས་ཅད་མཁྱེན་པ་ལའོ༎ ཆོས་ལ་ཕྱག་འཙལ་ཏེ།
(40r4) ཐེག་པ་བླ་ན་མྱེད་པ་ལའོ༎ དགེ་འདུན་ལ་ཕྱག་འཙལ་ཏེ། ཕྱྀར་མྱྀ་ལོག་པའྀ་བྱང་ཅུབ་སེམས་དཔའ་རྣམས་ལའོ༎ བདག་དང་གཞན་ཀྱྀ་དོན་སྒྲུབ་པའྀ་ཕྱིར་དཀོན་མཆོག་གསུམ་ལ་མཆོད་དེ། སྡྀག་པ་ཐམས་
(40v1) ཅད་བསྩལད་ནས། བསོད་ནམས་ཀྱྀ་རྗེས་སུ་ཡྀ་རང་སྟེ། དཀོན་མཆོག་གསུམ་ལ་ཕྱོགས་ཤིང་རྟེན་ཏོ༎ ཐུགས་སྒམ་དབུ་རྨོག་བརྩན་བའྀ་རྗེ་བློན་ཐུགས་ལ་འཕྲུལ་དགོངས་ཕས་རྒྱ་དྲུག་འཇང་ལས་སྩོགས་ཕ་
(40v2) བར་དུ་བཀའ་མྱྀ་མཉནད་པ་ཡང་འབངས་གཉུག་མ་དང་འདྲ་བར་རྣལ་དུ་ཕབ་ནས་དབུ་རྨོག་བརྩན་ལ་ཆབ་སྲྀད་ཆེ་བའྀ་འདབ་ལ་ཕྱོགས་པར་གསོལ་ནས། མཇལ་དུམ་གྱི་གཙིགས་བཅས་ནས་
(40v3) རྡོ་རྀངས་ལ་བྲྀས། གཙྀགས་ཀྱྀ་གཙུག་ལག་ཁང་བཞེངས་ནས་སོ་ཁམས་ཀྱྀ་ཁྲོམ་ནྀ་དལ། ཡུལ་ཆེན་པོའྀ་དབུས་སྐྱྀད་ཅིང་དར་པར་བགྱྀས་པ་འདྀ་ལས་བཀའ་དྲྀན་ཆེ་བ་མ་མཅིས་པས་སྲྀ་ཞུ་དང་བཀའ་
(40v4) དྲྀན་དྲན་བའྀ་མཙན་མ་ཙམ་དུ་དཀོན་མཆོག་གསུམ་ལ་ཡོན་བའྀ་བསོད་ནམས་ཀྱྀས། བོད་རྗེ་བློན་འཁོར་དང་བཅས་ཕ་སྐུ་ཚེ་དང་མངའ་ཐང་གཡུང་དྲུང་དུ་གྲུབ་ལ་བོད་ཁམས་ན་ཕས་ཀྱྀ་དགྲ་དང་འཁྲུག་པའྀ་མྱྀ་གྲགསྟེ་གྲགས་སྟེ་
(41r1) ༄༅༎ ལོ་ཕྱུགས་རྟག་ལེགས་ལ་གཙིགས་བཅས་པ་བཞྀན་ཡུན་དུ་བརྟན་ཞྀང་འཇྀག་རྟེན་དང་འཇྀག་རྟེན་ལས་འདས་པའྀ་བདེ་སྐྱྀད་ཕུན་སུམ་ཚོགས་ཕ་དང་ལྡན་བར་སྨོན་ཏོ༎
(41r2) ༄༅༎ འབྲོམ ཁོང སྤེ་སའྀ་སྨོན་ལམ་དུ་གསོལ་བའ༎ རྗེ་བླ་ན་བཞུགས་པ་ནྀ་ལྷ། ཆབ་སྲྀད་ཀྱྀ་བློན་པོ་ནྀ་འཕྲུལད། རྗེ་བློན་ལྷ་འཕྲུལ་ཀྱྀས་གནམ་རལ་བ་ནྀ་ལྷའྀ་བྱྀན་ཀྱིས་དྲུབས། ས་གས་པ་ནྀ་བློན་པོའྀ་རླབས་ཀྱྀས་
(41r3) བཙེམས་ཏེ། གནམ་ས་ནྀ་ཡྀད་སྦྱར། དགྲ་ཟྀན་ནྀ་མཇལ་དུམ་ནས། མཐ་མཐའ་ ནས་ནྀ་དགྲ་མྱྀ་[སྡོ(/སྔོ)]༎ བྱང་ནས་ནྀ་གཡག་མྱྀ་རྡུངསྟེ་རྡུངས་ཏེ་ ། བོད་འབངས་ཡོངས་བདེ་སྐྱྀད་པ་འབའ་ཤྀག་དུ་མ་བས་ཏེ། ཉྀ་འོག་གྱྀ་རྒྱ་རྒྱལ་ ཁམསྣ་ཁམས་ན་
(41r4) རྒྱལ་ཕྲན་མཅིས་པའྀ་རྣམས་སེམས་མྱི་བདེ་ཞྀང་སྲིད་ཤོར་དུ་དོགས་པའྀ་རྣམས་ཀྱང་སྲིད་ལ་མྱྀ་དབབ་ཅིང་སེམས་བདེ་བ་ཡང། རྗེ་བློན་ལྷ་འཕྲུལད་ཀྱྀ་སྐུ་ཡོན། འདྀ་འདྲ་བར་བཀའ་དྲིན་ཆེན་པོ་སྩལ་ནས་
(41v1) བོད་འབངས་ཡོངས་སུ་བདེ་བའྀ་དུས་ནྀ་ཉྀ་མ་བཞྀན་དུ་ཤརད། མེན་ཏོག་བཞྀན་དུ་རྒྱས་ནས་ཡུལ་བཀྲ་ཤྀས་དབྱར་མོ་ཐང་དེ་ག་གཡུལ་གཡུ་ ཙལ་དུ༎ བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཞང་ཆེན་པོ་ལྷ་བཟང་དང། བཀའ་
(41v2) འཁོར་དང་བདག་ཅག་ལས་སྩོགས་ཕས་གཙུག་ལག་ཁང་བརྩྀགས་དགེ་འདུན་གྱྀ་སྡེ་བཙུགས་རྐྱེན་དང་བཅས་པར་སྦྱར་བའྀ་ཡོན་ཀྱྀས། རྗེ་ལྷ་སྲས་ཁྲྀ་གཙུག་ལྡེ་བརྩན་གྱྀ་སྒུ་སྐུ་ ཚེ་རྀང། དབུ་རྨོག་བརྩན་བ་དང།
(41v3) བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཞང་ཆེན་པོ་ལྷ་བཟང་དགོངས་སོ་འཙལ་མཐར་ཕྱྀན་པ་དང། སྐུ་ཚེ་རིང་བ་དང། བོད་རྗེ་བློན་ཀྱྀ་གཙུག་ལག་ཉྀ་མ་དང་འདྲ་བར་ནམ་ཞར་མྱྀ་འགྱུར་བ་དང། གཙིགས་བརྟན་
(41v4) བའ་དང། བདག་ཆག་ལས་སྩོགས་སེམས་ཅན་ཐམས་ཅད་ཚེ་རབས་ཀྱྀ་ལས་ཀྱྀ་སྒྲྀབ་པ་བྱང་སྟེ། བླ་ན་མྱེད་པའྀ་ལྷའྀ་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་བྱམས་པ་འྀ་འཁོར་དུ་སྐྱེ་བར་སྨོན་ཏོ༎