Text Archive > Pt_0126
1. Content : 1. 'Phrul kyi byig shus phyi ma la bstan pa'i mdo (ll. 1-103). 2. A dialogue between the ruler of Dmu and an envoy of Phyva, two important clans in the ancient religion (ll. 104-168).
2. Note : scroll. The beginning and the end are missing. Recto, 168 lines. The line 14 is integrally deleted at origin and is not included in this edition. Verso, 2 Chinese Buddhist texts. Cf. Catalogue VI (22).
3. References :
Choix I (pls.128-136, notice 21), Choix IV (1-6) [I.Translit.].
Lalou (1939-1961: I, 44) [P.Translit.], Stein (1959: 62, 64), Macdonald (1971: 305-306, 369-373), Yamaguchi (1983: 171-172, 211) [P.Trans.], Yamaguchi (1985: 546-549) [P.Trans.], Luo (1989) [P.Translit., P.Trans.], Chu (1990) [P.Translit., P.Trans.],Ishikawa (2000) [P.Translit., P.Trans.], Ishikawa (2001) [P.Translit., P.Trans.].
Transliteration (Change the Display Format)
(2) དགུ་གཏོང་མྱི་ཕོད༎ ཚེ་ཅིག་བཙན་ཕྱུག་མཆོག་དུ་འཛིན༎
(3) ལྷ་ཆོས་བཟང་པོ་གཅིག་མྱི་སྤྱོད༎ མ་ཚོར་བར་དུ་བདུད་
(4) ཀྱིས་ཁྱེར༎ གནའ་མྱི་འཛངས་ཤིང་ཆེ་དགུ་ཡང༎ ཚེ་རིང་ད་ལྟ་
(5) གཅིག་མྱི་སྣང༎ ཤི་ཟིན་ཕན་ཅད་ས་ཕུང་ཡིན༎ མྱི་ཅིག་
(6) སྐྱེས་པའི་ཚེ་དུས་ལ་རིང་པོར་མྱི་ཐོགས་དེའུ་རེ་མྱེད༎ ཁྲེལ་
(7) དང་གཟུངས་མྱེད་མནའ་ཡང་བཟའ༎ མཐའ་མ་ཡུན་དུ་
(8) ལེགས་མྱི་སྤྱོད༎ ཚེ་སྲོག་ཐུང་བ་གློག་པར་མྱུར༎ གསོན་
(9) དང་བྱེ་སྟེ༎ དུར་དུ་བསྐྱལ༎ སྡིག་བྱེས་གྲོགས་པོ་རྟག་
(10) པར་འདྲེ་དང་སྲིན༎ གཏན་ཀྱི་གྲོགས་ངན་སྐྱིད་མྱི་
(11) མྱོང༎ དགེ་སྡིག་མྱི་ཤེས་ཉོན་རེ་མོངས༎ ནང་ནུབ་མྱི་དལ་
(12) ཕྱུག་པོར་འདོད༎ ལྷག་པར་ཡོད་ཀྱང་ཆོག་མྱི་ཤེས༎
(13) ཤྀ་བའི་རེ་མོ་ཀུན་ལ་འོང༎
(14)
(15) ཤི་ཟིན་ཕན་ཅད་ཅི་ཤེས༎ བསག་ཤྀང་བདོག་པ་ཀུན་དང་
(16) བྲལ༎ ཕྱི་ན་ཅི་ལུས་བདག་མྱི་དྲན༎ ་ལེག་ལེགས་ པ་འབའ་ཤིག་
(17) གྲོགས་སུ་འོངས༎ བྱད་བཞིན་བཟང་པོ་ཀླུ་དང་སྨན༎
(18) མྱི་སྡུག་མཐར་མར་སྐམ་ཀྱིས་མྱེད༎ གོས་ཟས་བཟང་པོ་
(19) ཟའ་བོག་དར༎ ཅིར་ཡང་མ་རུང་རྡུལ་དུ་གྱུར༎ གཤིན་
(20) ཆ་བཟང་པོ་བགོས་མྱི་ཕན༎ ཁ་ཟས་བཟང་པོ་དུར་དུ་
(21) བཅུགས༎ ལོ་སྟོང་བར་ཀྱི་བརྒྱགས་ཡོད་ཀྱང༎
(22) ཟ་བའི་དབང་མྱེད་ཡུན་དུ་ལུས༎ བཟང་སྡུག་གཉིས་
(23) ཤྀག་དུར་བཅུག་ཀྱང༎ ཁོག་སྐམ་གཉི་ཤིག་དགར་མྱི་དྲན༎
(24) གཉེན་སྡུག་གཉི་ཤིག་སྔས་ན་དུ༎ ཁྲི་འབོད་སྟོང་འབོད་
(25) རྣས་མྱི་ཐོས༎ གསོན་གཤིན་ལམ་གཉིས་སོ་སོར་གྱེས།
(26) ཤི་བའི་ཉོན་མོངས་ཀུན་འིས་བརྗོད༎ གཉེན་དང་བཛའ་བཤེས་
(27) ཕྱི་ན་ཚོལ༎ ཁང་ཁྱིམ་བཟང་པོ་འདུག་དབང་མྱེད༎ མ་ཚོར་
(28) བར་དུ་བདུད་ཀྱིས་ཁྱེར༎ བཟང་སྡུག་གཉི་ཤིག་འདུག་དབང་
(29) མྱེད༎ ལོ་བརྒྱའ་ཚེ་ཡང་འདྲོན་པོ་འི་ཞག༎ གཤིན་རྗེའྀ་
(30) སྦྲོན་འོས་སོ་སོར་ཁྱེར༎ ཤར་ནུབ་འདུལ་ཡང་ངོ་མྱི་ཤེས༎
(31) ཤག་ཉེར་ཀུན་འིས་བྱོལ་མྱི་བཏང༎ ལེགས་པ་འབའ་
(32) ཤིག་གྲོག་གྲོགས་ སུ་འོངས༎ གསོན་གྱི་ཚེ་ན་བཙན་ཕྱུགས་སྒྲུན༎
(33) ཤི་བ་འྀ་འོག་ལེགས་ཉེས་བསྒྲུན༎ མཐོན་མན་ཀུན་ཡང་སྡིག་ཡུལ་
(34) གཅིག༎ ལྷ་ཡུལ་སྒྲོ་མོར་ཆེ་ཆུང་མཚུངས༎ ལེགས་རྒུ་བྱས་ན་
(35) དཔལ་དུ་སྐྱེ། ཉེས་རྒུ་བྱས་ན་བྱུས་དུ་གྱུར༎ འདི་གཉིས་གང་བྱ་ཞིབ་
(36) དུ་བརྟོགས༎ ཤི་བ་ཡང་དག་ཐར་བ་མྱེད༎ བདུད་འོངས་ནད་འོངས་
(37) ད་གཟོད་སྐྲག༎ ལུས་སྲོག་གར་སྦ་བློ་མྱི་རྙེད༎ འགུག་ཅིང་སྦྲོན་བ་ཐད་
(38) དུ་འོངས༎ གཤིན་རྗེའི་བདུན་དུ་ཅི་སྐད་བཤག༎ དཀར་ཆགས་
(39) པླགས་ན་ལེགས་མ་བྱས༎ སྲིན་གྱིས་བཟུངས་ཤིང་ཟངས་སུ་བརྩོས་
(40) སྡིག་ཡུལ་ཀུན་དུ་ཁྱབ་པར་ཁྲིད༎ སྐྱིན་འདང་འབབ་དུ་སྡིག་མྱི་
(41) འབྱང༎ འཆི་བའི་དུས་ན་བཙན་ཉེན་མྱེད༎ སྐྱེ་དགུ་ཀུན་ཡང་གཅིག་མྱི་
(42) ཐར༎ གསོན་གྱི་ཚེ་ན་ལེགས་མ་བྱས༎ ཤི་བའི་འོག་དུ་བཞར་མ་རུངru[ng?]
(43) འདི་དག་གད་བྱ་ཞིབ་དུ་བརྟོགས༎ ལེགས་ཉེས་མྱི་ཤེས་གསོད་པ་དང༎ ཆང་
(44) ཐུང་བའི་ཚུལ་བཤད་པ༎ བདག་གྱི་ཆུང་མ་དགོས་མྱི་བྲིན༎ གཞན་གྱི་ཆུང་མ་
(45) གསེར་བས་བྲིན༎ ཡང་དག་བདེན་ཆོས་མྱི་རྟོག་ཅིང༎ ཕྲ་མ་ཁྲུགས་མ་
(46) མཆོག་དུ་འཛིན། ཤ་ཆང་གྲལ་ན་རན་འཛང་རྟོད༎ ཁྱལ་བའི་སྨྱོ་ཚིག་ཆེད་
(47) དུ་ཟེར༎ ལྷ་ང་ནང་དུ་སྡིག་མྱི་བཤག༎ བདེ་བའི་ཚེ་ན་ལྷ་མྱི་དྲན༎ ན་བའི་
(48) ཚེ་ན། ལྷ་ལྟོས། སྡིག་ཏོ་མྱི་ལ་ལྷ་མྱི་འགོ༎ ལྷ་ཆོས་ཐོས་ན་དཔྱས་སུ་
(49) འཛིན༎ ཤ་ཆང་མཐོང་ན་སྲོག་ཀྱང་བསྡོ༎ ལྷ་ཆོས་བྱེད་ནའ་འོན་ཞིང་རྣེགས་
(50) སྒྱུ་མའི་དོན་མྱེད་སུན་མྱི་འབྱིན༎ འཕྱོ་གཡམ་བྱེད་པ་སྐྱོ་མྱི་ཤེས༎
(51) མྱྀ་འི་མྱི་གྲངས་ཕྱུག་ཀྱི་ཆོས༎ སྡིག་ཡུལ་ཀུན་དུ་བཙལ་མྱི་དགོངས་
(52) སྡིག་ལམ་གསུམ་ལས་ཐར་མྱི་མྱོང༎ གནག་ལུག་ཀུན་བསད་ཟངསzang[s]
(53) སུ་བཙོས༎ ཁྲ་སྒྲིག་ཐོགས་ཤིང་རི་ལུང་རྒྱུག༎ གཞན་ལ་ན་
(54) ཚ་བདག་མྱི་ཚོར༎ པགས་བཤུས་ཤ་བཤས་སོ་སོར་ཟའ༎ འདྲེ་
(55) བཀྲེན་ཕར་སྤྱང་ལྟོགས་པ་འདྲ༎ ལྷ་ཆོས་མྱི་བྱེད་སྨྱོ་ཞིང་རྒྱུག་
(56) མྱི་འི་མྱི་གྲངས་འདྲེ་དང་མཚུངས༎ སྡིག་ཡུལ་ཀུན་དུ་བཙལ་མྱི་
(57) དགོས༎ བདག་ཀྱི་ལུས་ལ་ཚོགས་པར་ཡོད༎ སེམས་ཤན་ཐམས་
(58) ཅད་གསོན་པོར་འདོད༎ བསད་པའི་ན་ཚ་ཀུན་མྱི་དགའ༎ སྲོག་
(59) ལ་འཕངས་པར་ཆེ་ཅུང་མཚུངས༎ གཞན་འིས་བདག་བསད་ཤ་
(60) ཟོས་དཀའ་མྱི་དཀའ༎ དེ་ལས་སོམས་སྟེ་ལྷ་ཆོས་བྱོས༎
(61) ༄༅༎ ཆང་ཐུང་ཁྱེལ་བ་དུག་དང་མཚུངས༎ ཅི་ཡང་མྱི་དྲན་
(62) སྨྱོ་བའི་ཚུལ༎ བཞིན་འགྱུར་སྟབས་ཁྱེབས་ཚིག་མྱི་བདེན༎
(63) མཚོན་དང་ངག་ཤོར་སྲོག་ཀྱྀ་བདུད༎ སྐྱུགས་པ་ཁར་བྱུང་སླ་ཚ་
(64) བྲོ༎ ནང་པར་ལངས་ནས་ཉམས་མྱི་དགའ་ག+འ་ ༎ ལས་ཀྱི་བུན་བྱུང་
(65) ཉོན་རེ་མོངས༎ ཟས་ཀྱྀ་གྲོན་ཆེ་སོ་ནམ་སྟོང༎ ནམ་ཞིག་
(66) ལེགས་པ་ཞིབ་དུ་རྟོགས༎ ངན་པའི་ཚུལ་བཤད་པའ༎ ༎
(67) ཤ་ཟོས་ཆང་ཐུང་ཐབ་མོ་བྱེད༎ ཉིན་མཚུན་ངན་བྱེད་བདག་
(68) མྱི་ཚོར༎ འགྲམ་སྤུ་སྐྱེས་སུ་ཆོས་མྱི་བྱེད༎ བྱེད་བཞིན་
(69) བཟང་པོ་གཉེར་མར་གྱུར༎ ཁོང་ཞོམ་སྐྱིབས་དགུ་མངའ་
(70) མྱི་སྡུག༎ དམྱིག་མདོམས། རྣ་འོན་བཟང་མྱི་རིགས༎ [---]
(71) འདམ་ལག་འདར་འགྲོ་མྱི་ཕོད༎
(72) སྤྱི་ཆར་ཁ་བོག་རྡ་མྱི་ཕྲད༎ ཤ་ཟད་པགས་རྙིལ་སྐམ་ལ་ཐུག༎
(73) ཡར་ལང་མར་འདུག་གོག་ཅིང་ཕྱེ༎ བུ་ཚའི་སྙིང་དུ་ཕྱིར་མྱི་སྡུག་
(74) བསམ་ནའ་མྱི་དགའ་དགུན་མྱི་ཆད༎ བདག་ཤྀ་སྐྱིན་འབར་གཞར་
(75) མྱི་འགྲོ༎ འདུག་པའི་ལོ་གྲངས་ཟད་ཀྱིས་མྱེད༎ ད་ཅུང་ངན་
(76) བྱེད་བདག་མྱི་ཚོར༎ ལེགས་པའི་ཆོས་ཀྱང་ཟད་ལ་འདས༎
(77) ལེགས་པ་མ་མཐང་ད་དུང་སློབས༎ ༎ སྲྀ་ཞུའི་མདོ་བཤད་པའ༎
(78) ཕ་མ་མཐོང་ནའ༎ ཚིག་པ་ཟའ༎ བུ་སྨད་མཐོང་ན་དགའ་བར་
(79) འཛིན༎ ཕ་མ་བཙལ་ན་གཞན་མྱི་རྙེད༎ བུ་སྨད་བཙལ་བ་རྙེད་པཱ་པ+འ་ཪཱེཨཱཌ༔་པའྀ་
(80) སླ༎ ཕ་མྱེད་ན་ནི་མྱི་སྐྱེ་འོ༎ མ་མྱེད་ན་ནྀ་མྱི་སོས་སོ༎ མའི་བུ་
(81) གསོས་ཤིན་དུ་དགའ༎ ཐོག་མ་ཆགས་ནས་ཉམས་མྱི་བདེ༎
(82) མ་བྱུང་བར་དུ་ཉོན་རེ་མོངས༎ ཟླ་བའ་བ+འ་ ཚངས་ནས་བྱེ་བྲག་ཕྱིད༎
(83) ལུག་བསད་ཤ་གཞི་འོག་དང་འདྲ༎ གཡས་གཡོས་ཀུན་
(84) ཀྱང་ཁྲག་འིས་གང༎ ན་ཚ་མྱི་བཟད་ཤི་ལ་ཐུག༎ གཤེས་
(85) གྲང་མལ་དུ་མ་བདག་ཉལ༎ སྐམ་དྲོ་མལ་དུ་བུ་
(86) སྡུག་བསྙལ༎ མ་སྙིང་རྟག་དུ་བུ་ལ་ཆགས༎ སྐ་ཅིག་མྱི་
(87) བཟོད་ཉོན་རེ་མོངས༎ སྐྱེས་ན་ཆུང་མའི་ངག་ཉེན་ཅིང༎
(88) ཕ་མ་གཤེས་ན་དམྱིག་འོར་བྱེད༎ བུ་སྨད་མཐོང་ན་དགའ་
(89) བར་འཛིན༎ དེ་ལྟྀའུ་བུའི་སྡིག་ཡུལ་དུ༎ ཕྱིན་ཅིང་ནམ་
(90) དུ་ཡང་ཐར་མྱི་མྱོང༎ དེ་ལས་སོམ་སྟེ་སྲི་ཞུ་བྱོས༎ ་ལེག་ལེགས་
(91) ཉེས་ཀྱི་མདོ་བཤད༎ ་ལེག་ལེགས་ པ་མྱི་ཤེས་གསོད་དགའ༎ ཀུན་
(92) ལ་དངན་བྱེད་འདྲེ་དང་འདྲ༎ བྱམས་གཤིང་ཤིང་ ཀུན་གསོས་
(93) ལྷ་དང་མཚུངས༎ ནལ་གཡམ་རྩོག་པའི་མྱི་དག་
(94) ལ༎ ལྷ་མནོལ་ཞིང་ནི་བྱུར་དུ་འགྱུར༎ མྱི་གཡམ་ཁོང་
(95) གཙང་ཡ་རབས་ཐུ༎ ལེགས་དགུ་སྤྱོད་པ་དཔལ་དུ་སྐྱེས་
(96) གྲོགས་པོ་རྟག་པར་ལྷ་དང་འགྲོགས༎ རྐུན་ཕྲོག་
(97) བྱེད་པ་ཀུན་ཀྱི་གཅན༎ རྐུ་བར་མྱི་བསམ་ཀུན་ཀྱིས་
(98) བསྟོད༎ རྩོད་པར་མྱི་འདོད་ཉམས་སྙིང་བདེ༎ ཁྲོག་གཏུཾ་
(99) ཞེ་སྡང་འཁོན་ཀྱི་ཚང༎ ཀུན་ཀྱང་མྱྀ་འདུམ་སྲིད་ཀྱི་གཞིས་
(100) ཁོང་མཉེན་ཚིག་འཇམ་ལེག་ལེགས་ ཀྱི་གཉེན༎ མང་པོ་མདུ་
(101) བ་ལེགས་ཀྱི་སྣོན༎ རྫུན་ཅེན་ཕྲ་མ་སྲིད་ཀྱི་གདོན༎
(102) བྱམས་པའི་མདོ་མྱེད་འཁྱམ་བ་ཡིན༎ འཕྲུལ་ཀྱྀ་བྱིག་
(103) ཤུས་ཕྱི་མ་ལ་བསྟན་པའྀ་མདོ་རྫོགས་སོ༎
(104) ༄༅༎ གནའ་དང་པོ། གཞེ་ཐོག་མ། དམུ་དང་ཕྱྭ་གཉེན་བའི་འཚེ། ཕྱྭ་འི་ཕོ་ཉ་དམུ་འི་ཐད[tha?]d དུ་མཆིས་པའ།
(105) དམུ་འིས་བཀའ་སྩལ་པ། ངེད་ཀྱི་དམུ་ཡུལ་འདི་དག་ན། དགའ་ལྷ་བྱེད་ནི་ནམ་མྱི་ནངས་ལ། དྲོ་ཉི་འོད་ཀྱིས་
(106) ནི། མུན་མྱི་སྲོས་པའི་ས་ཡུལ་འདི་དག་ནི། གཡའ་མཐའ་ནི་གངས་ཀྱིས་བསྐོར། མཐིང་མཐའ་ནི་དག་གྱིས་
(107) བསྐོར་ཏེ། མཐོ་སྟེ་བྱ་མྱི་ལྡིང་ལ། དམའ་སྟེ་བྱི་མྱི་ཟུལ་བའི་གྲ་གྲུ་འདི་དག་ན༎ ཆུ་ཆུན་[ནོང?]ནོར་ བུ་དག་
(108) སྦྲོན་དུ་འོངས་པའི་མཆིད་ན་རེ། ཕོ་བྲང་ཁབ་སྒོ་ན། བང་ངེ་བུང་ངེ་སེ་རུ་ལོང་ལོང། ནེའུ་བུན་བུན་པོ། མྱི་ཅུང་པོ་ཀ་
(109) ཙམ་ལ། རྟ་ཅུང་ལྒོ་བ་ཙམ་ཁ་ཅིག་གདའ་འོ་སྐད་ན༎ མྱི་ནི་སུ་འི་མྱི། བྱོན་ནི་གང་ནས་བྱོན། དོན་ནོ་སུ་
(110) ལ་གཉེར། དྲག་དུ་རྨེད་པས། ཞིབ་དུ་སྤྲིངས་ཤིག༎ ༎ ཕོ་ཉས་ལན་བཏབ་པའ་པ+འ་ ། བདག་
(111) ཅག་ནི་འཕྱྭ་འི་འབངས། ཕྱྭ་འིས་བཀའ་སྩལད། རྗེ་ནི་ཞུ་ཕུད་ནས། མགོ་ནག་འགྲེང་ལ་རྗེ་མྱེད་
(112) རྗེ་སྐོས་ལ། རྔོག་ཆགས་དུད་ལ་ཁྲམ་ཐོབ་ཅིག་ཅེས་བཀའ་སྩལད་པ། འདེབས་ཤིང་མཆི་བའི་
(113) ཤུལ་ཀ་ན། བབ་དམུ་ཡུལ་དུ་བབ་སྟེ། དགའ་ནི་ལྷ་བྱེད། དྲོ་ནི་གཉེན་བྱེད། ཡར་ནི་ལྷ་མཆོད། མར་ནི་[སྲི?]
(114) གནོན་བའི་ཐད་ཀར་བབ་སྟེ༎ བདག་ཅག་ངན་པ་ཡང་ལྷ་ལ་ནི་ཡོན་འབུལ། དམུ་རྗེ་ལ་ནི་བཀོད་ཙམ་
(115) འབུལ་ཞིང་སྤྱང་ངར་མཆིས༎ པའི་ཕོ་ཉ་ལགས༎ ། དམུ་རྗེས་བཀའ་སྩལད། པའ༎
(116) མྱི་ཁྱོད་ཅག་ཀྱི་བཀའ་མཆིད་ལ། གཡོ་སྒྱུས་བསྣན་པའི་ཤོ་གེ་དག་རབ་དུ་ཆེ་བས། ཤུལ་ནེར་བར་བྱོན་བ་
(117) འདྲ། ནོར་ཚབས་དག་རབ་དུ་ཆེ་བས། སྔར་གི་ཤུལ་གང་ལགས་པ་དེ་ཁོ་ཟུང་ལ་སླར་གཤེགས་ཤིག༎ ཕོ་ཉས་
(118) ལན་བཏབ་པའ་པ+འ་ ༎ བདག་ཅག་རྩང་སྨད་མདོ་ནས་ཚུར་མཆིས་ན། ཤུལ་ཡང་ནོར། ཏེ༎ རི་རོང་ནི་སྩུབ། ཆུ་རྫབ་
(119) ནི་ཆེ། མྱི་དང་མཇལ་པ་ལས། སྐྲ་ནི་འཁམ་པ་དམྱིག་ནི་སེར་བ། སྐད་ནི་འཛེར་བ། རྐ་ལག་ནི་ཁྱོར་བ་
(120) ཅིག་དང་མཇལ་ཏེ། སུ་འི་མྱི་ཞེས་བདག་ཅག་ལ་འདྲི་འོ། བདག་ཅག་ཀྱིས་ཀྱང། དྲང་པོར་སྨྲས་ཏེ། དམུ་འི་ཡུལ་དུ་
(121) ཕྱྭ་འི་ཕོ་ཉར་མཆི་ཞེས་བགྱིས་ན། ཁོ་འི་མཆིད་ནས། འོ་ན་ཁྱོད་ཅག་ནོར་པར་འོངས་ཏེ། ཡུལ་འདི་ནི་
(122) སྲིན་གི་ཡུལ་གིས༎ དམུའི་ཡུལ་ནི་ཤར་ལྷོ་འི་ཚམས་ན་ཡིན་བས། དེ་ལྟར། སོང་སྐད་ནས་ཤུལ་
(123) བསྟན། ཏེ། ད་ལྟར་དམུའི་ཡུལ་འདབ་དུ་འཕེབས་ན། མྱི་དང་མཇལ་ན། མྱི་མགོན་པོ་བས་ལེགས་
(124) སྐད་མདངས་ནི་འབྲུག་སྐད་པས་ཆེ་ལ་སྙན། དྲི་གསུང་ནི་སྤོས་ཀྱི་དྲི་བས་གདའ་འོ། ད་རྗེ་འི་སྤྱ་ངར་སྐུ་
(125) བླ་ལ་ཡོན་འབུལ། དམུ་རྗེ་ལ་བཀོད་ཙམ་འབུལ་ཞིང་ཞལ་མཐོང་བར་ཅི་གནང༎ ༎ དམུ་རྗེས་
(126) བཀའ་སྩལད་པ། ངེད་ཀྱི་ཡུལ་འདི་དག་ན། ས་འཚམས་ཀྱི་སྟག་འཕྲེང་ཁྲི་སྐུགས་དག་ན། གླེས་པ་སྟག་དང་
(127) གཟིག། དོམ་དང་དྲེད་ལས་བསྩོགས་པ་མང་པོར་མཆིས་ན། དེ་ཀུན་གཅིག་དང་ཡང་མ་ཕྲད་ན། ཁྱེད་ཅག་གནམ་ནས་འོངས་
(128) ན་ནི། ཕུར་བའི་འདབ་ཤོག་མྱེད་ལ། ས་ལས་འཛུལ་ཏེ་འོངས་ན་ནི་བྱི་བ་མ་ཡིན་ན། ཁྱེད་ཅག་གི་ཚིག་ལ་ཟོལ་མང་
(129) བས་སླར་གཤེགས་ཤིག༎ ༎ ཕོ་ཉས་ལན་བཏབ་པ། བདག་ཅག་ངན་པ་ལ་སྒྱུ་དང་ཟོལ་མ་མཆིསmch[is] །
(130) དམུ་རྗེ་འི་སྟག་ཕྲང་གཟིག་ཕྲང་ན། གླེས་པ་སྟག་གཟིག་དང་ཡང་མཇལ། དོམ་དང་དྲེད་དང་ཡང་མཇལ།
(131) ལ་ལ་ནི་བཙས་ཕུལ། མྱི་ལ་ནི་ཡོན་ཕུལ་ནས། བདག་ཅག་ངན་པ་ལ་ཤུལ་བསྟན་ནས། དམུ་རྗེ་འི་སྤྱ་ངར་མཆིས་
(132) པ་ལགས༎ ༎ དམུ་རྗེས་བཀའ་སྩལ་པ༎ ཁྱེད་ཅག་གི་ཚིག་ལ་ཡོང་ཟོལ་ཡོད་པས། ངེད་
(133) དམུ་འི་གཅན་པ་གླེས་པ་ལྕགས་ཀྱི་མྱི་རྟ་ཞུབ་རླུང་ལྟར་ནི་ཕྱོ་ལ། གློག་ལྟར་ནི་མྱུར་བ། ལྕགས་ཀྱི་རི་བོང་ལ་ལྕགས་ཀྱི་
(134) ཁྲ་བཀྱེ་སྟེ། སྟེ་ལེན་དུ་ལེན་བ་དག་ཀྱང་ཡོད་ན། དེ་ཀུན་གཅིག་དང་ཡང་མ་ཕྲད་ན། ཁྱོད་ཅག་ཀྱི་ཚིག་ཡང་བརྫུན་དང་ཟོལ་མཆིས་
(135) པས། སླར་གཤེགས་ཤིག༎ ༎ ཕོ་ཉས་ལན་བཏབ་པ༎ བདག་ཅག་ངན་པ་ལ་རྫུན་དང་ཟོལ་མ་མཆིས། ལྕགས་ཀྱི་མྱི་
(136) རྟ་ཞུབ་ལྕགས་ཀྱི་ཁྲ་བཀྱེ་བ་གློག་ལྟར་མྱུར་བ་དང་ཡང་མཇལ་ཏེ། ལྕགས་ཀྱི་ཐུར་མ་ལ། ལྕགས་ཀྱི་རི་བོང་གཏུར་ནས་བསྲེག་
(137) ཤ་བགྱིད་པ་དང་ཡང་མཇལ། མཛོ་མོ་དཀར་མོ་ཞིག་བཤས་ཏེ། མཞུག་མ་མ་བཅད་པ་དང་ཡང་མཇལ་ནས། དེ་ཀུན་ལ་ཡང་
(138) ཕྱྭའི་བཀའ་རྟགས་དང་སྐྱེས་རངས་ཕུལ་ཏེ། རྟ། རྒལ་ནས་མཆིས་ན། ད་སྐུ་བླ་མྱི་མཐུར་མྱི་གཡོ་བའི་ལྷ་ཡོན་ཙམ་འབུལ་དུ་
(139) མཆིས་ན། ལྷ་ཞལ་ཙམ་མཐོ་ཞིང་ཕྱག་ཆུད་པ་ཙམ་དུ་ཅི་གནང༎ ༎ དམུ་རྗེས་བཀའ་སྩལ་པའ་པ+འ་ །
(140) འོ་ན་ཕྱྭ་འི་ཕོ་ཉ་ངེད་ཀྱི་སྐུ་བླ་ལ་མཆོད་གསོལ་དུ་འོངས་ན། མཆོད་པའི་རྐྱེན་ཅི་ཡོད། འཇང་སྨྱུག་མཆོད་
(141) ལ། ཐང་ཀར་ཡུག་གྱིས་བསྒྲོན་བ་ལྷ་མདའ་ཡོད་དམ་མྱེད། ལྷ་མདའ་འི་རྐྱེན་རྒྱ་དར་རིས་ཕྲན་ཡུག་ཀྱིས་
(142) བཏགས་པ་ཡོད་དམ་མྱེད། གསེར་ཁ་མ་བླངས་པ་ཡོད་དམ་མྱེད། གཡུ་འི་སླག་ཅེན་ཡོད་དམ་མྱེད། སྔོན་མོ་
(143) འབྲུ་བདུན་ལ་ཁལ་དགུ་ཡོད་དམ་མྱེད། སྔོན་མོ་འདིང་དིང་འབྲས་ཀྱི་ཁུ་ཁལ་དགུ་ཡོད་དམ་མྱེད། མཐུད་གོང་
(144) གོང་མོ་ཙམ་མཆིས་སཾ་མ་མཆིས། མར་གི་སྲེག་ཤ་སྲེག་པ་ཙམ་མཆིས་སམ་མ་མཆིས། ཨོ་མའི་
(145) གདར་བྲེ་ཁ་ཙམ་མཆིས་སམ་མཆིས། ལྷ་ལུག་ངོ་མར་མཆིས་སམ་མཆིས། ལྷ་རྟ་སྙན་ཀར་མཆིས་
(146) སམ་མ་མཆིས། ལྷ་འབྲི་ཟལ་མོ་མཆིས་སམ་མ་མཆིས། ལྷ་གཡག་ཤམ་པོ་མཆིས་སམ་མ་མཆིས།
(147) དམུ་རྗེ་ལ་ཡང་སྐྱེས་རངས་རྫོགས་པར་མཆིས་སམ། དམུ་བློན་ལ་ཡང་སྐྱེས་རངས་རྫོགས་པར་མཆིས་ན།
(148) འདྲོན་པོ་དག་ཀྱང་དགུང་མཐའ་སྐོར་སྐོར་ནི། རྒོད་པོ་མཐའ་ཟགས་ལ། དོག་མཐཱ་མཐའ་ སྐོར་བསྐོར་ནི་མཚལ་
(149) བ་ཐིལ་རྡོལ། མྱི་ནི་ཆད་རྟ་ནི་ངལ་ན་ཡང། ར་མའི་འདབ་ཙམ་དུ་གདབ་དུ་གནང། སྐུ་བླ་ལ་ཡང་ཡོན་འབུལ་
(150) དུ་གནང་ངོ༎ ༎ ཞུ་བ་རྣམ་འག་འགའ་ སྙན་དུ་ཞུས་ཏེ། བཀའ་གཉན་པོས་ལུང་དུ་སྩལ་ཏེ་གནང་
(151) བ། གཏང་རག་སྤྱི་བོ་གཙུག་གྱིས་འཚལ་ཞིང་མཆིས་སོ༎ ༎ ༄༅༎ སྐུ་གཉེན་ཕྱོགས་ཀྱི་
(152) ཞ་སྔ་ནས། མང་ཞམ་ཉིད་ཀྱིས་མཆོད་གསོལ་པ༎ བདག་ཅག་ངན་པ་ལྟ་ཤིག་མཆིས་པ། བུས་བ་ངན་པ་
(153) འགའ'ga['] ཞིག་རྐང་རིངས་ཏེ་སྐྱེས་ན། ཁྱེད་ཀྱི་ཞམ་འབྲིང་འདབ་དུ། རིང་བའི་ནི་སྲབ་མདའ་འཛིན་པ་འམ། ཐུང་བའི་
(154) བའི་ནི་ཡོབ་ཅེན་གི་རྟེན་ཙམ་འམ། མཚན་མོ་ནི་གཡང་མོ་འི་མཐའ་སྐྱོང་བ་ཙམ་དུ་འབུལ་བར་བསཾས་
(155) ཏེ། རྐོ་[---] [རྣམ?]འགའ'ga['] ཙམ་ཞུས་ན། ཡང། རྐོ་ལོང་དུ་མ་བརྩིས་ཏེ། བཀའ་ཆད་ཀྱིས་མ་བཀུམ།
(156) གཤེགས་སུ་གནང་བ་གློ་བ་དགའ༎ དེ་འི་རྗེས་ལ་མྱི་དང་འདྲ་བའི་གདན་ཚབ་འམ། གསོལ་དུ་རུང་བའི་
(157) བཤོས་[སྐྱེམས?]ནི་ཅི་ཡང་མ་འབྱོར་ལགས་ན་ཡང། བྱེའུ་ཚང་དུ་རྒྱལ་གཤེགས་པ་དང་མཚུངས་ཏེ། གདུགས་
(158) ཚོད་མ་ཁོངས་པའི་ཐོག་དུ། གྲང་མོ་ཞལ་བུ་རེ་རེ་ཞིག་སྐུ་ལ་དམྱིགས་ཤིང་མཆིས་ན། ཆུངས་ཀྱིས་
(159) བཀའ་མྱི་འབབ། བཞེས་པ་ཙམ་དུ་ཅི་གནང༎ ༎ བདག་ཅག་ངན་པ་མཆིས་
(160) པ་ཡང་དེང་གི་གདུགས་ལ། འདི་འདྲ་བའི་བཀའ་ལུང་གཉན་པོ་གཡར་དུ་སྩལ་པ་ཡང། གཡར་ཚོད་མ་
(161) མཆིས༎ བདག་ཅག་ཀྱི་ཡབ་ཁུ་དག་ཀྱང་མ་རྫོགས༎ ཡབ་ཁུ་དག་དང་བཀའ་གྲོས་བགྱིས་ལ་
(162) དེ་ནས་ཁྱེད་ཅག་ལ་བཀའ་ལུང་དག་སྦྱིན་གིས༎ ༎ སྐུ་གཉེན་འཕྲུལ་གི་ཞ་སྔ་ནས།
(163) དེང་གི་གདུགས་ལ་གོར་བུ་འི་ཞབས་ཚེགས་ལ་མ་གཟིགས་ཏེ་གདན་གཤེགས་སུ་གནང་བ་གློ་བ་
(164) དགའ། བདག་ཅག་ངན་པ་ཡང་ལྷ་ཞལ་ཙམ་མཐོང། ལྷ་བཀའ་ཙམ་ཉན་ཅིང་མཆིས་ན། བཀའ་
(165) སྩལ་པ་ཙམ་དུ་ཅི་གནང༎ ༎ དེ་ལགས་ཁྱེད་འོ་སྐོལ་མཆིས་པ་ཡང། ཕུ་ནི་སྟོང་སྡེ།
(166) མདའ་ནི་རྒྱ་སྡེ། རྗེ་གཅིག་གི་འབངས་ལ་ཡུལ་ཅྀག་གི་ནི་མྱི། ས་ཅིག་གི་འབྲས། རི་ཅིག་གི་
(167) རྡོ། ཁྱེད་འོ་སྐོལ་ལ་དབྱར་མྱེད་པས། ཁྱེད་ཀྱིས་ནས་ཀྱང་ཅེའུ་ཡག་དང་ལོག་མེན་དག་ལྟོས། རུང་
(168) ཞིང་ཤིས་པར་གྱུར་ན། བདག་ཅག་[---]བཀའ་གྲོས་དག་བགྱིས[b]gyis ལ། ཁྱེད་ལ་བཀའ་ལུང་དག་སྦྱྀན་གིས།