Old Tibetan Documents Online བོད་ཡིག

Text Archive > Pt_0983

Pelliot tibetáin 983
    This Text All the Texts Find both and  

1. Content : Tibetan version of Rāmāyana stories

2. Note : concertina. The beginning and the end are missing. 5 folios with 4-5 lines on each sides. Recto, 20 lines and verso 24 lines of a part of Tibetan version of Rāmāyana stories

3. References :

Balbir (1963) [I.Translit.,I.Trans.], de Jong (1971) [I.Translit.,I.Trans.], de Jong (1977) [I.Translit.], de Jong (1989) [I.Translit.,I.Trans.].

Transliteration   (Change the Display Format)

(r1-1) གྱི་gyi is written in the margin ཟང་ཟིང་སྤངས་ཏེ༎ དྲང་སྲོང་བྱ་བར་དམ་བཅས་པས༎ རྒྱལ་སྲིད་མྱི་འདོད་ཅེས་སྨྲས་པ་དང༎ ལག་ཤ་ནས་གསོལ་ས+ལ་ པ༎
(r1-2) དྲང་སྲོང་མཛད་པར་དམ་བཅས་ཏེ༎ རྒྱལ་སྲིད་བཞེས་པར་མྱི་གནང་ན་ཡང། ཁྱེད་ཀྱི་ཆགས་གཅིག་རྒྱལ་པོའི་གདན་
(r1-3) དུ་བཞག་སྟེ༎ བདག་གྀས་ཆགས་གོག་གི་འབངས་ཀྱི་བློན་པོ་ཆེད་པོ་བྱའོ་ཞེས་གསོལ་ནས༎ ར་མ་ནའི་ཆགས་
(r1-4) གཅིག་སྐུར་ཏེ༎ རྒྱལ་པོའི་གདན་ལ་བཞག་ནས༎ ལག་ཤ་ནས་བློན་པའི་ལས་བྱེད་དོ༎ དེ་ནས་རེ་ཤིག་ན་བུ་མོ།
(r2-1) རོལ་རྙེད་མ་ནར་སོན་ཏེ་འཇིག་རྟེན་ན་བུ་མོ་དེ་ལས་བཟང་ཞིང་མཛེས་ཆགས་ལ་སྡུག་མྱེད་ནས༎ ཞིང་པ་རྣམས་
(r2-2) ཀྱིས་བསམ་པ༎ བུ་མོ་འདི་ལྟ་བུ་བཟང་ཞིང་སྡུག་པ་མྱི་ཕལ་ལ་ནི་ཕངས་ཏེ་མྱི་སྦྱིན་ན༎ བུ་མོ་འདི་ཟླར་རུང་བའི་སྐྱེས་པ་
(r2-3) འག་ཞིག་བཙལ་ཏེ་རྙེན་རྙེད་ ན་སྦྱིན་ནོ་ཞེས་ཀུན་གྱིས་ཕྱོགས་བཅུར་བཙལ ཏེ སྨྲས་པ་དང༎ ར་མ་ན་དང་ཕྲད་དེ་བལྟས་
(r2-4) ན༎ མྱིར་སྐྱེས་པ་ལ་དེ་ལས་བཟང་ཞིང་བཀྲག་ཅེ༎ སྦྱིབས་ལེགས་ལ་མདོག་སྡུག་མདངས་མཛེས པ གཞན་
(r3-1) དུ་མྱེད་པ་ཞིག་ནས༎ འདི་ནི་རོལ་རྙེད་མའི རོགས སུ་རུང་ཞེས་དཕྱད་དེ༎ བུ་མོ་ཁྲིད་ནས༎ ར་མ་ནའི་གན་དུ་འོངས་ཏེ་གསོལ་བའི་ཚིག་ལ།
(r3-2) སྐྲ་ནྀ་མཐོ་འཏྀང་དམྱིག་ནི་ཨུད་དཔལ་ལ༎ ཚངས་པའི་དབྱངས་ལྟར་ཁ་དོག་རྣམ་པར་དག༎ འཕྲལ་བ་རྒྱན་མཆོག་མཛེས་
(r3-3) པ་དབྱིབས་སུ་ཤིས༎ དཔལ་ལྡན་དྲི་མྱེད་པད་མོ་མཆོག་ལས་སྐྱེས༎ ལུས་ནི་རྣམ་པར་ཡན་ལག་ཡེ་ནས་མཉན༎ ལུས་
(r3-4) ཀྱི་དབྱིབས་ལེགས་ཡན་ལག་ཡོངས་སུ་ཚང༎ གསེར་གི་གཟུགས་ལ་ནོར་བུ་ཕྱིས་པ་འདྲ༎ ཕྱོགས་ཀུན་འོད་ཀྱིས་
(r4-1) རྣམ་པར་གསལ་བར་གདའ༎ ལུས་ལ་ཆ་འདན་རྒྱལ་པོ་སྤོས་ཀྱི་དྲི༎ འགྲོ་ལྡན་ལྷ་རྫས་ཡིད་དུ་འོང་བརྗོད་པའི་ཚེ་
(r4-2) གཡར་ནས་ཨུད་དཔལ་ལྷའྀ་ངད་ཀྱང་ལྡང༎ འདི་ནི་གང་ཚེ་འཛུམ་ཞིང་རྒོད་d is written interline, probably in order to read dgod པའྀ་དུས༎
(r4-3) བྱུང་བར་འགྱུར་' is written interline ༎ བུད་མྱེད་རྀན་ཅེན་འཇིག་རྟེན་འདིར་བྱུང་ན༎ མཐ་མ་ཀུན་གྱི་དབང་དུ་གྱུར་མ་ལགས༎ ཁྱོད་ལ།
(r4-4) མ་གཏོགས་པ༎ མྱིའི་འཇིག་རྟེན་ན༎ འདི་བདག་པོ་གཞན་ན་གཅིག་མ་མཆིས༎ མཚན་བརྒྱའྀ་སྐུ་གཟུགས་མཛེས་མངའ་བ༎
(r5-1) ཡོན ཏན སྣ་ཚོགས་ལྡན་བའྀ་སྐུ༎ ཁྱོད་ཀྱི་ཞ་སྔར་བུ་མོ་འདི་འབུལ་ན༎ སྣ་ཚོགས་ལོ་མ་ཡན་ལག་རྒྱས་གྱུར་ཅིག༎
(r5-2) ཤིང་དང་མེན་ཏོག་མདོག་སྡུག་རྒྱས་པའི་མདོག༎ རྒྱན་དང་ཆས་ཤིང་ཤིན་དུ་ཡྀད་དུ་འོང༎ རྀན་ཅེན་དར་པས་
(r5-3) ཀླུབས་པ་འདྀ། བཞེས་ཤེག་ཅེས་བསྟོད་ཚིག་དང་བཆས་པར་ཕུལ་བ་དང༎ ར་མ་ནས་གཟིགས་ན། བུད་མྱེད་དེ མྱྀར སྐྱེས་པ་ལ།
(r5-4) དེ་ལས་བཟང་ཞིང་ཡོན་ཏན་དང་ལྡན་ཏེ་ཡིད་དུ་འོང བ མྱེད་ནས༎ ཆགས་པའི་དབང་གིས༎ དྲང་སྲོང་གི་དཀའ་ཐུབ་ལས་
(v1-1) པ་དང་སད་དེ་ཡང་གཤེས་ནས༎ རྨད་འདོར་ཞིང་འདི་སྐད་དུ་གསུངས་སོ༎ ད་ཚམ་བཟང་མོ་ཡིད་འོང་གདུང་བའི་
(v1-2) མཆི་མ་དཀྱུས་རིངས་སྤྱན་བཀྲ་ནས༎ ཟླ་ཞལ་དག་ལ་དབབ་ལྟར་འདྲིལ་བ་སྙམ༎ གཉི་ཟེར་ལྟ་བུའི་མཁྱེན་
(v1-3) པའི་ཐུགས་ངན་གྱིས༎ མཚན་ཚ+ན་ མོའི་མུན་པ་བཞིན་དུ་གྱུར་བ་སྙམ་ཞེས་གསུང་ཞིང་བཞུད་པ་ལས། ལུང་
(v1-4) པ་གཅིག་གི་མདོར་ཕྱིན་ན༎ ཆབ་ནག པོ ཞྀག་འབབ་ནས། གཅུང་སྐྱེམས་ཏེ་བཐུང་ཞེས་བྱས་པ་དང༎
(v1-5) གཅེན་གི་ཞལ་ནས་འདི་སེམས་ཅན་ཆེད་པོའི་ཁུ་བ་ཡིན་ཏེ་བརྩོག་གིས་མ་འཐུང་ཞིག་ཅེས་བགྱིས་
(v2-1) པ་དང༎ གཅུང་གི་མཆིད་ནས༎ ཅི་ལྟར་སེམས་ཅན་ཆེན་པོའི་ཁུ་བ་ལགས་ཤེས་དྲིས་པ་དང།
(v2-2) བསྟན་གིས་འདོང་ངོ་ཞེས་གསུངས་ནས། ལུང་པའི་ཕུར་ཕྱིན་ན་སྤྲེའུ་འཕགས་པར་ཆེད་པ་ཞྀག་སྣང་དེ།
(v2-3) ཉལ་ནས་ངུ་ཞྀང་འདུག་པའི་ཁ་ཆུ་དང་སྣ་ཅུ་དང་མཆི་མ་ད་ཅིའི་ཆུ་ཡིན་ནས༎ སྤྲེའུ ཁྱོད སུས་བསད་རྡེག་ཤེས་
(v2-4) རྨས་rma is written interline པ་དང་བདག་ནྀ་སྲེའུ་སྤྲེའུ་ གི་རྒྱལ་པོའི་བུ། བདག་ཅག་སྤུན་གཉིས་ལ། བདག་གི་ནུ་བོ་སྟེ་འགྲིན་
(v2-5) བཟངས་ཞེས་zhe is written interline བགྱི༎ བདག་གི་ཕོ་བོ ནྀ འབའ་ལི་ཤེས་བགྱི་སྟེ༎ རྒྱལ་སྲིད་ལ་རྟོད་པ་ལས་ཕོ་བོ་སྟོབས་ཆེ་[བ]
(v3-1) སྟེ་བདག་རྡེགས་སོ ཞེས མཆིའོ༎ དེ་ནས་རྒྱལ་པོས་བུད་མྱེད་འདི་ལྟ་བུ་ཞིག་མཐོང་ངམ་ཞེས་དྲིས་པ་དང༎ བདག་ནི་
(v3-2) བྲོ་འཚལ་པའྀ་མྱ་my<I>a ངན་གྱིས་གཏུངས་པས་མ་མཐོང་ནའ༎ བདག་གི་སླད་འཁོར་ན༎ སྤྲེའུ་གསུམ་མཆིས་པ།
(v3-3) ཁྱེད་གདའ་བ་དང། བྲོས་ནས༎ ད་ལྟར་རྀ་གྲོད་ཡ་བི་ན་མཆིས་ཏེ༎ དེ་རྣམས་གྱིས། དེ་ཨཱིཏ་བུ་ཞིག་མཐོང་བར་གླངས་g<I>angs
(v3-4) པ། ཐོས་ནའ། རྨར་གསོལ་ཞེས་ཟེར་བ་དང༎ རི་གྲོད་དུ་བལྟས་པ་དང༎ སྤྲེའུ་ཆེ་གསུཾ་གདའ་སྟེ། ངེད་གནོད་
(v4-1) པ་མྱི་བྱེད་གྱིས། མར་ཤོག་ཅིག་ཆེས་བགྱྀས་པ་དང༎ སྤྲེའུ་གསུཾ་ཡང་དེར་r is written interline འོངས་ཏེ་རྨས་པ་དང༎ སྤྲེའུ་
(v4-2) ན་རེ༎ གཞེ་ནིང་སྣ་ཞིག་གི་དུས་ན། མྱི་མགོ་བཅུ་ཐམ་བ་ལ་མགོ་དང་པོ་རྟ་མགོར་འདུག་པ་གཅིག་གིས་
(v4-3) བུད་མྱེད་སྨན་བཞིན་གཅིག ས་བཞྀ་གཞྀ ཐ་གི་ཚམ་གི་སྟེང་དུ་བཞག་སྟེ༎ བཙུན་མོ་འི་ཞལ་ནས་འདྀ་སྐད་མཆྀ་འོ༎ བདག་ནྀ་
(v4-4) རྒྱལ་པོ ར་མ་ནའྀ་བཙུན་མོ་དམ་པ་སི་ཏ་ཡིན༎ མཐུ་ལྟན་གང་ཞིག་བརྩེ་བར་མྱི་དགོངས་འམ༎ མྱི་སྡུག་གཟུགས་ཅན།
(v4-5) འདི་ལས་ཕྲོག་ཤིག་ཅེས་མཆི་ནས༎ ནམ་ཀ་ལ་ཁྱེར་ཏེ་བྲོས་ཏེ་མཆིས་སོ༎ ཞེས་བྱས་པ་དང་རྒྱལ་པོ་
(v5-1) ར་མ་ནའི་ཞལ་ནས་འགྲིན་བཟངས་གི་དན་རོགས་བྱས་ཏེ༎ རྒྱལ་སྲིད་དུ་གཞུག་ན༎ ཁྱེད་ཀྱིས་ངའི་།
(v5-2) བཙུན་མོ་བཙལ་བའི་དན་རོགས་བྱ་བར་དམ་བཅའ་ཞེས་བྱས་པ་དང༎ མགྲིན་བཟངས་ན་རེ༎ རྒྱལ་པོས་བདག་གི་
(v5-3) དན་རོགས་བགྱིས་ན༎ བདག་གིས་ཀྱང་རྔོ་ཅི་ཐོག་གིས་བཀའ་སྩལ་པ་བཞིན་ཉན་ཞེས་གསོལ་པ་དང༎
(v5-4) བྲོ་གཙིགས་བཟུང་སྟེ༎ སང་གི་ཉིན་པར་ཐབ་མོ་བགྱིད་པར་དུས་བཏབ་སྟེ༎ སྤྲེའུ་གཉིས་ཐུག་ཅེས་བཀྱེ་བ་དང།
(v5-5) རྒྱལ་པོས་མདས་འཕང་བར་བགྱི་བགྱི་ན་ལྟད་མོ ལ གཡེངས་g.ye<b>ngs སྟེ། མདའ་མ་འཕངས་ནས༎ འབའ་ལྀས་འགྲིན་