Old Tibetan Documents Online བོད་ཡིག

Text Archive > Pt_1096

Pelliot tibétain 1096
    This Text All the Texts Find both and  

1. Content : Judicial document regarding a missing horse.

2. Note : Sheet. Complete text. Recto, 31 lines with 8 illegible round vermilion seals at the bottom. Verso, 3 lines in Tibetan with 1 flower-shaped sign, two texts (3 lines and 4 lines) in Chinese. Cf. Catalogue VI (74-75).

3. References :

Choix II (pls. 440-441)

Lalou (1939-1961: II, 59) [P.Translit.],Wang and Chen (1988: 174-175 in Chinese, 364-368 in Tibetan) [I.Translit., I.Trans.].

Transliteration   (Change the Display Format)

(r1) ༄༅༎ འབྲུག་གི་ལོ་འི་སྟོན་སླ་བ་ཅུངས་གྱི་ངོ་ལ༎ ཨན་བཙན་ཟིགས་ཚན་གྱི་རྟ་གཅིག༎ ཕོ་ཉ་གཞམས་
(r2) ཁོང་ཁྲི་འཙལ་ཅིང། པར་ཀོག་གི་ཚུགསུ་ཚུགས་སུ་ མཅིས་ནས༎ སླར་ཟློགས་པའི་རིགས་པ་ལས༎ སླུངས་གྱི་དཕོན་ཕ+ན་
(r3) སྣ་ཚུགས་ཕོན་ལ་སྩོགས་པ༎ རྟ་ཕྲོགསྟེ་ཕྲོགས་ཏེ་ཚུགསུ་ཚུགས་སུ་ བཞག་པ་ལས༎ སྟོར་ཆེས་མཅིསྟེ་མཅིས་ཏེ་ ༎ རྟ་སླར་མ་
(r4) སྩལ་ནས༎ སླུངས་གྱི་རྟ་རྫི་ལི་ཨབ་སབ་ཉང། བཟུངསྟེ་བཟུང་སྟེ་ རྨས་པ་ལས༎ སླུངས་ཚུགསུ་ཚུགས་སུ་ རྟ་བདག་ཆག་
(r5) གིས་བཞག་པ་ཡང་མད༎ ལི་ཞེན་འདོ་ལ་གཐད་པ་ལས༎ རྟ་སྣར་མོ་སྟོར་ཆེས་མཅིསྟེ་མཅིས་ཏེ་
(r6) ཨབ་སབ་ཉང། ཞན་འདོ་ཡང་ཁུག་ལ༎ རྨོས་ཏེ། རྟ་འདི་ཚུགསུ་ཚུགས་སུ་ བཞག་པ་ལས། སྟོར་པ་མ་ལགས་
(r7) རེ༎ བདག་ཆག་གིས་སྦྱངས་རེ་བརྐུས་རེ་ཤེས་བྲོ་དཀར་གིས། ཐོབ་ཤིག། བྲོ་ཕོད་ན་སྐྱིན་བ་ཕོབ་
(r8) ཤིག། བྲོ་མ་ཕོད་ན༎ ཁྲིམས་བཞིན་གཆད་པར་བགྱིས་ཏེ༎ ཁོ་ན་ཨབ་སབ་ཉང་ལ་
(r9) སྩོགས་པ༎ དཀར་དྲུས། ལན་འདིའི་དགུན་སླ་ར་བ་ཚེས་བརྒྱད་ལ་བགྱིས་པ་ལས། ཚེས་བཅུ་བཞིའི་
(r10) བར་དུ་ཨབ་སབ་ཉང་དང། ཁུངས་པོ་ཞན་འདོ་ཡང་མ་མཆིས་ནས༎ ཚུགས་ཕོན། ཡོ་གང་
(r11) གཡུ་ལ་སྐྱེས་གྲར་བཀུགསྟེ་བཀུག་སྟེ་ རྨས་པ་ལས༎ ཕོ་ཉ་གཞམས་ཁོང་ཁྲི། ཤ་ཅུ་པ་འི་རྟ་གཆིག་
(r12) འཙལ་ཏེ༎ པར་ཀོག་གི་ཚུགསུ་ཚུགས་སུ་ མཆིས་པ་ལས༎ རྟ་འདི་ཕོ་ཉ་དང། རྟ་རྫི་ཨབ་སབ་ཉང་གཉིས་གྱིས་རྟ། ཕོ་
(r13) སྐྱོན་བར་བགྱིས་པ་ལས༎ ཕོ་ཉང་ཉ་ མང་པོ་ནི་མ་མཆིས༎ ཕོ་ཉ་རྐྱ་འགའ་མཆིས་པ་ལ༎ ཤ་ཅུ་པའི་རྟ་བྱ་བསྡས་
(r14) པ་ལ་མ་ཐུག་ཤེས༎ ཕོ་ཉ་དང་རྟ་རྫི་ལ་བདག་གིས་བགྱིས༎ རྟ་ག་ལ་མཅིས་པ། ལོང་ལ་སྐྱལ་
(r15) སླར་སྐྲིས་ཤིག་པར་རྟ་རྫི་ལ་ཡང་བདག་གིས་བསྒོས་པ་ལས༎ ཕྱི་དེ་ནང་པར་ཛེའུ་ཧིང་ཡིར་སླར་ཚུགསུ་ཚུགས་སུ་
(r16) མཆིས་ཏེ། ངའི་རྟ་ག་རེ་ཞེས་རྨས་པ་ལས༎ ཨབ་སབ་ཉང་གི་མཆིད་ནས། ཤ་ཅུ་པའི་རྟ་གཉི་ག་སླུངས་ཕོན་
(r17) གཡུལ་ཐོག་ན་མཆིས་པ་ལས། ཛེའུ་ཧིང་ཡིར་གིས་གཅིག་ཞོན་གཅིག་ཁྲིད་དེ་བྲོས་ཤེས། ཨབ་ཉང་
(r18) ལ་ཐོས༎ རྟ་ནི་བདགིས་བདག་གིས་ མ་ཐོང་ཞེས་མཆིའ༎ རྟ་བདག་ཧིང་ཙེ་མཆིད་ཤགས་རྣམ་གཆིག་ལ། བདག་གི་རྟ་ཚུགས་
(r19) ཁོར་ན་དགུང་གསུམ་མཆིས་པ། སླུངས་གྱི་རྟ་གཞན་གཆིག་ཀྱང་མ་མཆིས་ལ། རྟ་འདི་ཚུགས་ཕོན་གྱིས་མྱི་མཐོང་ཐ+ང་
(r20) དུ་ཡང་མྱི་རུང་ན། རྐུ་སུ་ཡང་གློ་བ་ཆུང་ན། ། ཁོང་ཏ་གར་མཆིས་ཞེས་རྨར་གསོལ་ཞེས་མཆི༎ དེ་འི་ཚེ་སླུངས་གྱི་བུ་གཉེར་ཆགས༎
(r21) ཐུམ་ཆུ་མ་ཕྱི་ལ་ཆགསྟེ་ཆགས་ཏེ་ ༎ ཇུ་ཆང་ཡན་ཆད་དང། ལུག་ལུང་མན་ཅད་དུ་གཉེར་དུ་མཆི་ཞེས་མཆི་ནས༎ དབྱངས་
(r22) ཏེ་བཆད་པ༎ ཧིང་ཚེ་ལ་སྩོགས་པའི་རྟ་སྟོར་པ༎ ཚུགས་ཕོན་ལ་སྩོགས་པ་ལ། བརྐུསུ་བརྐུས་སུ་ ཡང་དོག་ཤེས་
(r23) གསོལ༎ ཚུགས་ཕོན་རྨས་པ་ལས། རྟ་འདི་ཚུགསུ་ཚུགས་སུ་ མཆིས་པ་ལས། བདག་གིས་རྟ་སླར་
(r24) སྐྲི་ཤིག་པར་རྟ་རྫི་ཨབ་སབ་ཉང་ལ་བསྒོས། རྣམ་ཆིག་ལ་རྟ་གཉི་ག་སླུངས་ཕོན་གྱི་གཡུལ་ཐོག་
(r25) མཆིས་པ་ལས༎ ཛེའུ་གིས་གཆིག་ཞོན་གཆིག་ཁྲིད་དེ བྲོ་སྟེ སོང[s]ong ཞེས་༎ ཨབ་སབ་ཉང་ལ་ཐོས།
(r26) ཤེས་མཆིའ། ཨབ་སབ་ཉང་སྔར་གཉའ་དུས་བཏབ་པ་ལས་ཀྱང། དུས་སུ་མ་མཆིས། ཞན་འདོ་
(r27) ཡང་མ་མཆིས༎ རྟ་སྟོར་པ་ཐ་སྙད་འདོགས་ཤིང་བསྒྱང་དུ་མྱི་རུང་གིས༎ ཚུགས་ཕོན་ཡང་གཉའ་
(r28) སྩོལ་ལ། ཨབ་སབ་ཉང་དང། ཞན་འདོ་ཁུག་ལ༎ དགུན་སླ་ར་བ་ཉ་ལ་མཆིད་ཤགས་འཚོལ་ཆིག་
(r29) པར་བཅདེ་བཅད་དེ་ ༎ གཡུ་ལ་སྐྱེས་གྱི་གཉའ་ལ༎ ཨན་ཧྭ་ཧྭ་དང། དེན་བུན་འདེ་དང། ཅང་སྟག་བཞེར་དང། ཡོ་
(r30) གང་རེའུ་སྐྱེས་དང། གཉི་བ་ལྷ་མཐོང་དང། ཤིག་ཤིང་ཤིང་ལ་སྩོགས་པའི་གཉའ་རྒྱ་དང། ཁོང་ཏའི་
(r31) སུག་རྒྱ་དང༎ ཞང་ལོན་ཞལ་ཆེ་པའི་དཔང་རྒྱས་བཐབ་ཕ༎
(v1) ༄༅། ༔། བྱ་གག་ལོའི་དབྱར་སླ་ར་བ་ཚེས་བཅུ་བདུན་ལ། བླའི་དངུལ་ཀྱི་འཇི་བ་ཅན་གྱི་པན་བྲིས་པའྀ་ཅེང་
(v2) བཅོ་ལྔ། རི་མོ་མཁན་ཛེའུ་སྱང་འདོ་དང་ཁང་ཙིན་བེང་ལ་གཐདེ་གཐ་དེ་ ༎ ཁོ་ན་གཉིས་ཀྱི་སུག་རྒྱ་དང་
(v3) དོ་ཧན་ཀུའི་དཔང་རྒྱས་བཏབ་པ༎ (a flower-shaped sign) ཙམ་དོ་ཧན་ཀུ།