Old Tibetan Documents Online བོད་ཡིག

Text Archive > insc_Ldanma1

    This Text All the Texts Find both and  

1. Content : First inscription at Ldan ma brag

2. Location : Ldan ma brag tsa near the village of Ri mda' in the disctrict of Byams mdun under the jurisdiction of Chamdo 97.5° longitude 30.5° latitude

3. Date : 804?

4. Condition : extant

5. Photos / Rubbings :

6. References :

Chab spel (1988) [*], Richardson (1988) [*], Heller (1994b) [*], Heller (1997) [*].

Transliteration   (Change the Display Format)

(1) ༎ དམ་པའྀ་ཆོས་ཀྱི་མདོ་ནི།
(2) སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རང་བཞིན་དྲན་ཞྀང་ཤེས་པའི་སེམས་རེ་རེ་ཡོད་དེ།
(3) སེམས་དེ་ནི་མཁན་པོ་དང་ལྷས་ཀྱང་མ་བྱས་ཕ་མ་ལས་ཀྱང་མ་སྐྱེས།
(4) ཐོག་མའྀ་མཐའ་མྱའི་རྙེད་པ་ནས་ཀྱང་ཡོང་ནས་ཡོད།
(5) མཐར་ཀྱང་ཤྀང་བའྀ་མ་མྱེད་པར་ཡང་མྱཱི་འགྱུར་ཏོ།
(6) སེམས་དེས་དགེའ་བ་རྒྱ་ཆེར་སྤྱད་དེ་སེམས་ཅན་ཀུན་ལ་ལེགས་པ་བྱས་ཤྀང་དམ་པའི་ཆོས་བྱིན་བ་དང།
(7) སེམས་རྣམ་པར་སྤྱངས་པས་ན།
(8) སངས་རྒྱས་དང་བྱང་ཆུབ་སེམས་དཔར་རྒུབ་ནས།
(9) སྐྱེ་བ་དང་རྒ་བ་དང་ན་བ་དང་ཤྀ་བ་ལས་ཐར་ཏེ་བླ་ན་མེད་པའྀ་བདེ་སྐྱིད་བ་ཐོབ་བོ།
(10) སེམས་དེས་ལེགས་ཉེས་འདྲན་མར་སྤྱད་ན་ལྷ་དང་མྱྀའི་གནས་སུ་སྐྱེ་འོ།
(11) སྡིག་པ་དང་མྱྀ་དགེའ་བའྀ་ལས་ཆེར་སྤྱད་པ་ན།
(12) སྡིག་ཡུལ་སེམས་ཅན་དམྱལ་བ་ལས་རྩོགས་པར་སྐྱེས་ཏེ་སྡུག་བསྔལ་བའྀ་ནང་དུ་རྒྱུན་ཏུ་འཁོར་རོ།
(13) དེ་བས་ན་བདག་གྀ་སེམས་ལ་བླ་ན་མྱེད་པའྀ་བྱང་ཅུབ་མན་ཅད་ཀྱང་ཡོད།
(14) སེམས་ཅན་དམྱལ་བ་ཡེང་ཆད་ཀྱང་ཡོད་པ་ཡིན་ནོ།
(15) དམ་པའྀ་ཆོས་ཀྱི་བདུད་རྩྀ་མྱོང་ན་སྡུག་བསྔལ་ཐམས་ཅད་ལས་ཐར་པའྀ་ས་མྱོད་དོ་ཡུན་དུ་བདེ་སྐྱིད་པའྀ་གནས་མྱང་ཐོབ་པའྀ་ཕྱི་དོ།
(16) དེ་བས་ན་སེམས་ཅན་ལ་དམ་པའི་ཆོས་གཅེས་ཏེ།
(17) མ་མ་ཆིས་པ་མྱྀ་ཏུང་ངོ།
(18) མདོར་སྤྲོས་པར་ཉད་དེ་བདག་དང་གཞན་གྱི་དོན་ལ་རྒྱང་རིང་པོ་དང།
(19) ཆེད་ཀ་ཆེན་པོ་ལ་རྟོགས་ཉེ་ཞིབ་དེ་དགེའ་བའྀ་བཤེས་གཉེན[gnye]n ལ་དྲིས་ཤྀག་
(20) དམ་པའྀ་ཆོས་ཀྱྀ་ཡི་གེ་ལ་ཡང་རྟོགས་ཤྀག་དང་ཁོང་དུ་ཆུས་པར་འགྱུར་རོ། ༔།