Old Tibetan Documents Online བོད་ཡིག

Text Archive > insc_Zhva_W

    This Text All the Texts Find both and  

1. Content : West inscriptions at Zhva'i lha khang

2. Location : Zhva'i lha khang, eighty kilometers northeast of Lhasa

3. Date : 800-810

4. Condition :

5. Photos / Rubbings :

6. References :

Richardson (1952-53), Wang (1982: 107-118) [I. Translit., I. Trans.], Bsod rnams skyid (1984: 84-88, 90-94, 97-98) [I. Translit., I. Trans.], Richardson (1985: 43-61) [I. Translit., I. Trans.], Li and Coblin (1987: 261-299), Chen and Wang (2003: 73-77, 79-83, 87-90) [I. Translit., I. Trans.].

Transliteration   (Change the Display Format)

(1) ༄༅༎ གནམ་ལྷབ་ཀྱྀ་རྒྱལ་པོ། འཕྲུལ་གྱི་ལྷ་བཙན་པོ་ཁྲྀ་
(2) ལྡེ་སྲོང་བརྩན་གྱི། བཀས། ###། བན་དེ་མྱང་
(3) ཏིང་ངེ་འཛྀན། དབུ་སྙུང་གཙིགས་གཡུང་དྲུང་དུ་གནང་བ།
(4) བན་དེ་ཐིང་གེ་འཛྀན་ལྟ་ཞིག། གདོད་ནས་མཐར་སྙྀང་ཉེ་སྟེ༎ ང།
(5) སྐུ་ཆུ་ངུ་ནས་ན+ས་ ཆབ་སྲྀད་མ་བཞེས་པའི་བར་དུ་ཡབ་ཡུཾ་གྱྀ་གོ་བྱསྟེ་བྱས་ཏེ་
(6) ལེགས་པ་ལ་ཞེན་པར་བྱས། ཞང་ཞ+ང་ དྲུང་པོའི་གོ་བྱས་ཏེ་སྐུ་བཙས།
(7) ཡབ་སྲས་གཅེན་གཅུང་ཡུཾ་སྲས། བླ་འོག་དགྱེས་ཤིང་ཤ+ང་ འཐུན་བར་པ+ར་
(8) སྦྱརད། སྤྱྀར་ལེགས་པའྀ་བཀ་བ+ཀ་ གྲོས་གསོལ་ཅིང། ལས་སུ་བྱས་པ་
(9) ལས་སྩོགས་ཏེ། དཔེན་པ་བྱེད་བྱེད། སྙྀང་ཉེ་ཉེའོ༎ ཕྱིས་ཡབ་དང་
(10) གཅེན་ཐུགས་ནོངས་བརྟུད་པར་བྱུང་བའྀ་རྗེས༎ ང་ཆབ་སྲྀད་
(11) མ་བཞེས་པའྀ་སྐབསུ་སྐབས་སུ་ ཁ་ཅིག་ཕན་ཕུན་དང་ད+ང་ ། གདོན་སྩོན་པ་དག་
(12) ཡོད་པ་ཡང། བན་དེ་ཏིང་ངེ་འཛྀན་ཀྱིས་ཉཾ་དྲོད་ཟིན་ནས། དཔེནད་
(13) པའྀ་བཀ་བ+ཀ་ གྲོས་གསོལད། ཁྲག་ཁྲུག་མྱེད་པར་བྱས། ལེགས་ག+ས་ པ་བྱའོ་ཆོག་
(14) གི་གཞི་བཟུང་ནས། ངའྀ་ཆབ་སྲིད་ལས་སྩོགསྟེ་སྩོགས་ཏེ་ ། སྤྱྀར་ལེགས་ག+ས་ པའྀ་
(15) ལས་ཆེན་པོ་བྱས་ཏེ། ངའི་ཞ་སྔར། ཆབ་སྲྀད་འདོན་འདོནད། སྙིང་
(16) ཉེ་ཉེ། བླ་འོག་ཀུན་ཀྱི་གཟུངས་བྱས་ཏེ། ཕྱོགས་སུ་འཁྲུག་པ་མྱེད་ཅྀང་ཅ+ང་
(17) བདེ་བར་བྱེད་བྱེད་དོ༎ ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོེ་ལས་བྱས་ཀྱིས་
(18) ཀྱང། འཕྲལ་ཡུན་གཉྀས་སུ་སྤྱིར་ལེགས་ཤྀང་དཔེན་པ་འབའ་ཤིག་
(19) བྱེད་བྱེད་དོ༎ འདྀ་ལྟར་སྔ་ཕྱྀ་གཉིས་སུ་གང་བས་ཀྱང་ལྷག་པར་སྙྀང་
(20) ཉེ་ཞྀང་ཞ+ང་ ། ཞོ་ཤ་ཆེན་པོ་འབུལ་འབུལ་བ༎ སྔོན་གྱི་ཟླ་དཔེ་དང་ད+ང་ སྦྱར་ཞྀང། བཀའ་ཀ+འ་
(21) དྲིན་འོས་པར་པ+ར་ སྦྱྀན་བར་དགོངས་པ་ལས༎ བན་དེ་ཉིད་རྗེས་འབངས་ཀྱི་
(22) ལུགས་དང་ད+ང་ ། དགེ་སློང་གི་ཚུལ་འཛྀན་ཅིང། བཀ་བ+ཀ་ དྲྀན་མྱྀ་ནོད་པར་པ+ར་ གསོལ་གྱིས་
(23) ཀྱང། ཞོ་ཤའི་ལན། བཀ་བ+ཀ་ དྲྀན་སྦྱིན་པའྀ་ཆོས་ཡིན་པས༎ ངའྀ། བཀས།
(24) བན་དེ་ཏིང་ངེ་འཛྀན། གཙིགས་བརྩན་བ་བྱྀན་ཏེ༎ སྲིད་གཡུང་དྲུང་
(25) དུ་གནང་བ། ཡུན་ཏུ་བརྟན་ཞྀང་ཞ+ང་ བདེ་བར་བྱ་བ་དང་ད+ང་ ། ཀུན་ཀྱིས་ཤེས་པར་བྱ་
(26) བའྀ་བྱིར༎ དཀོན་མཆོག་གྀ་རྟེན། གཙུག་ལག་ཁང་[འདྀར། གཙིགས]
(27) ཀྱི་མཁར་དུ་བརྩྀགས། རྡོ་རིངས་བཙུགས་ནས༎ [གཙྀགས་ཀྱི་མདོ། ]
(28) རྡོ་ལ་མངོན་པར་བྲྀས་ཏེ་མཐའ་ཕྱག་རྒྱས་བཏབ་ནས་b[zhag པ་ཡྀན་གྱིས]
(29) སྲས་དབོན་ཕྱི་མ་མངའ་མཛད་པ་རྣཾས་དང། ཆབ་སྲྀད་ཀྱྀ་བློན་པོ་ཕྱི་མ་དབང་
(30) བྱེད་པ་ལས་སྩོགས་པས་ཀྱང། ནཾ་ནཾ་ཞ་ཞར་གཙྀགས་ཀྱྀ་ཡི་གེ་ལས་འབྱུང'byu[ng]
(31) བ་དང། རྡོ་རིངས་ལ་བྲྀས་པ་ལས་མྱྀ་དབྲྀ་མྱྀ་བཅོས་མྱི་བསྒྱུར་བར་གྱྀས་ཤྀག༎
(32) ནཾ་ནཾ་ཞ་ཞར། བཙན་པོ་གདུང་རབས་རྒྱུད་ཀྱྀས༎ བན་དེ་ཏྀང་ངེ་འཛྀནད་ཀྱྀ་
(33) མྱེས་པོ། བློན་སྣང་བཟང་འདུས་ཀོང་གྀ་བུ་ཚ་འཕེལ་རྒྱུད༎ སྤྱན་རས་ཀྱིས་
(34) བཙའ་ཞྀང་འོས་པ་ཞམ་འབྲིང་དུ་གཞག་པ་དང། ཇྀ་ཙམ་དུ་ནུས་པར་བཀུརbku[r]
(35) བསྟོད་པ་དང། གཞན་གྱྀས་མནར་ཏཾ། སྟཾས་ལས་ཆད་ན། བཀ་ནོན་བླ་ནས་མཛད་
(36) པ་དང། ཉེས་ཡང་དག་པ་མ་ཡྀན་ན། འཕྲ་མ་མྱི་གསྩན། སྟཾས་ལས་མྱྀ་གཅད་
(37) པ་དང། སྣང་བཟང་འདུས་ཀོང་གི་བུ་ཚ་འཕེལ་རྒྱུད། ལ་ལ་ཞྀག་གིས་སྐུ་དང་ཆབ་
(38) སྲིད་ལ་སྙྀང་རིངས་སམ། ཉེས་པ་གཞན་ཞྀག་བྱས་ན་ཡང། གང་གྀས་ཉེས་པ་ལ་རྨ།
(39) ཕུ་ནུ་བུ་ཚ་མ་ཉེས་པ། གཞན་ལ་ཁྲྀན་མྱྀ་རྨ། གྱོད་ལ་མྱི་གདགས། བཀ་ནརད་མྱྀ་
(40) མཛད། ཅྀ་ཉེས་ཀྱང་གྱོད་ན་གཅྀག་གིས། བསྐྱུང་བ་དང། ཡྀ་གེ་གཡུང་དྲུང་
(41) མྱིང་མྱི་རླག་པར་བྱྀན་པ་དང། ལས་སྣ་ཆེན་པོ་བདེ་བ་ཡུན་ཏུ་ཆང་ཀྱུར་བྱྀན་བ་
(42) དང། སྡེའི་དཔོན་པོ་རྒྱུད་དུ་གནང་བ་དང། སྣང་བཟང་འདུས་ཀོང་གི་བུ་ཚ་འཕེལ་
(43) རྒྱུད་ཀྱྀ་བྲན་ཞིང་ཞ+ང་ ། འབྲོག་སོག་ཚལ་ལས་སྩོགས་པ། ནཾ་ཞར་རབས་ཅད་དཾ། བཀ་བ+ཀ་
(44) གྱོད་ལ་ཐོགས་ན་ཡང། ཕྱག་ཏུ་མྱྀ་བཞེས། གཞན་མྱྀ་སྦྱིན། མས་མ་ཕུལ་ཕན་
(45) ཅད། ཅྀའི་ཐབས་ཀྱྀས་ཀྱང་མྱྀ་དཔྲོག་མྱི་བཞེས་པར་གནང་བ་ལས་སྩོགསྟེ་སྩོགས་ཏེ་
(46) ནཾ་ནཾ་ཞ་ཞར། བློན་སྣང་བཟང་འདུས་ཀོང་ཀ+ང་ གི་བུ་ཚ་འཕེལ་རྒྱུད། སྲྀད་བདེ་ཞིང་ཞ+ང་ བརྟན་
(47) བའྀ་གཙིགས་གནང་བ་འདྀ༎ ནཾ་ནཾ་ཞ་ཞར་གནང་ཞྀང་ཞ+ང་ མྱི་བསྒྱུར་མྱི་བཅོས་པར་པ+ར་
(48) ངའི་ཞ་སྔ་ནས་ཀྱང་དབུ་སྙུང་གནང༎ གཅེན་མུ་རུག་བརྩན་དང་ད+ང་ ། ཇོ་མོ་མཆེད་དང་ད+ང་
(49) རྒྱལ་ཕྲན་རྣམས་དང། ཆབ་སྲིད་ཀྱི་བློན་པོ་མན་ཅད། ཞང་ལོན་ཆེ་ཕྲ་ཀུན་ཀྱང་
(50) མནས་བསྒགསྟེ་བསྒགས་ཏེ་ ། གཙྀགས་གཡུང་དྲུང་དུ་གནང་ངོ༎ བན་དེ་ཏིང་ངེ་འཛྀན་
(51) སྙིང་ཉེ་ཞིང་ཞ+ང་ ཞོ་ཤ་ཇྀ་ལྟར་ཕུལ་བ་དང་ད+ང་ ། དཔེན་པ་ཅི་བྱས་པ་དང་ད+ང་ ། གཙྀགས་ཅི་གནང་བ།
(52) ཞིབ་མོ་ནི། གཙྀགས་ཀྱྀ་ཡི་གེ་ལ་བྲིས་ཏེ། ཕྱག་སྦལ་དུ་བཞག། དཔེ་གཅིག་
(53) ཕྱག་རྒྱས་བཏབ་སྟེ། གཙྀགས་ཀྱི་མཁར་བུ་འདྀར་བཞག། དཔེ་གཅིག་ནི་
(54) ཕྱག་རྒྱས་བཏབ་སྟེ། འོག་དཔེར་འཆང་དུ་བཅུག་གོ༎ ༄༅༎ བན་དེ་ཏིང་ངེ་
(55) འཛིནད་ཀྱྀ་མྱེས་ཁུ་པོ། དབྱྀ་གོང་གི་རྒྱུད་ཀྱང། དབུ་སྙུང་གཙྀགས་གནང་ངོ༎
(56) སྔོན་མྱང་དབའས་བ+འ་ སྙྀང་ཉེ་ཞིང་ཞོ་ཤ་ཕུལ་བར་འདྲ་བ་ལས༎ དབའས་བ+འ་ ཀྱྀ་ཟླ་དང་ད+ང་ སྦྱར་ན།
(57) མྱང་བཀའ་དྲྀན་ཆུངས་པ་འདྲ་ནས༎ ངའྀ། བཀས༎ མྱང་གྀ་གཙིགས་ཀྱང་ཟུར་
(58) ཕྱུང་བརྣན་བསྐྱེད་དེ་གནང་ངོ༎ ༄༅༎ གཙྀགས་ཀྱི་མཁར་བུ་འདྀ། ནམ་ཞིག་
(59) དབྱེ་དགོས་ན་ཡང༎ སྲས་དབོན་ཆབ་སྲྀད་ཀྱི་མངའ་གང་མཛད་པས་རྀང་ལུགས་
(60) ཐུགས་ཆེས་པ་གཙྀགས་བདག་འདྲང་བ་གསུཾ་ཡན་ཅད་
(61) བསྐོསྟེ་བསྐོ་སྟེ་ ། ལག་སྦྲེལ་ལ་དབྱུང་ཞྀང། ཕྱིར་ཡང་འདྀ་བཞིན་ཕྱག་རྒྱ་
(62) དང། རིང་ལུགས་ཀྱྀ་རྒྱས་བཏབ་སྟེ། གཞག་པར་གནང་ངོ༎