Old Tibetan Documents Online བོད་ཡིག

Text Archives > insc_'Phyong

insc_'Phyong
    This Text All the Texts Find both and  
1. Content : Inscription at the 'Phyong rgyas bridge
2. Location : 'Phyong rgyas
3. Date : ca. 797, end of the reign of Khri srong lde brtsan
4. Condition :
5. Photos / Rubbings :
6. References :
Richardson (1964: 1985: 36-41) [I. Translit., I. Trans.], Li and Coblin (1987: 227-237) [I. Translit., I. Trans.]

Transliteration   (Change the Display Format)

(1) ༄༅༎ ལྷ་བཙན་པོ་ཡབ་མྱེས་ལྷ་དང་མྱྀའི
(2) རྗེར་གཤེགས་ཏེ། ཆོས་གཙུག་ལག་ནི
(3) ལུགས་ཀྱིས་བཟང༎ དབུ་རྨོག་བརྩན་པོ་ནི
(4) བྱིན་དུ་ཆེའོ༎
(5) ༄༅༎ ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ
(6) སྔ་ནས་ཀྱང། ཡབ་མྱེས་ཀྱི་ལུགས་བཞིན།
(7) ལྷའི་གཙུག་ལག་ནྀ་མ་ཉམས། གནམ
(8) སའི་ཆོས་དང་ནི་འཐུན་པར་མཛད། སྐུ
(9) ཡོན་ཏན་ཡོངས་ཀྱིས་བརྗོད་པའྀ་ཡི་གེ།
(10) ནམ་ཞིག་རྡོ་རིངས་ལ་བྲིས་སོ༎
(11) ཆོས་རྒྱལ་ཆེན་པོས་ཕྲིན་ལས་སུ་ཅི
(12) མཛད་པ་དང། དབུ་རྨོག་བརྩན་པོའི་བྱྀན
(13) གྱིས། ཆབ་སྲིད་སྐྱེས་པ་ལས་སྩོགས་པའི
(14) གཏམ་གྱི་ཡྀ་གེ། ཞིབ་མོ་གཅྀག་ནི། གུད
(15) ན་ཡོད་དོ༎
(16) ༄༅༎ འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ
(17) བརྩན་གྱི་ཞ་སྔ་ནས། མཐའ་བཞིའི་རྒྱལ་པོ
(18) གཞན་དང་མྱི་འདྲ་སྟེ། བྱིན་གྱི་སྒམ་དཀྱེལ
(19) ཆེན་པོ་དང། དབུ་རྨོག་བརྩན་པོས། ཡར་ནི
(20) ཏ་ཞིག་གྱི་མཚམས་མན་ཆད། མར་ནི་ལོང
(21) ཤན་གྱི་ལ་རྒྱུད་ཡན་ཅད། ཆབ་འོག་འདུ
(22) སྟེ། ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ།
(23) མཐས་ཀླས་པར་ཆེའོ༎ དེ་ལྟར་ཆབ་སྲིད
(24) ཆེ་བའི་བྱིན་གྱིས། བོད་ཡོངས་ཡུལ་ཆེ། ཁོང
(25) ཕྱུག་དུ་གྱུརད་པས། ནང་ནས་ཀྱང། ནམ
(26) ཞར་བདེ་ཞིང་སྐྱིད་པར་གནས་སོ༎
(27) ཐུགས་ལ་བྱང་ཆུབ་སྤྱོད་པ་རླབས་པོ
(28) ཆེ་མངའ་བས། འཇིག་རྟེན་ལས་འདས་པའི
(29) ཆོས་བཟང་པོ་བརྙེས་ནས། ཀུན་ལ་བཀའ་
(30) དྲིན་དུ་བྱིན་ནོ༎ དེ་ལྟར་འགྲེང་དུད
(31) གཉྀས་ལ། འཕྲལ་ཡུན་གཉྀས་ཀྱི་བཀའ་དྲིན
(32) ཆེན་པོས་མ་ཁྱབ་པ་མྱེད་དེ༎ མྱི་ཡོངས
(33) ཀྱིས་མཚན་ཡང། འཕྲུལ་གྱི་ལྷ་བྱང་ཆུབ
(34) ཆེན་པོར་གསོལ་ཏོ༎