OTDO
Old Tibetan Documents Online

ITJ_0504

IOL Tib J 504 (= Ch.03.17 = vol. 69, fol. 36)
    photo
1. Content : Recto, Bsngo ba, 'Substitution (of Buddhist funeral rites for indigenous ones)'. Verso, a fragment of Buddhist teaching on old age, sickness and death, addressed to a great king.
2. Note : Concertina. The beginning and the end are missing. 3 folios with 4-5 lines on each side.
3. References :
To recto, Valée Poussin (1962: 165) [P.Translit.], Stein (1970) [I.Translit., I.Trans.], Imaeda (1981: 75-79), Chu (1990) [I.Translit., I.Trans.], Imaeda (2006: 109-110), Ishikawa (2010) [I.Translit., I.Trans.], Mimaki (2014) [I.Translit., I.Trans.].

Transliteration   (Change the Display Format)

(r1-1) གཉེན་འཁོར་སླད་མ་རྣམས་ལ་ཡང། རྗེས་བཟང་ཞིང༎ རབ་ཏུ་བཀྲའ་ཤིས་པར་གྱུར་ཅིག༎ སྐྱིབས་ལུག་བསྔོ་བ།
(r1-2) མྱི་ནག་པོའི་གཞུང། ཤིད་ནག་པོའི། ལུགས༎ བོན་དཔགས་འདོད་ཀྱི། སྨྲང༎ འདྲེ་གསུར་འདོད་ཀྱི་རབས་ལས༎
(r1-3) མྱི་བས་ལུག་འཟངས༎ སྟེ༎ སྐྱིབས་ལུག་གི་མར་བ་ཁྱོད་ལ༎ བཟང་དགུ་སེ་ལ་བཟར་པ་དང། མགྱོགས་དགུའ།
(r1-4) དཀྱུས་སུ་བརྒྱུགས་པ་དང༎ བུམ་རིལ་མང་ཏུ་བསད་པ་དང༎ སྐྱིབས་ལུག་ཁྱོད་ལ་གཏད་ཀྱིས༎ དེང་ཕན་ཅད༎
(r1-5) བྲག་ལམ་མྱེད་ལ་ཡང་ལུག། ཁྱོད་ཀྱིས་ལམ་དྲོངས་ཤིག༎ མཚོ་རབ་མྱེད་ལ་ཡང། ལུག་ཁྱོད་ཀྱིས༎
(r2-1) རབ་དྲོལ་ཅིག༎ རྨྱིག་པས་ནི་བྲག་དྲོལ་ཅིག༎ སྔུར་པས་ནི་མཚོ་རྔུབས་ཤིག༎ ཅེས་འབྱུང་བ་ཡང༎ སེམས་
(r2-2) ཅན་ཐམས་ཅད༎ ལས་དགེ་སྡིག་གི་དབང་གིས། འགྲོའ་བ་ཙམ་དུ་ཟད་པས༎ ལུག་གིས་ལམ་དྲངས། མཁན་
(r2-3) བྱེད་ཀྱང་མྱི་ནུས༎ ལུག་གིས་གཉེར་བླང་ཞིང། དཀོར་པ་བྱེད་ཀྱང་མྱི་ནུས། རྨྱིག་པས་བྲག་དྲལ་ཡང་མྱི་ནུས༎
(r2-4) སྔུར་པས་མཚོའ་རྔུབ་ཀྱང་མྱི་ནུས། པས ༄༅། ༔་། ལྷ་ཆོས་དཀར་པའི། གཞུང་ལྷའི་ཡང་ལྷ། དཀོན་མཆོག་གསུམ་ལ།
(r3-1) བརྟེན་ཏེ༎ ལྕགས་གྲང་མོ་ནི་ཁོང་དུ་མ་བཅུག༎ ཁྲག་དྲོནdr[o]n པོp[o] ནི་ཕྱིར་དུ་མ་ཕྱུང༎ དོན་སྙིང་ནི་སྤར་གྱིས༎
(r3-2) མ་བྲབས༎ མགོ་དང་ལག་ཏུ་ནི་མ་ཕྱེ༎ ལྷུ་དང་ཚིགས་སུ་ནི་མ་ཕྲལ༎ ཤ་དམར་པོ་ནི་ཟངས་སུ་ནི་མ་ཙོས༎
(r3-3) རུས་པ་དཀར་པོ་ནི། གཏུན་ལ་མ་བརྡུངས༎ གཡང་བཞི་ནི་ཕྲག་ལ་མ་བཀལྟེ༎ མཐོ་རིས་མྱིའི་ལུགས་ཀྱིས༎
(r3-4) འདྲེའི་ལས་མ་བྱས༎ སྲིན་གྱི་ལས་མ་བྱས༎ མྱིག་གསོན་མྱིག་ནི། རིག་རིག༎ རྣ་གསོན་རྣ་ནི་ཐབ་ཐབ༎ རུ་
(v1-1) སྣ་ཆེད་པོ་ལ་གཏོགས་པ་དང། སྒོ་བ་དང། འཁོར་ཏང། ཕ་མ་དང། སྤུན་དང། སྲྀང་མོ་དང་ཆུང་མ་དང། བུ་ཕོ་དང། བུ་མོ་དང། སྟེན་གྲོགས་དང།
(v1-2) བྲན་ཕོ་དང། བྲན་མོ་དང། ལས་བྱེད་པ་འྀ་དང། གོ་རེ་ལོང་དང། ཞོ་ཤས་འཚོ་བ་དང། ཡུལ་གྱྀ་མྱི་དང། གསེར་དང། དངུལ་དང། ནོར་བུ་དང།
(v1-3) རྀན་པོ་ཆེ་དང། གོས་དང། ནོར་དང། འབྲུ་དང། བང་མཛོད་ལས་སྩོགས་སྟེ༎ ལོང་སྤྱོད་དེ་དག་ཐམས་ཆད་བོར་ཏེ༎ འགྲོ་དགོས་སོ༎
(v1-4) རྒྱལ་པོ་ཆེན་པོ། འདི་ལྟ་སྟེ༎ རྒ་བ་ནི་དར་ལ་བབ་པ་འཇོམ་ཞིང་འོང་ངོ༎ ན་བ་ནི་ནད་མྱེད་པ་འཇོམ་ཞིང་འོང་ངོ༎ འཆི་བ་ནྀ་སྲོག་
(v2-1) འཇོམ་ཞིང་འོང་ངོ༎ རྒུད་པ་ནི་ཕུན་སུམ་ཚོགས་པ་འཇོམ་ཞྀང་འོང་སྟེ༎ རྒྱལ་པོ་ཆེན་པོ་སྡྀག་པ་མྱི་དགེ་བས། བསྐྱེད་པ་འྀ་ལུས་
(v2-2) ནི༎ འཆི་བདག་གྀསgI[s] གསྩལ་ཤིང་ཟུག་ནས༎ རྒྱགས་པ་དང་ནྀ་བྲལ༎ མགོན་ནྀ་མྱེད། སྐྱབས་ནྀ་མྱེད། དཔུང་གཉེན་ནྀ་
(v2-3) མྱེད། ཤིས་ནི་འཇྀགས། ཚྀགས་ནི་འབྱེའ་བྲལ༎ ཤ་དང་ཁྲག་ནི་སྐམས༎ ནད་ཀྱྀས་ནི་གདུངས༎ སྐོམ་ནྀ་སྐོམ༎ བཞིན་ནྀ་
(v2-4) གྱུརའ༎ རྐ་ལག་ནི་གཡོབ༎ ལས་ནི་མྱྀ་ནུས། མཐུ་ནི་མྱེད། ཁ་ཆུ་དང། སྣབས་དང། མྱི་གཙང་བ་ནྀ་ཟག༎ མྱིག་དང། རྣ་བ་དང།
(v3-1) སྣ་དང། ལྕེ་དང། ལུས་དང། ཡྀད་ཀྱི་དབང་པོ་ནི་འགག༎ སྐྱྀགས་བུ་ནྀ་བྱུང༎ སྒྲ་དར་དར་པོ་ནྀ་འཐོན༎ སྨན་པས་ནྀ་བོར། སྨན་དང།
(v3-2) བཟའ་བ་དང། བཅའ་བ་ཐམས་ཆད་ཀྱྀས་ནི་གླེས་ལ་བོར་ཏེ༎ གཅྀག་པུ་གཉྀས་སུ་མྱེད་ཅྀང༎ ཚེ་འདྀ་ནི་འདོར། སྐྱས་ཆེན་པོ་ནྀ་
(v3-3) འདེབས༎ མུན་པ་ཆེན་པོར་ནི་འཇུག༎ གཡང་ས་ཆེན་པོར་ནྀ་ལྟུང༎ གདོན་ཆེན་པོས་ནྀ་ཟིན༎ ལས་ཀྱྀ་རླུང་གིས་ནྀ་བདས།
(v3-4) ས་ཆུ་མྱེད་པའྀ་ཕྱོགས་སུ་འགྲོ་བ་ནའ༎ ཕ་མ་དང། སྲྀང་མོ་དང། གཉེན་བཤེས་ཀྱྀས་བསྐོར་ཏེ༎ ཀྱྀ་ཧུད་ཀྱི་ཧུད་ཅེས་མྱ་