OTDO
Old Tibetan Documents Online

Pt_0016

Pt_0016 + [ITJ_0751]   -- The text is divided between two parts.
Pelliot tibétain 16 + IOL Tib J 751 (= Ch.9.I.37)
    photo
1. Content : Prayers for the foundation of the De ga yu tshal monastery.
2. Note : Pothi. Complete text. 20 folios (divided into two parts: Pelliot tibétain 16: fols. 22-34; IOL Tib J 751: fols. 35-41) with 4 lines on each side.
3. References :
Choix I (pls. 7-16, notice 19), Choix III (1-13) [I.Translit.].
Lalou (1939-1961: I, 16) [P.Translit.], Thomas (1951: 92-109) [P.Translit., P.Trans.], Vallée Poussin (1962: 236), Uray (1966: 252), Tōyō Bunko (part 8, 73-74) [P.Translit.], Yamaguchi (1980b: 221-222), Szerb (1983), Uebach (1991), Luo (1994: 105-109) [P.Trans.], Gnya' gong (1995: 255-280) [P.Translit.], Kapstein (2004: 111-114) [P.Trans.].

Transliteration   (Change the Display Format)

(22r1) ༄༅། སྨོན་ལམ་དུ་གསོལ་བ༎ དཀོན་མཆོག་གསུམ་ལ་ཕྱག་འཙལ་ལོ༎ ཕྱོགས་བཅུའྀ་འཇྀག་རྟེན་གྱྀ་ཁམས་ཆོས་ཀྱྀ་དབྱྀངས་ཀྱྀས་ཀུན་དུ་ཀླས་ཕ། ན་ཀའྀ་དབྱྀངས་ཀྱྀས་
(22r2) མཐའས་གདུགས་ཕ་ན། དུས་གསུམ་དུ་རྣམ་པར་བཞུགས་པའྀ་སངས་རྒྱས་བཅོམ་ལྡན་འདས་ཞྀ་བ་ཆོས་ཀྱྀ་སྐུ། ཐམས་ཅད་མཁྱེན་པའྀ་ཡེ་ཤེས་ཅན། སྟོབས་དང། མྱྀ་འཇིགས་ཕ་དང། མཙན་དང་དཔེ་བྱད་བཟང་
(22r3) པོས་བརྒྱན་པའྀ་སྐུ་ཡྀད་བཞྀན་གྱྀ་ནོར་བ་བུ་ རྀན་པོ་ཆེ་ལྟར། སེམས་ཅན་ཐམས་ཅད་གྱྀ་རེ་བ་ཡོངས་སུ་བསྐོང་བར་མཛད་ཕའྀ་ཐུགས་རྗེ་ཆེན་པོ་དང་ལྡན་བ་ཇྀ་སྙེད་བཞུགས་ཕ་ཐམས་ཅད་ལ་ཕྱག་འཙལ་ལོ༎
(22r4) དམ་པའྀ་ཆོས་ངོ་བོ་ཉྀད་ཀྱིས་དག་ཕ་རང་བཞྀན་ཀྱིས་རྣམ་པར་གྲོལ་བ། ཉེས་པའྀ་སྐྱོན་རྣམ་པར་རྟོག་པའྀ་མཙན་མ་ཐམས་ཅད་དང་བྲལ་བ། ནམ་ཀ་ལྟར་ཇྀ་ལ་ཡང་ཆགས་གོས་ཕ་མྱེད་ལ། ཤེས་བྱ་ཐམས་ཅད་དུ་ཁྱབ་གྱིང།
(22v1) མྱྀ་འདྲེ་ཞྀང་རྣམ་པར་དབེན་བ་རྒྱ་ཆེ་ཞྀང་ཡངས་པའྀ་མཐའ་ཐུག་པ་མྱེད་པས་གུན་ཀུན་ ཏུ་ཁྱབ་པ། གཟུང་བ་དང་འཛིན་པའྀ་མཐའ་ལས་རྣམ་པར་གྲོལ་བས་བསམ་ཀྱྀས་མྱྀ་ཁྱབ་པའྀ་ཡེ་ཤེས་མངའ་བའྀ་
(22v2) སྤྱོད་ཡུལ་དུ་གྱུརད་པ། སངས་རྒྱས་ཐམས་ཅད་ཀྱྀ་ཆེ་བ་ཉྀད་དང། ཏྀང་ངེ་འཛྀན་ལ་སྩོགས་ཕ་ཡོན་ཏན་ཐམས་ཅད་གྱྀ་འབྱུང་གནས། འགྲོ་བ་ཐམས་ཅད་གྱྀ་བསོད་ནམས་དང། ཡེ་ཤེས་ཀྱྀ་ཚོགས་ཀྱྀ་སྒོ་
(22v3) འབྱེད་ཕ་ལ་རྣམ་པར་གསལ་ཞྀང་དཔག་དཀའ་བའྀ་ཆོས་ཀྱྀ་སྐུ་མ་རབས་རྣམས་ཀྱྀ་སྤྱོད་ཡུལ་མ་ཡྀན་བ། འཕགས་ཕ་རྣམས་གྱྀས་རང་གྀས་རྀག་པ་ལ་ཕྱག་འཙལ་ལོ༎ བྱང་ཅུབ་སེམས་དཔའྀ་
(22v4) དགེ་འདུན་འཇྀགས་པ་ལྔ་ལས་ཤྀན་ཏུ་འདས་ཕ། ཕྱྀར་མྱྀ་ལྡོག་པའྀ་གོ་འཕང་ཐོབ་པ། ཐབས་དང་ཤེས་རབ་ཀྱྀས་བདག་དང་གཞན་ཀྱྀ་དོད་སྤྱོད་པ། དབང་བཅུ་ལ་མངའ་མ་རྙེས་ཕས་ལྷུན་ཀྱྀས་གྲུབ་པའྀ་སྐུ་དང།
(23r1) ༄༅༎ ཐུགས་དང། གསུང་དུ་ལྡན་བས་ཐུགས་ཆེན་པོའྀ་ཤུགས་ཀྱིས་འགྲོ་བ་མ་ལུས་པའྀ་དོན་མཛད་ཀྱང་མྱྀ་གནས་པའྀ་མྱ་ངན་ལས་འདའས་པའྀ་ཡོན་ཏན་དང་ལྡན་བ་ཇྀ་སྙེད་བཞུགས་པ་ཐམས་ཅད་ལ་ཕྱག་འཙལ་ལོ༎
(23r2) ཁྲོ་བོ་འབར་བ་དཔལ་བྱྀན་གཟྀ་བརྗྀད་ཅན་ཀྱྀ་སྐུ། འདུལ་བའྀ་སྡོམ་བས་བསྡམས་པའྀ་ཙུལ་ལྟར་མྱྀ་བཞུགས་གྱང། འགྲོ་བ་བག་མྱེད་ལ་བརླང་བའྀ་རྒྱལ་ཅན་དག་བཏུལ་བ་ལ་རྣམ་པར་མཛེས་
(23r3) པ། དེ་བཞྀན་གཤེགས་པའྀ་སྐུ་ལས་སྤྲུལད་པའྀས། ཐུགས་རྗེའྀ་རང་བཞྀན་ཀྱྀས་ཁྲོ་འཛུམས་དུས་གཅྀག་གདའ་ཡང། ང་རྒྱལ་རྣམ་པར་འདུལ་ཞྀང། སྡྀག་ལ་བག་མྱེད་པར་འཇུག་པ་དོན་མྱེད་
(23r4) ཅིང་སྡྀག་པའྀ་མཙམས་མྱྀ་འདའ་བར་འགྲོ་བ་ཐམས་ཅད་འདུལ་བ་ལ་མཁས་པ་འོད་གཟེར་རྣམ་པར་འཕྲོ་བས་ཁམས་གསུམ་ཟྀལ་ཀྱྀས་གནོན་ཕ། ཡུད་ཙམ་གཅིག་ལ། འཇྀག་རྟེན་རྒྱ་མཚོ་སྐུ་དང་གསུང་
(23v1) དང། ཐུགས་ཀྱྀ་སྤྲུལ་པས་འཇྀག་རྟེན་ཐམས་ཅད་རྒྱས་པར་མཛད་ཕ་ཅྀ་སྙེད་བཞུགས་ཕ་ཐམས་ཅད་ལ་ཕྱག་འཙལ་ལོ༎ དཀོན་མཆོག་གསུམ་གྱྀ་ཡོན་ཏན་ཆེན་པོ་བསམ་གྱྀས་མྱྀ་ཁྱབ་བརྗོད་ཀྱྀས་
(23v2) མྱྀ་ལང། བཤད་གྱྀས་མྱྀ་རྫོགས་ཏེ། ཇྀ་སྟེ་སེམས་ཅན་ཐམས་ཅད་ཀྱྀས་བསྐལ་བ་ཆུ་བོ་གང་གའྀ་བྱེ་མ་སྙེད་དུ་བརྗོད་དུ་ཟྀན་ཀྱྀས་ཆ་ཤས་སུ་ཡང་མྱྀ་འགྱུར་བའྀ་ཡོན་ཏན་མངའ་བའ། བརྗོད་དུ་
(23v3) རུང་བའྀ་རྒྱུས་མྱྀ་གཟུང་སྟེ། བརྡ་སྐད་མྱྀང་ཏུ་གདགས་པའྀ་ཚིག་གྀས་བརྗོད་ཀྱིས་མྱྀ་ལང་བ། དེ་འདྲ་བར་བསྒྲུན་བཟོད་ཅིང་དཔེར་ལོམ་བ། འཇྀག་རྟེན་གྱྀ་ཁམས་ན་མྱེད་པ་གྲངས་སུ་བྱ་ན།
(23v4) བགྲང་བའྀ་རྒྱུས་མྱྀ་བཟུང་ཀྱྀས་ཀྱང་ཡོན་ཏན་དེ་སྙེད་བགྲང་བའྀ་རྩིས་ཀྱྀ་གྲངས་ལ་མྱེད་པ་བརྗོད་ཅིང་དཔག་པ་ལས་འདས་ཕ། བསམ་ཀྱྀས་མྱྀ་ཁྱབ་པའྀ་ཡོན་ཏན་མངའ་བ་དེ་དག་ལ་རྗེས་སུ་ཡྀ་རང་བ་ཆེན་པོས་
(24r1) ༄༅༎ རྗེས་སུ་ཡྀ་རང་ངོ༎ དགོན་དཀོན་ མཆོག་གསུམ་ལ་མཆོད་པ་ནྀ་ལྷ་རྫས་སམ། མྱྀའྀ་ལོངས་སྤྱོད་ཀྱྀ་མཆོག། རྀ་རབ་ཙམ་འམ། རྒྱ་མཚོ་སྙེད་དམ། ནམ་ཀ་གང་བ་འམ། འཇྀག་རྟེན་རྒྱས་
(24r2) པའམ། ཡྀད་ཀྱྀས་སྤྲུལད་པ་སེམས་ཀྱྀས་དམྱྀགས་ཕ། ཚད་མྱེད་གྲངས་མྱེད་པ། ཕུན་སུམ་ཚོགས་ཕ་ཐམས་ཅད་ཀྱིས་མཆོད་པ་ནྀ། མེན་ཏོག་པོག་སྤོས། འཕྲེའང་བ་བྱུག་པ།
(24r3) ཕྱེ་མ་སྦྲམ་བུ། སྀལ་སྙན་རོལ་མོ། ལྷབ་ལྷུབ་ལྡ་ལྡྀ། གདུགས་དང་བླ་རེ། རྒྱལ་མཙན་བ་དན་མར་མྱེ་དཀྱྀལ་འཁོར་བཤོས་སང་སྤོས་ཆབ་ལས་སྩོགས་ཕ། མཆོད་རྟེན་བསླང་བ་དང།
(24r4) དཀོན་མཆོག་གསུམ་གྱྀ་རྟེན་སྒུ་གཟུགས་རྀན་པོ་ཆེས་སྤྲས་ཕ་དང། བཞོན་བ་དང། འཆག་ས་དང། སྐྱེད་མོས་ཙལ་དང། གཙུག་ལག་ཁང་རྒྱ་ཆེན་པོ་ཚད་མྱེད་པའྀ་དམྱྀགས་པ་དང་ལྡན་བ། རྣམ་པར་
(24v1) དག་པའྀ་ཡོ་བྱད་ཐམས་ཅད་ཀྱྀས། དེ་བཞྀན་གཤེགས་ཕ་དེ་དག་ཐམས་ཅད་ལ་སྟྀ་སྟང་དུ་བགྱྀའོ༎ བླ་མར་བགྱྀའོ༎ རྀ་མོར་བགྱྀའོ༎ མཆོད་ཅིང་གསོལ་ལོ༎ རྀམ་འགྲོར་བགྱྀའོ༎
(24v2) བོད་རྗེ་བློན་འཁོར་དང་བཅས་པ་དང། སེམས་ཅན་ཐམས་ཅད་ཀྱྀས་བསམ་ཀྱྀས་མྱྀ་ཁྱབ་པའྀ་ཚེ་རབས་ནས་དུས་འདྀའྀ་བར་དུ། ལུས་དང། ངག་དང། ཡྀད་གསུམ་གྱྀ་སྒོ་ནས་ཉོན་མོངས་པའྀ་
(24v3) རྒྱུ་འམ། སྒྱེ་སྐྱེ་ ཤྀའྀ་ས་བོན་ནམ། བདག་དང་གཞན་ལ་ཡོངས་སུ་གདུང་བར་འགྱུར་བ་ཉེས་སྡྀག་གྀ་ལས་ཆོས་དང་འདུལ་བ་ལས་འགལ་བ་བདག་གྀས་བྱས་སམ། གཞན་བཅོལ་ཏམ། གཞན་བྱེད་ཕ་
(24v4) ལ་སྨོན་པ་འམ། ང་རྒྱལ་དང་བསྙེམས་པའྀ་ཕྱྀར་བྱས་སམ། དབང་དང། མཐུ་ཡོད་པས་བདག་དགའ་དང། དངན་ཅན་གྱྀ་ཕྱྀར་བྱས་སམ། ཇྀ་ཕྱྀར་བྱས་ཀྱང་རུང་སྟེ། དེ་ལྟ་བུའྀ་ལས་ངན་པ།
(25r1) ༄༅༎ འཕགས་ཕ་འཇྀག་རྟེན་ལས་འདས་པ་རྣམས་ཀྱྀས་སྨད་ཕ། མ་རབས་བྱྀས་བ་ལྟ་བུ་ཕྱྀན་ཅི་ལོག་གྀ་སྤྱོད་ཡུལ་ཏུ་གྱུརད་པ། དེ་རྐྱེན་དང་འབྲས་བུས་ངན་སོང་གསུམ་དུ་རྒྱུ་བའྀ་ལས་
(25r2) ངན་པ་མཐོ་རྀས་བདེ་བར་འགྲོ་བའྀ་ལམ་གཅོད་པ། འཁོར་བའྀ་གཤལ་ཐག་ཏུ་གྱུརད་པ། གལ་ཏེ་དེ་ལྟ་བུ་སྤྱད་པ་མ་འཐོལ་མ་བཤགས་སམ། མ་སྤངས་མ་བཏང་ན་ཡུན་རྀང་པོར་ཤྀན་ཏུ་
(25r3) ཉོན་མོངས་པར་འགྱུར་བས་ན་ད་རྟུལ་ཅིག་གྀ་སྟེང་ན། རྟུལ་སྙེད་ཀྱྀ་སངས་རྒྱས་བཅོམ་ལྡན་འདས་བྱང་ཅུབ་སེམས་དཔའྀ་འཁོརད་དང་བཅས་པ་རྣམས་མངོན་སུམ་ཏུ་གྱུརད་པར་དྲན་བ་
(25r4) ཉེ་བར་བཞག་སྟེ། དེའྀ་ཚད་བཞྀན་ལུས་རེ་རེས་ཞབས་ཀྱྀ་མཐྀལ་ལ་སྤྱྀ་བོས་གཏུགས་ཏེ། སེམས་ཐག་པ་ནས་འཐོལ་ལོ། བཤགས་སོ༎ ཤྀན་ཏུ་འགྱོད་ཅིང་གནོང་བའྀ་སེམས་ཀྱྀས་གཏང་ངོ།
(25v1) སྤང་ངོ༎ སྔོན་གྱྀ་སྡྀག་པ་རྣམས་ཞུ་ཞྀང་བྱང་བར་སྨོན་ཏོ༎ རྗེ་བློན་འཁོར་དང་བཅས་ཕ་དང། བདག་ཅག་དང། སེམས་ཅན་ཐམས་ཅད་ཀྱིས་དུས་འདྀ་ནས་བཟུང་སྟེ། སྙྀང་པོ་བྱང་ཅུབ་ལ་མཅིས་
(25v2) ཀྱྀ་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཅིའོ༎ ཕྱོགས་ཤྀང་རྟེན་ཏོ༎ ཡོང་གནམ་གྱྀ་ལེགས་ཕ་མཐོ་ཞྀང་ཡངས་པས་ནྀ་མྱྀ་དགབ་པ་མྱེད། སའྀ་ལེགས་པ་སྡུག་ཅིང་ཆེ་བས་
(25v3) ནྀ་མྱྀ་བཀུར་བ་མྱེད། རྒྱལ་པོའྀ་ལེགས་པ་དྲང་ཞྀང་སྙོམས་པས་ནྀ་མྱྀ་གསོ་བ་མྱེད་དོ། བོད་ཀྱྀ་ལྷ་བཙན་པོ་མྱི་རྗེ་ལྷས་མཛད་པ་ཁྲྀ་གཙུག་ལྡེ་བརྩན་གྱྀ་ཞ་སྔ་ནས་ཀྱང་ཡབ་མྱེས་འཕྲུལ་ཀྱྀ་ལུས་བཞྀན།
(25v4) དགབ་ཅིང་བཀུར་བ་ནྀ་གནམ་ས་དང་མཙུངས༎ དྲང་ཞྀང་སྙོམས་པས་ནྀ་སྲོག་ཆགས་སོ་ཆོག་བསྒྱུར། ཡངས་ཤྀང་རྒྱ་ཆེ་ལ་ཆོས་གཙུག་ནྀ། ལུགས་ཀྱྀས་བཟང། ཐུག་ཐུགས་ སྐམ་སྒམ་ དབུ་རྨོག་བཙན་པའྀ་ཆབ་སྲིད་ནྀ་
(26r1) ༄༅༎ བྱྀན་དུ་ཆེ་བས་ཉྀ་འོག་ལྷོ་བྱང་ཤར་ནུབ་ཀྱྀ་རྒྱལ་ཁམས་ཀྱང། བཀའ་ལུང་གུས་པར་མནོས་ཏེ། ཆགས་འོག་ཏུ་འདུས་ཕས་ཇྀ་མཛད་དོ་འཙལ་དགོངས་ཕ་བཞྀན་ལྷུན་ཀྱྀས་གྲུབ་པའྀ་
(26r2) ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཆེན་པོ་ཞང་ལྷ་བཟང་གྀས་འཛངས་ཀྱྀ་ཕུལ་ཕྱུང་བས་ནྀ་ཡྀད་བཞྀན་གྱྀ་ནོར་བུ་རྀན་པོ་ཆེ་དང་འདྲ། དཔའ་བའྀ་ལ་བོར་བས་ནྀ་རྒྱ་དྲུག་
(26r3) ལས་སྩོགས་པ་རང་རང་གྀ་ང་རྒྱལ་སྙེམས་ཕ་རྣམས་ཀྱང་དྲག་དལ་གྱྀ་དམྱྀག་སུ་བབ་པའྀ་དགྲ་ཆོས་ཀྱྀས་སྤ་བཀོང་བྱྀན་བསྒྲལྟེ་བསྒྲལད་ཏེ་ གཡོའ་སྒྱུའྀ་ཁུང་ནྀ་བསུབས། དགྲ་ཆོས་ཀྱྀ་མཚོན་ཆ་
(26r4) ནྀ་བསྙལ། གནའྀ་ཆོས་ཆེན་པོས་ནྀ་བསྟུད། ལེགས་པ་རྒྱས་པ་ནྀ་རབས་ཁྲྀར་བཞག་ནས་ཆུ་གང་ཁྲེལ་ལྟས་ནྀ་བརླྀང་དུ་བཙུགས། འཐབ་མོ་མྱེད་པ་ནྀ་གཅེས་པར་བྱས་ནས་བོད་རྒྱལ་ཁམས་གཅྀག་
(26v1) འབངས་མཐོ་དམའ་གཉྀས་ཆེ་ཆུང་གཉྀས་ལ་སོ་སོའྀ་སྒོ་སྒོར་བདེ་སྐྱྀད་པའྀ་དྲིན་ཀྱིས་མ་ཁྱབ་པ་ཡང་མྱེད། བོད་ཆེན་པོ་དང་རྒྱ་དྲུག་ལས་སྩོགས་ཕ་སོ་སོའྀ་ཡུལ་ཡུལ་ན་བདེ་སྐྱྀད་པའྀ་དུས་ལ་བཀོད་ནས། རྒྱ་དྲུག་གྀས་
(26v2) ཆབ་སྲྀད་མཇལ་པར་གསོལ་བ་ཡང་ཁྱྀམ་གཅིག་གྀ་མྱྀ་དང་འདྲ་བར་བཀྲ་ཤྀས་ཆེན་པོའྀ་ཡུལ་དེ་ག་གཡུ་ཙལ་མཇལ་དུམ་ཐང་དུ་རྒྱ་དྲུག་ཏང་དང་ ཆབ་སྲྀད་གཅིག་དུ་མཇལད་པའྀ་ཚིགས་
(26v3) བཅས་ནས་ཡུན་དུ་ཆབ་སྲྀད་ཀྱྀ་མཐའ་མྱྀ་འགོང་ཞྀང་བརྟན་བ་དང། ནམ་ཞར་མང་པོ་ཀུན་ཀྱྀས་ཡྀད་ཆེས་ཤྀང་བདེན་བའྀ་རྟགས་རྡོ་རྀངས་ལ་བྲིས་ནས་དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་ཕ་འདྀ་
(26v4) མདོ་སྡེའྀ་ལུང་ལས་ཀྱང། ལ་ལ་ཞྀག་གྀས་འཛམ་བུ་གླྀང་དུ་གཙུག་ལག་ཁང་བརྩྀགས་ན། བསོད་ནམས་ཆེན་པོའྀ་གཟུགས་བརྙན་འོག་མྱྀན་གནམ་དུ་ལྷའྀ་གཞལ་མྱེད་ཁང་འབྱུང་ཞེས་སངས་
(27r1) ༄༅༎ རྒྱས་ཀྱྀས་བཀའ་སྩལ་ཕ་བཞྀན། གཙྀགས་ཀྱྀ་གཙུག་ལག་ཁང་བཞེངས་པའྀ་ཡོན་བདག་ཆེན་པོ་བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཆེན་པོ་ཞང་ལྷ་བཟང་གིས་བརྩྀགས་པ་འདྀ་ལ་རྗེས་སུ་
(27r2) ཡྀ་རང་བའྀ་ཡོན་བདག་ཡ་ཡ་ནས་དད་ཅིང་མོས་པས་གཞྀ་བཟུང་སྟེ། སྟོངས་མོ་བགྱྀས་པའྀ་རྣམས་ཀྱང་བསོད་ནམས་ཀྱྀ་འབྲས་བུ་བྱེད་པའྀ་བདག་པོ་དང། འདྲའོ་ཞེས་འབྱུང་བས། སྟོངས་མོ་
(27r3) གཅེས་སྤྲས་སུས་བགྱྀས་སོ་འཙལ་ཀྱང། ཆབ་མྱྀ་འཙལ་བར་མཐོ་རྀས་ལྷའྀ་ཁམསུ་ཁམས་སུ་ བསོད་ནམས་ཆེན་པོའྀ་གཟུགས་བརྙན་འབྱུང་བའྀ་རྒྱུ་དང་རྐྱེན་གཙུག་ལག་ཁང་བརྩིགས་
(27r4) དབུས་རྣམ་པར་སྣང་མཛད། བསོད་ནམས་དང་ཡེ་ཤེས་ཀྱྀ་ཚོགས་བསམ་ཀྱྀས་མྱྀ་ཁྱབ་པ་ལས་གྲུབ་པའྀ་སྐུ་བྱང་ཅུབ་སེམས་དཔའ་ས་བཅུ་པ་ལ་གསང་བ་གསུམ་གྱྀ་སྒོ་ནས་ཆོས་གྱྀ་ལོངས་སྤྱོད་
(27v1) སྟོན་པས་ཤེས་བྱའྀ་སྒྲྀབ་པ་སྐད་ཅིག་གྀས་བྱང་ཞྀང་དག་པར་མཛད་ལ། སྤྲུལད་པའྀ་སྐུས་ཕྱོགས་ཅུའྀ་བཅུའྀ་ འཇྀག་རྟེན་གྱྀ་ཁམས་ཀྱྀ་སེམས་ཅན་ཡོངས་སུ་སྨྱྀན་ཕའ་མཛད་པའྀ་སྐུའྀ་གཟུགས་བརྙན་བཞུགསུ་བཞུགས་སུ་
(27v2) གསོལ་པ་དང། སངས་རྒྱས་སྣང་བ་མཐའ་ཡས་སངས་རྒྱས་ཐམས་ཅད་ཀྱྀ་ཞྀང་གྀ་མཆོག་ངན་སོང་གསུམ་དང་བགེགས་བརྒྱད་ཀྱྀ་མྱྀང་མྱྀ་གྲགསྟེ་གྲགས་སྟེ་ ལྷའྀ་ལོངས་སྤྱོད་ཀྱྀ་རྒྱན་
(27v3) ཐམས་ཅད་ཀྱྀས་བརྒྱན་པ་ན། མྱ་ངན་ལས་འདའ་བའྀ་མྱིང་མྱྀ་སྲིད་པ་ན་བཞུགས་ཤྀང་འཇྀག་རྟེན་ལས་འདས་པའྀ་སྐྱིད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་བརྒྱན་པཱཨི་པའི་ ཞྀང་ན། སེམས་
(27v4) ཅན་གྱྀ་དོན་མཛད་ཅིང་ལྷག་པར་ཐུགས་རྗེ་ཆེ་བས་མཙན་ནས་བརྗོད་པ་ཙམ་ཀྱིས་སྡྀག་པ་ཐམས་ཅད་འབྱང་ལ་སངས་རྒྱས་ཀྱྀ་ཞྀང་དེར་སྐྱེ་བར་བྱྀན་ཀྱྀས་རློབ་པའྀ་སྐུའྀ་གཟུགས་བརྙན་བཞུགས་པར་གསོལ་
(28r1) ༄༅་པ་དང། སངས་རྒྱས་བྱམས་པ་ད་ལྟར་དགའ་ལྡན་གནམ་ན་རྀན་པོ་ཆེའྀ་གཞལ་མྱེད་ཀང་ལྷའྀ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའྀ་གནས་ན་ལྷའྀ་བུ་ཐམས་ཅད་ཡོངས་སུ་སྨྱྀན་པར་མཛད་ཅིང་
(28r2) ཆོས་ཀྱྀ་འཁོར་ལོ་སྐོར་བའྀ་སྤྱོད་ལམ་གཅིག་ལ་ལྷའྀ་ཕོ་བྲང་གྀ་དཀྱྀལ་འཁོར་ན་མྱྀ་གཡོ་བར་བཞུགས་ཀྱང་ཐུགས་རྗེ་ཆེན་པོའི་འོད་གཟེར་དང། ཐམས་ཅད་མཁྱེན་པའྀ་ཡེ་ཤེས་སྐད་ཅིག་གཅིག་གྀས་
(28r3) འཇྀག་རྟེན་གྱྀ་ཁམས་རྒྱ་མཚོ་སྙེད་དུ་ལྷ་རྫས་ཀྱྀ་བདེ་བས་རོལ་ཅིང་བཞུགས་པའྀ་སངས་རྒྱས་བྱམས་པ། མ་འོངས་པཻ་པའི་ དུས་ན་ཐམས་ཅད་སྡོད་ཅིང་རེ་ལ་ཀུན་ཀྱྀ་དབུགས་འབྱྀནད་པ་མཙན་དང་དོན་དུ་ལྡན་
(28r4) བ། ཐུགས་རྗེ་ཆེན་པོའྀ་ཤུགས་ཀྱིས་ཀུན་ལ་བྱམས་པས་ཁྱབ་པའྀ་སྐུའྀ་གཟུགས་བརྙན་བཞུགསུ་བཞུགས་སུ་ གསོལ་ཕ་དང། བྱང་ཅུབ་སེམས་དཔའ་ཆེན་པོ་བརྒྱད་དང། ཁྲོ་བོ་གཉྀས་ལས་སྩོགས་པའྀ་འཁོར་བཞུགསུ་གསོལ་ཕ་
(28v1) དང། ངོས་བཞྀའྀ་མགོན་པོ་དང། ཕྱོགས་སྐྱོང་དང། ལྷ་ཀླུ་སྡེ་བརྒྱད་ལས་སྩོགས་པའྀ་རྟེན་བཙུགས་ཏེ་བཞུགསུ་བཞུགས་སུ་ གསོལ་ཕ་ནས། བཞོན་བ་དང་འཆག་ས་དང། བསྐྱེད་མོས་ཙལ་དང། རྣམ་པར་དག་པའྀ་ཡོ་བྱད་ཐམས་ཅད་
(28v2) ཡོན་དུ་ཕུལ་ནས་མངའ་རྀས་བཅད་པའྀ་བསོད་ནམས་ཀྱྀས༎ བཙན་པོ་ཁྲྀ་གཙུག་ལྡེ་བརྩན་གྱྀ་ཞ་སྔ་ནས༎ དཔག་དུ་མྱེད་པར་སྐུ་ཚེ་རྀང་ལ། མངའ་ཐང་ཆེ། ཐུགས་ལ་དགོངས་སོ་འཙལ་འབྱོརད་གྲུབ་སྟེ་འཁོར་
(28v3) ལོ་སྐོར་བའྀ་རྒྱལ་པོ་དང་འདྲ་བར་གླྀང་བཞྀ་རྒྱལ་ཁམས་གཞན་ལ་ཡང་མངའ་མཛད་ཅིང་མཐར་བླ་ན་མྱེད་པའྀ་སངས་རྒྱས་སུ་གྲུབ་པར་སྨོན་ཏོ༎ རྒྱ་དྲུག་དང་ཆབ་སྲྀད་མཇལ་བར་མོལ་ཏེ། གཙིགས་ཀྱྀ་གཙུག་
(28v4) ལག་ཁང་བརྩྀགས་ནས་མངའ་རྀས་བཅད་དེ། མཆོད་པ་གསོལད། ཡོན་ཕུལ་བའྀ་ཡོན་བདག་ཆེན་པོ་བྱང་ཅུབ་ཀྱྀ་སེམས་དང་ལྡན་ཞྀང་དཀོན་མཅོག་གསུམ་ཀྱི་སྐྱབས་མཛད་ཕ་བློན་ཆེན་པོ་ཞང་ཁྲི་སུམ་རྗེ་དང། ཞང་ཆེན་པོ་ལྷ་བཟང་
(29r1) ༄༅༎ ལྟ་བུ་དཀོན་མཆོག་གསུམ་གྱྀ་སྐྱབས་སུ་ཆེ་བ་སང་སླད་གཉྀས་མ་བྱུང་སྟེ། སྙྀང་ཆེན་པོས་ཀུན་ལ་ཕན་འདོགས་ཕ་འདྀ་མང་པོ་ཀུན་ལ་ཕངས་ཤྀང་གཅེས་པར༎ འཕགས་པ་ཐུགས་རྗེ་ཅན་རྣམས་ཀྱིས་ཀྱང་ཐུགས་སུ་ཆུད་
(29r2) ཅིང་མཁྱེན་པ་དང། ངོས་བཞྀའྀ་མགོན་པོ་དང། ལྷ་ཀླུ་ལས་སྩོགས་ཕས་ཐུགས་སུ་ཆུད་ཅིང་མཁྱེན་པས་བགེགས་དང་བར་ཆད་ཐམས་ཅད་ཡོངས་སུ་བསྩལྟེ་བསྩལད་ཏེ་ དཔག་ཏུ་མྱེད་པར་ཚེ་རྀང་ཞྀང་ནད་མྱེད་པར་བྱྀན་ཀྱིས་
(29r3) བརླབ་སྟེ། དགོངས་སུ་གསོལ༎ གཟྀགསུ་གཟྀག་སུ་ གསོལ༎ ཐུགས་རྗེས་བསྐྱབ་ཏུ་གསོལ༎ བསམ་པ་ཕུན་སུམ་ཚོགས་པ་ཐམས་ཅད་གྲུབ་པར་མཛད་དུ་གསོལ༎ སླད་འཁོར་ན་ཕྱྀ་ནང་གྱྀ་འཁོར་
(29r4) ཐམས་ཅད་བགེགས་དང། བར་ཆད་ཡོངས་སུ་ཞྀ་བྱང་སྟེ། ཚེ་རྀང་ནད་མྱེད་ལ་སྐྱྀད་པ་ཕུན་སུམ་ཚོགས་པ་དང་ལྡན་བར་སྨོན་ཏོ༎ བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཆེན་པོ་ཞང་ལྷ་བཟང་ལས་སྩོགས་ཕ་བདག་ཅག་རྣམས་
(29v1) ཀྱྀས་བླ་ན་མྱེད་པའྀ་བྱང་ཅུབ་དུ་སེམས་བསྙེད་དེ། དགེ་བའྀ་རྩ་བ་བསྔོ་བ་ནྀ་གཙིགས་ཀྱྀ་གཙུག་ལག་ཁང་བརྩྀགས་ཏེ། དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་ཕས་བོད་རྗེ་བློན་འཁོརད་དང་བཅས་ཕ་སྐུ་ཚེ་རྀང་ལ་མངའ་ཐང་
(29v2) ཆེ། མཐའྀ་རྒྱལ་ཁམས་གཞན་དགྲ་ཆོས་ཀྱྀས་གདབ་མྱྀ་འཙལ་བར་འབངས་སུ་རང་འདུས་ཏེ་གཙིགས་བཅས་པ་བཞྀན་ཡུན་རྀང་པོར་བརྟན་བ་དང། དགྲ་དང་འཁྲུག་པའྀ་མྱྀང་མྱྀ་གྲག༎ ལོ་ཕྱུགས་རྟག་
(29v3) ཏུ་ལེགས་ལ་ཐེག་པ་ཆེན་པོའྀ་ཆོས་ཡུན་རྀང་ཏུ་བརྟན་ཞྀང། དརད་པ་དང། སེམས་[ཅན]ཐམས་ཅད་དམ་པའྀ་ཆོས་ལ་དད་ཅིང་མོས་པར་འགྱུར་ཏེ་བདེ་སྐྱྀད་ཕུན་སུམ་ཚོགས་པ་དང་ལྡན་བར་སྨོན་ཏོ༎
(29v4) གཙུག་ལག་ཁང་བརྩྀགས་པས་བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང། ཆེན་པོ་ཞང་ལྷ་བཟང་ལས་སྩོགས་ཕ་སེམས་ཅན་ཐམས་ཅད་ཀྱྀ་གནས་འཇྀག་རྟེན་དང་འཇྀག་རྟེན་ལས་འདས་པའྀ་ལྷའྀ་ཕོ་བྲང་རྀན་པོ་ཆེ་གཞལ་
(30r1) ༄༅༎ མྱེད་ཁང་དང་ལྡན་བར་ཤོག། ཤྀག༎ དེ་བཞྀན་གཤེགས་པའྀ་སྐུའྀ་གཟུགས་བརྙན་བཞུགས་སུ་གསོལ་བའྀ་བསོད་ནམས་ཀྱྀས། བོད་རྗེ་བློན་འཁོར་དང་བཅས་ཕ་དང། བློན་ཆེན་པོ་ཞང་ཁྲྀ་སུམ་རྗེ་དང་ཆེན་པོ་ཞང་ལྷ་
(30r2) བཟང་དང། སེམས་ཅན་ཐམས་ཅད་ཀྱྀས་དེ་བཞྀན་གཤེགས་པའྀ་སྐུ་མཙན་དང། དཔེ་བྱད་བཟང་པོས་བརྒྱན་ཕ། ཐུགས་ཡེ་ཤེས་རྣམ་བཞྀ་བསམ་ཀྱྀས་མྱྀ་ཁྱབ་པ་དང་ལྡན་བ། གསུང་ཚངས་པའྀ་དབྱངས་
(30r3) དྲུག་ཅུ་རྩ་གཉྀས་དང་ལྡན་བས་ཀུན་ཏུ་སྒྲོགས་པ་དང་ལྡན་བར་ཤོག་ཤྀག༎ ཡོན་བླ་རེ་དང། གདུགས་ཕུལ་བས་ནྀ་འགྲོ་བ་མང་པོའྀ་བླ་མར་གྱུརྟེ་གྱུརད་ཏེ་ རྀན་པོ་ཆེའྀ་བླ་རེས་གཡོགས་ཕ་སེམས་ཅན་
(30r4) ཐམས་[ཅད]ཀྱྀ་ཉོན་མོངས་པའྀ་དྲོད་འཇྀལ་བར་ཤོག་ཤྀག༎ རྒྱལ་མཙན་དང་བ་དན་གསོལ་པས་ནྀ་ཉོན་མོངས་པའྀ་དགྲ་དང་བདུད་བཞྀ་ལས་རྒྱལ་ཏེ་རྀན་པོ་ཆེའྀ་རྒྱལ་མཙན་ཐམས་ཅད་ཀྱྀས་ཆོས་ཀྱྀ་དབྱྀངས་ཀུན་ཏུ་གནས་
(30v1) བར་གྱུར་ནས་དབང་གྀ་རྒྱལ་མཙན་ཙུགས་པར་ཤོག་ཤྀག༎ རྒྱན་དང་ན་བཟའ་གསོལ་པས་ནྀ་ལྷ་རྫས་ཀྱྀ་རིན་པོ་ཆེའྀ་ན་བཟའ་སྤ་བ་གསེར་གྱྀ་ངང་རྀས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱནད་ཕ་
(30v2) ལྷ་རྫས་གོས་ཀྱྀ་མཆོག་ཐོབ་ཅིང་རང་བཞྀན་ཀྱྀས་ཁྲེལ་བ་དང། འཛེམ་བའྀ་བག་ཡོད་པས་ཀླན་ཀ་དང། སྐྱོན་[དཔྱས(/དམྱས)]མྱེད་པ་ཐོབ་པར་ཤོག་ཤྀག༎ དཀྱྀལ་འཁོར་གསོལ་པས་ནྀ་སངས་རྒྱས་ཀྱྀ་ཞྀང་ཡོངས་སུ་
(30v3) དག་པར་རྀན་པོ་ཆེའྀ་ཤྀང་དང། རྒྱན་ཐམས་ཅད་ཀྱྀས་བརྒྱན་པའྀ་གནས་སྤྱོད་ཡུལ་ཁྱད་བར་ཅན་ཐོག་པར་ཤོག་ཤྀག༎ ཡོན་མེ་ཏོག་གསོལ་པས་ནྀ་ཡྀད་ཏུ་འོང་བའྀ་གཟུགས་དང། མཙན་ཀྱྀས་བརྒྱན་ཏེ། འགྲོ་བ་
(30v4) མང་པོས་བལྟས་ན་མཛེས་ཤྀང་མཐོང་ན་དད་པར་འགྱུར་བའྀ་ལུས་སྐྱོན་མྱེད་པ་ཐོབ་པར་ཤོག་ཤྀག། པོག་སྤོས་གསོལ་ཕས་ནྀ་ཙུལ་ཁྲྀམས་ཀྱྀ་དྲྀ་བསུང་རྣམ་པར་དག་པས་བརྒྱན་ཅིང་གནས་པའྀ་འཁོར་དང། སྤྱོད་
(31r1) ༄༅༎ ཡུལ་ཡྀད་ཏུ་འོང་བ་དང་ལྡན་བར་ཤོག་ཤྀག༎ སྤོས་ཆབ་གསོལ་པས་ནྀ་གནས་དང་འཁོར་ན་ཡན་ལག་བརྒྱད་དང་ལྡན་བའྀ་ཆུ་དང་ལྡན་ཏེ། གཙང་ཞྀང་དྲྀ་མྱེད་ལ་དབང་པོ་དང་ཞྀང་གསལ་བར་ཤོག་ཤྀག༎ ནོར་རྫས་
(31r2) གསོལ་ཕས་ནྀ་འཇྀག་རྟེན་ཐམས་ཅད་ན་དབུལ་ཞྀང་ཕོངས་པའྀ་མྱྀང་མྱྀ་གྲགསྟེ་གྲགས་སྟེ་ ཡྀན་ཡྀད་ བཞྀན་ལྷའྀ་ལོངས་སྤྱོད་དང་ལྡན་ཞྀང་ཟད་མྱྀ་ཤེས་པའྀ་གཏེར་དང་ལྡན་བར་ཤོག་ཤྀག༎ རྐང་འགྲོས་གསོལ་པས་ནྀ་འགྲོ་བ་མང་པོ་
(31r3) སྒྱོང་བར་གྱུར་ཏེ་སངས་རྒྱས་ཀྱྀ་ཞིང་གཅིག་ནས་གཅིག་ཏུ་རྒྱུ་བའྀ་རྫུ་འཕྲུལད་ཀྱྀ་རྐང་ཕ་དང་ལྡན་བར་ཤོག་ཤྀག༎ ཞལ་ཟས་གསོལ་ཕས་ནྀ་ཟྀལ་དངར་བྲོའྀ་མཆོག་གསུང་མཆོག་བརྩེགས་པའྀ་
(31r4) ཞལ་ཟས་དམ་པ་དང་ལྡན་བར་གྱུརད་ཏེ། སེམས་ཅན་ཐམས་ཅད་ཀྱྀ་གསོས་སུ་གྱུར་པར་ཤོག་ཤྀག༎ མཆོད་སྟོན་གསོལ་པས་ནྀ་གནས་དང་འཁོར་ན་ལྷ་རྫས་དམ་པའྀ་རོལ་མོའྀ་སྒྲ་འབྱྀན་ཅིང་ཀུན་ཏུ་ཁྱབ་
(31v1) ཤོག་ཤྀག༎ ཁ་དོག་དང་སྟོབས་མཆོག་ཏུ་རྒྱས་ཤྀང་ཚེ་རྀང་ནད་མྱེད་པ་དང། ལོངས་སྤྱོད་ཟད་མྱྀ་ཤེས་པ་དང་ལྡན་བར་ཤོག་ཤྀག༎ ཡོན་རོལ་མོ་གསོལ་པས་ནྀ་གནས་དང་འཁོར་ན་ལྷ་རྫས་དམ་པའྀ་རོལ་
(31v2) མོའྀ་སྒྲ་འབྱྀན་ཅིང་ཀུན་ཏུ་ཁྱབ་པར་ཤོག་ཤྀག༎ མར་མྱེ་གསོལ་ཕས་ན་འགྲོ་བ་ཐམས་ཅད་ཀྱྀ་མ་རྀག་པའྀ་མུན་ནག་བསྩལྟེ་བསྩལད་ཏེ་ ཤེས་རབ་ཀྱྀ་སྒྲོན་མ་དང་ལྡན་བར་ཤོག་ཤྀག༎ རྐྱེན་ཀྱྀ་འབངས་
(31v3) ཕུལ་བས་ནྀ་གཞན་ཀྱྀས་མྱྀ་ཕྱེད་མྱྀ་ཐུབ་པའྀ་འཁོར་ཕུན་སུམ་ཚོགས་པའྀ་པ་ དང་ལྡན་བར་ཤོག་ཤྀག༎ བྱ་དགའ་རྀམ་པར་ཕྱེ་སྟེ་དོན་སྩལ་བགྱྀས་སོ་འཙལ་གྱྀ་བསོད་ནམས་ཀྱྀས་འཇྀག་རྟེན་དང་འཇྀག་
(31v4) རྟེན་ལས་འདས་པའྀ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་བར་ཤོག་ཤྀག༎ གཞན་ཡང་དེ་བཞྀན་གཤེགས་པའྀ་ཡེ་ཤེས་ཆགས་པ་མྱེད་ཅིང་སྒྲྀབ་པ་མྱེད་པས་མཁྱེན་པ་རབ་ཏུ་མཁྱེན་ཕ་
(32r1) ༄༅༎ གཟྀགས་ཕ་རབ་ཏུ་གཟྀགས་ཕའྀ་བདག་ཅག་གྀ་དགེ་བའྀ་རྩ་བ་གཅིག་ཏུ་བསྡུས་ནས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཅུབ་དུ་བསྔོས་ཕ་དེས་སངས་རྒྱས་ཐམས་ཅད་ཡོངས་སུ་མཉེས་པར་
(32r2) གྱུརད་ཅིག༎ སངས་རྒྱས་ཀྱྀ་ཞྀང་ཐམས་ཅད་ཡོངསུ་ཡོངས་སུ་ སྦྱོང་བར་གྱུར་ཅིག༎ སེམས་ཅན་ཐམས་ཅད་ཡོངས་སུ་སྨྱྀན་པར་བྱེད་པའྀ་མཐུ་དང་ལྡན་བར་གྱུརད་ཅིག༎ དགེ་བའྀ་བཤེས་གཉེན་ཐམས་ཅད་
(32r3) དང་ཆོས་སྨྲ་བ་ཐམས་ཅད་དུ་མགུ་བར་བྱེད་པར་གྱུརད་ཅིག༎ དེ་བཞྀན་གཤེགས་ཕ་ཐམས་ཅད་ཀྱྀ་བསྟན་པ་ཡང་དག་པར་འཛྀན་ཅིང་སྲུང་བ་དང་ཡོངས་སུ་སྐྱོང་བར་གྱུརད་ཅིག༎ ལས་ཀྱྀ་སྒྲྀབ་
(32r4) པ་ཐམས་ཅད་བྱང་བར་གྱུརད་ཅིག༎ ཉོན་མོངས་པའྀ་སྒྲྀབ་པ་ཐམས་ཅད་རྣམ་པར་དག་པར་གྱུརད་ཅིག༎ སྒྲྀབ་པའྀ་ལྀང་ཏོག་ཐམས་ཅད་རྣམ་པར་སྦྱོང་བར་གྱུརད་ཅིག༎ བདུད་ཀྱྀ་རྩོད་པའྀ་དཔུང་ཐམས་
(32v1) ཅད་རབ་ཏུ་འདུལ་བར་གྱུརད་ཅིག༎ ངན་སོང་ཐམས་ཅད་ཀྱྀ་རྒྱུན་ཆད་པར་གྱུརད་ཅིག༎ སངས་རྒྱས་ཀྱྀ་ཆོས་ཐམས་ཅད་མངོན་བར་བྱང་ཅུབ་པར་གྱུརད་ཅིག༎ ཏྀང་ངེ་འཛྀན་ཐམས་ཅད་དང། དབང་ཐོབ་
(32v2) པ་དང། མངོན་བར་ཤེས་ཕ་ཐམས་ཅད་ཀྱྀས་རྣམ་པར་རྩེནད་པ་དང། རྣམ་པར་ཐརད་པ་ཐམས་ཅད་ཀྱྀ་སྒོ་ནས་རྣམ་པར་འཕྲུལད་པར་གྱུརྟེ་འཕགས་པ་འཇམ་དཔལ་ལྟ་བུའྀ་ཤེས་རབ་དང། ཀུན་[ཏུ]བཟང་པོ་
(32v3) ལྟ་བུའྀ་སྨོན་ལམ་དང། ཀུན་ཏུ་སྤྱན་རས་གཟྀགས་ཀྱྀ་ཐུགས་རྗེ་དང། ཕྱག་ན་རྡོ་རྗེ་ལྟ་བུའྀ་མཐུ་སྟོབས་དང། དྲྀ་མ་མྱེད་པར་གྲགས་པ་ལྟ་བུའྀ་ཐབས་ལ་མཁས་ཕས་སེམས་ཅན་གྱྀ་དོན་ལ་འཇུག་པར་
(32v4) འགྱུར་ཏེ༎ ཉོན་མོངས་པའྀ་སྒྲྀབ་ནྀ་ཟད། ཤེས་བྱའྀ་སྒྲྀབ་པ་ནྀ་བྱང། བྱང་ཅུབ་ཀྱྀ་ས་བཅུ་ནྀ་ནོན་ཏེ། མྱྀ་གནས་པའྀ་མྱ་ངན་ལས་འདས་པར་སྨོན་ཏོ༎
(33r1) ༄༅༎ རྒྱ་དྲུག་ལས་སྩོགས་ཕ་མཇལ་དུཾ་ཆེན་པོ་མཛད་པའྀ་གཙྀགས་གྱྀ་གཙུག་ལག་ཁང་གྲགས་ཕ་ཆེན་པོའྀ་ཁམས་ནྀ་བཞེངས་པའྀ་དཀོན་མཆོག་གསུམ་ལ་དབྱར་མོ་ཐང་ཁྲོམ་ཆེན་པོ་ཁཾས་ནས་སྨོན་ལམ་དུ་
(33r2) གསོལ་བ་དང། ཡོན་དུ་དབུལ་བའ༎
དཀོན་མཆོག་གསུམ་ལ་ཕྱག་འཙལ་ལོ༎ སངས་རྒྱས་ལ་ཕྱག་འཙལ་ཏེ། ཐམས་ཅད་མཁྱེན་པའྀ་ཡེ་ཤེས་རྫོགས་པ་ལའོ༎ ཆོས་ལ་ཕྱག་འཙལ་ཏེ་ཐེག་པ་
(33r3) ཆེན་པོའྀ་ཕ་རོལ་ཏུ་ཕྱྀན་པའྀ་དོན་དང་ལྡན་བ་རྣམས་ལའོ༎ དགེ་འདུན་ལ་ཕྱག་འཙལ་ཏེ༎ འགྲོ་བ་ཡོངས་ཀྱྀ་དོན་སྙྀང་རྗེ་ཆེན་པོ་སྦྱོར་བའྀ་བྱང་ཅུབ་སེམས་དཔའ་རྣམས་ལའོ༎ རྗེ་ལྷ་སྲས་འཕྲུལད་ཀྱྀ་རྗེ་བློན་ཆེན་པོས་
(33r4) བོད་ཁམས་ཡོངས་ཀྱིས་བདེ་སྐྱྀད་པར་ཐུགས་དཔགས་མཛད་དེ། སྐུ་དོན་ཆེན་པོ་གྲུབ་པ་བདག་ཅག་ཁམས་ཆེན་པོ་ཡོངས་ཀྱྀ་སྨོན་ལམ་དེ་བཞྀན་b is written overlapping and deleting d ཏེ། མཆོད་པའྀ་ཡུལ་ཕུལ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ལོ།
(33v1) རྗེ་ལྷ་སྲས་ཀྱྀ་ཞ་སྔ་ནས༎ མྱྀ་རྗེ་ལྷས་མཛད་པས་ཐུགས་ལ་འཕྲུལ་མངའ། ལྷའྀ་ཆོས་གཙུག་ལག་བཟང་པོ་རྒྱས་པར་མཛད་པའྀ་ཐུགས་རྗེས་གནམ་མཐའ་འོག་གུན་ཀུན་ དུ་ཡང་ཁྱབ། དབུ་རྨོག་བརྩན་མངའ་
(33v2) ཐང་ཆེ་བའྀ་བྱྀན་ཀྱྀས་ནྀ་བློན་ཆེན་པོ་འཕགས་ཕ་དང་ལྡན་བ་རྗེ་བློན་འཕྲུལ་ཀྱིས་ཉྀ་འོག་གྀ་རྒྱལ་པོ་ཆེན་པོ་རྒྱ་དྲུག་ལས་སྩོགས་པ་གདུལ་དཀའ་ཞྀང། སྔན་ཅད་བཀའ་འོག་ཏུ་མ་ཅུད་པའྀ་རྣམས་
(33v3) ལ་རླབས་ཆེན་པོས་བཏུལ་ཏེ། རྒྱལ་པོ་ཆེན་པོ་རྒྱ་དྲུག་དང་འཇང་ལས་སྩོགས་ཕ་བཀའ་འོག་དུ་དུས་གཅིག་དུ་འདུས་ཏེ། མཇལ་དུམ་གྱྀ་གཙིགས་ཆེན་པོ་བཅས་ཏེ། བོད་འབངས་མགོ་ནག་པོ་མཐ་མཐའ་ ཡུན་
(33v4) དུ་བདེ་སྐྱྀད་པར་གནང་བའྀ་བཀའ་དྲྀན་ཆེན་པོ་སྩལད་པས་ཀྱང་མ་འཙལྟེ་འཙལད་ཏེ་ མཐའ་བཞྀ་ཐམས་ཅད་དུ་བདེ་པའྀ་བཀའ་དྲིན་ཀྱིས་བཀབ་ནས་མཇལ་དུམ་ཆེན་པོའྀ་གཙིགས་བཅས་པའྀ་གཞྀར་བཀྲ་ཤྀས་ཀྱྀ་གཙུག་ལག་ཁང་
(34r1) ༄༅༎ གྲགས་པ་ཆེན་པོ་བཞེངས་ནས་ནམ་ཞར་ཡང་མྱྀ་འགྱུར་བའྀ་གཙིགས་ཀྱྀ་རྡོ་རིངས་བཙུགས་ཏེ། རྗེ་བློན་ཆེན་པོས་ལེགས་པ་ཆེན་པོའྀ་གཞྀ་བཏྀང་བའ་རྗེ་ལྷ་སྲས་གྱྀ་ཞ་སྔ་ནས། སྐུ་ཚེ་གཡུང་དྲུང་དུ་བཞེས་ཏེ། སྐུ་
(34r2) ལ་སྙུན་མྱྀ་མངའ། སླད་རྗེས་སུ་ཡང་དགོངས་འཙལ་གྲུབ། ཆབ་སྲྀད་ཀྱྀ་བློན་པོ་ཆེན་པོ་ལེགས་པ་ཆེན་པོ་མཛད་པའྀ་རྣམས་ལེགས་དགུར་འགྱུར་ཞྀང། རྒྱལ་པོ་ཉྀ་འོག་བཀའ་འོག་དུ་འདུས་ཕ་དང། བཀྲ་
(34r3) ཤྀས་པར་སྨོན་ལམ་གསོལྟེ་གསོལད་ཏེ་ དབྱར་མོ་ཐང་ཁྲོམ་ཆེན་པོའྀ་ཁམས་ནས། ཡོན་དུ་དབུལ་བའ༎ དབུས་ཀྱི་ཁམས་ཆེན་པོ་མདོ་གམས་གྱྀ་དབང་པོ་
(34r4) མན་ཅད་འབངས་ཡོངས་ཀྱིས་གཙིགས་ཀྱི་གཙུག་ལག་ཁང་དུ་ཡོན་ཏུ་དབུལ་ཞྀང་སྨོན་ལམ་དུ་གསོལ་བའ༎
བོད་ཆེན་པོ་འཕྲུལ་ཀྱྀ་ལྷ་བཙན་པོ་སྐུ་ལ་བྱྀནད་ཆགས། ཐུགས་ལ་འཕྲུལ་མངའ་བའྀ་ཞ་སྔ་ནས༎
(34v1) འགྲེང་མགོ་ནག་གྀ་རྗེར་མྱྀ་རྗེར་ལྷ་ལས་གཤེགས་ཏེ། རྒྱལ་ཁམས་གཞན་གྱྀ་རྒྱལ་པོ་གང་བས་ཀྱང་འཕགས་ཤྀང་ཐུགས་ལ་འཕྲུལ་མངའ་དགོངས་པ་ནམ་ཀའྀ་དབྱྀངས་དང་འདྲ་བར་ཡངས་ཤྀང་རྒྱ་ཆེ། རི་རབ་ལྷུན་པོ་བཞྀན་དུ་བཀྲའ་དྲང་
(34v2) གསུང་རྟག། གཉྀ་ཟླའྀ་འོད་དང་འདྲ་བར། བྱམས་པ་དང་ཐུགས་རྗེས་ཁྱབ་པར་མཛད་དེ། མཐའ་ཡུན་གྱྀ་དོན་དུ་དཀོན་མཅོག་གསུམ་གྱྀ་མཅོད་རྟེན་བཙུགས་ཤྀང་དམ་པའྀ་ཆོས་བདུད་རྩྀའི་སྒོ་ཕྱེ་ནས་སྤྱོད་དུ་
(34v3) སྩལད་ཏེ། བོད་རྗེ་བློན་བྱང་ཅུབ་གྱྀ་སྤྱོད་པ་དང། སྔོན་གྱྀ་བསོད་ནམས་དང། སྨོན་ལམ་གྱྀ་ཤུགས་ཀྱྀས་འཛམ་བུ་གླིང་འདྀའྀ་རྒྱལ་ཕོ་ཆེན་པོ་བཞྀའི་འབངས་འགྲེང་དུད་ལ་ཐུགས་རྗེ་ཆེན་པོའྀ་བྱིན་
(34v4) ཀྱིས་ཁྱབ་སྟེ། མཐའ་དག་བདེ་སྐྱིད་པར་དགོངསྟེ་དགོངས་ཏེ་ མཇལ་དུམ་ཆེན་པོ་གྲུབ་ནས་འགྲོ་བ་མང་པོ་སོ་སོ་གནས་གནས་མལ་མལ་དུ་བདེ་སྐྱིད་ཕ་ཆེན་པོ་མཛད་དེ། དེ་ག་གཡུ་ཚལ་མཇལ་དུམ་