OTDO
Old Tibetan Documents Online

Pt_0981

Pelliot tibetáin 981
    photo
1. Content : Recto, Tibetan version of Rāmāyana. Verso, writing exercise of letters.
2. Note : Scroll. The beginning and the end are missing. Recto, 276 lines of a part of Tibetan version of Rāmāyana stories. Verso, 31 lines of Tibetan, writing exercise of letters. According to Takeuchi 1990, it is classified as Type III, with greeting pattern 2: private letters.
3. References :
Lalou (1939-1961: II 29) [P.Translit.], Balbir (1963: 39-63) [I.Translit.,I.Trans.], de Jong (1977) [I.Translit.], de Jong (1989) [I.Translit.,I.Trans.].

Transliteration   (Change the Display Format)

(r1) [---]d [---] rgy[al པོ་ར]མ་ན་'[---]
(r2) [---]ལོག་ཤག་དུ་བཀོལ་བའ༎
(r3) ༄༅༎ རྒྱལ་པོ་ར་མ་ན་སྟངས་དབྱལ་བཀའ་+འ་ མཆིད་ཀྱི་{ཡེ་གེ}་༎ སྔོན་རྒྱའ་མཚོ་འི་གླིང༎ རྀ་རབ་ky[i][---]
(r4) [---]ogs ཀྱི་ངོས་ན༎ ཡུལ་ལང་ཀ་པུ་ར་ཞེས་བགྱི་བ༎ ནེའུ་སེང་སྔོན་པོས་ནི་སྤྲིན་གྱི་མཐོ༎ བྱེ་བ་ལྟར་སྔོན]---[sngon?][---]
(r5) [---]od// འཚེ་འུ་ལང་ལིང་ནི་གཟའ་སྐར་མཁའ་ལས་ཤར་པ་ལྟར་བཀྲ་ཙིག་ཚིག༎ ངའ་ངུར་ཐང་[---]
(r6) [---]དིར་དིར༎ ལྷ་བྱ་གནམ་ལ་འཕུར་བ་ནི་གཤོག་སྒྲ་འུར་འུར༎ དཔག་བསམ་གྱྀ་ལྗོན་ཤིངshi[ng] [---]
(r7) [---]འི་འབྲས་བུ་འཕྲུལ་ཞིང༎ དར་ཟབ་ཀྱྀ་ལོ་མ་ལྷུབས་པ་དག་ནི༎ སུ་འདོད་ང ལོང་ཞེས་'[---]
(r8) [---]ཏིག་གྱི་ཆར་པ་ནི་ཕྲྭ་ཕྲྭ༎ གཡུ་འྀ་གྲམ་བུ་ནི་སིལ་སྀལ༎ གསེར་གྱི་བྱེ་མ་ནི་ཕང་ཕུང། [/]
(r9) [---]པ་ཤེད་ན༎ སྲྀན་པོ་སྡེ་ཚན་ཞིག་མཆྀས་པའི་རྒྱལ་པོ་ཡག་ཤ་ཀོ་[རེ]
(r10) [---]མཐུ་སྟོབས་དང་གཟི་བྱིན་སྤ་ལ་རྩལ་དང་དྲག་ཤུལ་དུ་ལྡན་བས། [/]
(r11) [---]པའ་མ་ཧ་དེ་བ་དང༎ བརྒྱའ་བྱྀན་ལས་བསྩོགས་པས་ཀྱང་མྱི་ཐུབ་སྟེ༎
(r12) [---]sum དང་གླིང་བཞྀ་འི་དབང་དུ་ཡང་ཞུགས་ནས༎ ལྷ་དང་མྱི་ལིས་ལས་ སྩོགས་ཏེ་དཀར་པོ་འི་རྣམས་ནི་དམས་
(r13) [---]སྲིན་ལས་སྩོགས་པ་ནག་པོ་འི་རྣམས་ནྀ་དར་ཅིང་རྒྱགས་ཏེ༎ ལོ་ཉེས་དང། ནད་མང་དུ་བྱུང་[---]
(r14) [---]བ་དང༎ ལྷ་རྣམས་གྱྀས་བསྒྲོས་ཏེ་གྲོས་བྱས་པའ༎ སྲིན་ན་པོ་འི་འཁོར་དང་བཅས་པ་
(r15) [---] ལྷ་དང་མྱི་འི་སྲིད་དམའ་སྟེ་མ་རུང་གིས་མྱེད་ན་ཅི་ལྟར་བྱའ་ཞེས་གྲོས་བྱས་ན༎
(r16) [---]དབང་བ་བས་ཀྱང་མཐུ་ཆེ་བ༎ ད་ལྟར་གྱྀ་ལྷ་མྱྀ་གཞན་གྱིས་མྱི་ཐུབ༎ ལྷ་འྀ་དྲང་སོང་རྣམ་[---]
(r17) [---]དང༎ དཔལ་ལྷ་མོ་གཉིས་བཤོས་པར་གསོལ་ན༎ དེ་འི་སྲས་ཀྱིས་ཐུབ་པར་ངེས་ཤེས་d[---]
(r18) ལྷ་རྣམ་གྱྀས་དྲང་སྲོང་དང། དཔལ་ལྷ་མོ་གཉིས་ལ་གསོལ་པའ༎ ཤེས་རྫོགས་གཟུགས་བརྙེན་བརྙན་ [---]
(r19) ལ་མ་ཆགས་ཀྱང༎ རང་སྐྱོན་བསལ་+ལ་ ཕྱྀར་མྱེ་my<i>e ལོང་རྟག་དུ་བལྟའ༎ འདོད་པའི་རྡུལ་ཕྲན་ཕན་ཙུན་མྱི་
(r20) གདུང་ཡང༎ ལྷ་མྱྀ་ཡོངས་ལ་བརྩེར་དགོངས་བསྲོལ་པའི་རིགས་ཤེས་གསོལ་པ་དང༎ གཉིས་ཀས་ཀྱང་གནང་ནས༎
(r21) སོ་སོ་ན་གཟི་ཏེ༎ འཛུམ་བ་ཙམ་གྱིས་སྲས་ཆགས་ནས༎ དུས་སུ་བཙས་པའི་སྲས་ནྀ༎ རྣམ་ཐོས་གྱི་སྲས་
(r22) ཤེས་བཏགས་སོ༎ དེ་ནས་རྣམ་ཐོས་གྱི་སྲིས་སྲས་ ཀྱིས༎ ཡུལ་ལང་ཀ་པུ་ར་འི་སྲིན་པོ་རྣམས་ཁ་བས་དམྱལ་བཅད་དོ༎
(r23) ཡུལ་ལང་ཀ་པུ་ར་མྱི་དང་ལྷས་གང་ངོ༎ སྲྀན་པོ་རབས་མ་ཆད་པའི་ཕུད་དུ༎ ཡག་ཤ་ཀོ་རི་ཤེས་བྱའ་བའི་བུ།
(r24) མལ་ཧྱན་པན་ཏ་ཤེས་བྱ་བ༎ ཚེམ་བུ་ན་འདུག་པ་ཅིག་བཞག་གོ༎ བུ་དེ་སྐྱེས་ཏེ་བསམས་པ༎ ཡུལ་མྱྀ་ཁྱིམ་ཙེ་
(r25) ཐམས་ཅད་ལ༎ ཕ་མ་དང་གཉེན་བཞེས་ཡོད་ན༎ བདག་གྱྀ་ཕ་མ་དང་གཉེན་གདུན་འདུན་ ག་རེ་སྙམ་ནས༎ བྲམ་འཛེ་ར་
(r26) ཏ་ན་ལ་དྲྀས་པ་དང༎ ར་ཏ་ན་ཁྱོད་ཀྱི་ཕ་ནི་ཡག་ཤ་ཀོ་རི་ཞེས་བྱ་སྟེ༎ མཐུ་རྩལ་དང་གཟི་བྱིན་ལས་བསོགས་པ་ལྷ་
(r27) གང་བས་ཀྱང་ཆེ་སྟེ༎ སྲིན་པོའི་འཁོར་འཕལ་མོ་ཆེ་ཞིག་དང༎ ཡུལ་འདི་ན་འཕགས་པར་ལོང་སྤྱོད་དང༎
(r28) སྐྱྀད་ཅིང་འདུག་པ་ལས༎ རྣམ་ཐོས་ཀྱི་སྲས་ཀྱྀས་འགྲེང་མྱེད་དུ་བརྣལ་ནས༎ ཕུད་དུ་བཞགས་ནྀ་ཁྱོད་ཡིན་ནོ་
(r29) ཞེས་ཟེར་ཐོས་ནས༎ ཤྀན་ཏུ་ཡིད་ལ་གཅགས་ཏེ༎ འདི་འི་ལན་མྱྀ་ལོན་དུ་མྱི་གཏང་ངོ་སྙམ་དུ་བསམས་པའ༎
(r30) བདག་ནྀ་མཐུ་ཆུང་བས་མྱྀ་ནུས༎ སྐྱབས་ཆེན་པོ་འགའ་ཞིག་ལ་བརྟེན་ཏེ༎ བསམ་བ་བསྒྲུབ་བར་བསམསbsam[s]
(r31) ནས༎ ཚངས་པའི་སྲས་ཤྭ་པ་སྀ་ན་ཤེས་བྱ་བ༎ རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་ཤིང་རྟ་འྀ་མཚལ་
(r32) ན༎ ལྷ་འྀ་དྲང་སྲོང་མཛད་པའྀ་ཁས་བླངས་ནས༎ ལོ་མང་པོ་ཞིག་གྱི་བར་དུ། དཀའ་ཐུབ་དང། རིམ་འགྲོ་ཆེར་
(r33) བྱས་ཏེ་མཉེས་པ་བྱས་སོ༎ དེ་ནས་ཉིན་གཅྀག་ན༎ མལ་ཧྱ་ཕན་ཏས༎ ལྷ་འྀ་དྲང་སྲོང་ལ་བཀའ་སྩལ་པ༎
(r34) སྲྀད་གསུམ་མངའ་མཛད་མཚངས་པ ལྷ འྀ་སྲས༎ འབྱོར་ཀུན་ལྡན་ལྷ་མྱི་ཡོངས་ཀྱི་གཙོ༎ བཙན་ཡངya[ng]
(r35) མ་དྲགས་བདེ་ལ་མ་ཆགས་ཀྱང༎ བརྩེར་དགོངས་འབུལ་བ་ཐུགས་རྗེས་བཞེས་ལས་ལགས་ སམ་ཞེས་བྱས་པ་དང༎ ལྷ་འི་
(r36) དྲང་སྲོང་གྱིས་བཀའ་སྩལ་པ༎ ང་ནྀ་ཚངས་པའི་ལོང་སྤྱོད་ལ་མ་ཆགས་སྟེ༎ དབེན་བའི་གནས་སུ་སྲུང་གི་སྤྱོད་
(r37) པ་ལ་ཅི་ཡང་མྱྀ་དགོངས་མོད་ཀྱི༎ སེམས་ཅན་བསོད་ནམས་na<s>ms ཐོབ་པར་བྱ་བའི་ཕྱིར༎ སྦྱིན་བ་སྟོབ་པའི་
(r38) ནིར་ནོར་ བཞེས་སུ་གནང་ངོ་ཤེས་བྱུང་ནས༎ ཞག་གསུམ་ལོན་བའི་འོག་དུ༎ མལ་ཧྱན་པན་ཏས༎
(r39) [ལྷ?]དྲང[dra]ng སྲོང་ལ་གསོལ་པ༎ འཇིག་རྟེན་དག་ན་གཉི་ལྟར་དྲོ་བ་རྐོན༎ བདག་ལ་བྱམས་པར་ཁྱོད་ལས་
(r40) གཞ་མྱྀ་བཞུགས༎ དྲྀན་གཟོ་ལན་དུ་བདག་གི་བུ་མོ་འདི༎ མེ་ཀེ་སེ་ན་འབུལ་ན་བཞེས་སུ་གསོལ༎
(r41) ཞེས་བྱས་ནས༎ བུ་མོ་ཁྲིད་དེ་འོངས་པ་དང༎ ལྷ་འི་དྲང་སྲོང་རབ་དུ་མྱྀ་དགྱེས་ཏེ༎ བདག་གྱིས་བུ་མ་མོ་
(r42) འདྀ་བླངས་ན་ནི༎ དྲང་སྲོང་གི་ཆོས་ལུགས་དང་ཡང་འགལ་ཏེ༎ འཇིག་རྟེན་གཞན་གྱིས་ཀྱང་དཔྱས་
(r43) པར་འོང༎ མ་བླངས་ན་ནྀ་བརྩེ་བས་བྱིན་བའི་ནོར་བླང་ངོ་ཞེས་སྨྲས་པའི་ཚིགས་དང་ཡང་འགལ་ན༎
(r44) ཅྀ་ལྟ་བྱ་སྙམ་ནས་སེམས་མྱི་བདེ་སྟེ་ཅང་མྱི་གསུང་བ་དང༎ མལ་ཧྱན་པན་ཏས་གསོལ་པའ་+འ་ ཀུན་ལ་
(r45) བདེ་བའི་བདེ་མཆོག་ལོང་སྤྱོད་ནི༎ གཟི་མདངས་གཛེས་མཛེས་ པའི་གྲོགས་དང་བསྟེན་པ་ལགས༎
(r46) དཔལ་བརྗིད་འཕྲུལ་ཀྱི་བསྟེན་གྲོགས༎ ལྷ་མོ་འདི༎ ཁྱེད་ལ་འཚམས་ཞེས༎ ཀུན་བསྟོད་སྐུ་
(r47) མྱྀ་ངས༎ མགོ་འཕང་དམའ་ཞིང༎ སྐབས་ཀྱི་ཟུར་མྱིག་ཅན༎ ཡིག་ཙམ་འཛུམ་ཞྀང༎
(r48) གཞོག་སྟེགས་ཚུལ་ལ་མཁས༎ འཇོ་སྒེག་ཆེ་ཞིང། བྱྀ་བྱད་དག་ལ་བརྩོན༎ ལྷ་མོ་འདི་འི་ནང་ནའ༎
(r49) དཀོན་བ་འདི་བཞེས་ཤྀག་ཅེས་གསོལ་པ་དང༎ ལྷའི་དྲང་སྲོང་གྱིས་བཀའ་+འ་ སྩལ་པའ༎ ངེད་ལྷའི་
(r50) ལུ་ཀྱིས་སྔར་སྨྲས་པའི་ཚིགས་དང། འགལ་བ་བྱར་མྱྀ་རུང་ལ༎ ཁྱོད་ཀྱི་བོ་མོ་ཡང་ཡྀད་དང་འཐད་པ་
(r51) ཞྀག་པས༎ ཁབ་དུ་བཞེས་སུ་གནང་ངོ་ཞེས་བྱས་པ་དང༎ སྲྀན་པོ་རབ་དུ་དགའ་+འ་ སྟེ༎ གཏང་རག་
(r52) བཏང་ངོ༎ དེ་ནས་མེ ཀེ སེ་ན་ལ༎ ལྷའི་དྲང་སྲོང་གྱི་སྲས་ཁྱེའུ་གསུམ་ཡོད་དེ༎ ཆེད་པོའི་མྱིང་ནི།
(r53) འདའ་ཤ་གྲྀ་བ་ཞེས་བྱ༎ འབྲིང་པོ་འི་མྱིང་ནྀ། ཨུད་པ་ཀ་ན་ཞེས་བྱའ༎ ཐ་ཆུངས་ཀྱི་མྱིང་ནི། ཅི་རི་ཤ་
(r54) ན་ཞེས་བྱ་སྟེ༎ སྲས་གསུམ་ཡོད་པ་ལ༎ མྱེས་པོ་ནང་གྱྀ་ཆེད་པོ་ལ་བྱམས་ནས༎ མགོ་བཅུ་
(r55) བྱྀན་ཏེ་མགོ་མང་བ་བཞིན་དུ། མཐུ་རྩལ་དང། ལོང་སྤྱོད་ཀྱང་ཆེ་འོ༎ དེ་ནས་ལན་ཅིག་ན༎ མལ་ཧྱ་
(r56) པན་ཏས༎ ལྷའི་བུ་རྣམས་ལ་གསོལ་པའ༎ བདག་ལྟ་ཞིག༎ སྲྀན་ཟད་ཀྱི་ནི་དུམ་འབུ༎ ཤིང་ཟད་ཀྱྀ་
(r57) ནྀ་རྣུ་བ་ཞིག༎ རྀགས་དམའ་ཞིང། མཐུ་ཆུང་གྱྀས་ཀྱང༎ དབང་ཏང་ཆེ་སྟེ། ཚ་བོ་ཁྱོད་འདྲ'd[ra] བའba['] [ཡོད?]
(r58) ན༎ མྱྀ་སྔ་ནི་ནི་སྤྱོམ་པའ༎ ཤིང་སྔ་ནྀ་རིབ་མའ༎ གཞན་ལ་ངོམ་ཡང་ངོམ༎ ཡུལ་ཀར་གཤེགསgsh[egs?]
(r59) སུ་གསོལ་པ་ལསla[s] ལྷ་འི་བུ་རྣམ་ཀྱང༎ ཡུལ་ལང་ཀ་པུ་རར་གཤེགས་སུ་གནང་ངོ༎ སྲིན་པོས་
(r60) བསམས་པ༎ ད་བདག་གྱི་བསམ་བ་ནི་གྲུབ་པ་འདྲའ་འོ་ཞེས་ཟེར་ནས༎ དེ་ནས་ལྷ་འི་བུ་
(r61) རྣམས་ཀྱིས༎ ལྷ་འྀ་རྔོས་གྲུབ་བསྒྲུབས་པ་ལས༎ ལྷ་རྣམས་རྔོས་གྲུབ་ངན་བ་མཐོང་ནས།
(r62) དགོས་གྲུབ་མ་སྟེར་རོ༎ དེ་ནས་ལྷ་འི་བུ་རྣམས་སྔུན་བསྙེན་བཀུར་བྱས་པའི་སློབས་དཔོན༎
(r63) མ་ཧ་དེ་བས་ཚིགས་ལ་དབང་བསྐུར་བའི་ལྷ་མོ་ཤིག༎ ལྷ་འི་བུ་རྣམས་ཀྱྀ་ཐུགས་སུ་སྩལ་ཏེ་
(r64) དགོངས་གྲུབ་གསོལ་པ༎ ལྷ་རྣམས་ཀྱི་དབང། ལྷ་མོ་དེས་བསྒྱུར་ནས༎ ལྷ་རྣམས་ལ་དབང་བྱེད་
(r65) པར་གནང་ནས༎ དེ་ཚུན་ཅད་ལྷ་རྣམས་ཕུང་བར་བྱས་ནས༎ ཡུལ་ལང་ཀ་པུ་རའི་ལྷ་མྱྀ་
(r66) རྣམས་བརླག་སྟེ༎ སྲྀན་པོ་འི་སྡེ་ཚན་གྱྀས་བཀང་ནས༎ མདའ་ཤ་གྲྀ་བ་རྒྱལ་པོ་བྱེད་དོ༎ ལྷ་ཀླུ་རྣམས་ནི།
(r67) སྒོ་པ་དང་དཀོར་འཛིན་དང། ཕྱག་དར་བགྱྀད་དུ་སྩལ༎ མདའ་ཤ་གྲུ་གྲི་ བ་དར་ནས་ལོང་སྤྱོད་དང་ལྡན་ནས།
(r68) རྒྱལ་པོ་ཡང་གར་དགྱེས་པར་རོལ་དུ་གཤེས་གཤེགས་ སོ༎ དེ་ནས་བློན་པོ་ཆེ་ཕྲ་རྣམས་ཀྱྀས་གསོལ་པ༎
(r69) གཞན་ཕལ་ལ་ཐུབ་པ་ནི་མད་ན༎ འཇིག་རྟེན་གྱི་ལྷ་སྣུ་ཤེས་བ༎ མཐུ་ཆེ་ཞི་ཞིང་ རྫུ་འཕྲུལ་དང་
(r70) ལྡན་བ་ཞྀག་མཆིས་ཞེས་གསོལ་ཏོ་t<e>o དེ་ནས་བྱི་སྣུ་གང་ན་འདུག་ཅེས་དྲིས་པ་དང༎ བྱང་ཕྱོགས་
(r71) འོ་མ་མཚོ་ཤེས་བགྱི་བར་མཆིས་ཤེས་གསོལ་བ་དང༎ མདའ་ཤ་གྲི་བ་ཤྀང་རྟ་ལ་ཞུགས་ནས་དེར་
(r72) མཆྀས་སོ༎ བྱྀ་སྣུ་འི་འཁོར་གཅིག་གིས་མཐོང་ནས༎ མདའ་ཤ་གྲི་བ་འདྀར་འོངས་ཞེས་བྱས་
(r73) པ་དང། བྱྀ་སྙུ་འྀ་ཞལ་ནས། རྒྱལ་པོ་འདིར་འོངས་པ་ལེགས༎ ནང་དུ་ཤོག་ཅིག་ཅེས་བསྒོ་བ་དང་
(r74) མདའ་ཤ་གྲི་བ་ན་རེ་ང་ནྀ་ཐབ་མོ་ལ་འོངས་ན༎ ཅྀ་སྟེ་ནང་དུ་འགྲོ་ཞེས་བྱས་པ་དང༎ བྱྀ་སྣུ་འི་ཞལ་
(r75) ནས༎ ཁྱེད་ཡི་བུ་ཅག་གཉྀས་ཀྱང་ཞན་ལས་འཕགས་པ་ཡིན་བས༎ ཁྱྀ་ཕྲད་དུ་འཐབ་པར་མྱི་
(r76) རིགས་པས༎ དྀང་ནི་ནང་དུ་ཤོག་ལ་ཟན་ཡང་ཟོས་ངལ་ཡང་སོས་ཏེ། སང་ནི་འཐབ་མོ་འགྱེད་
(r77) དོ་ཤེས་འབྱུང་བ་དང༎ འདའ་ཤ་གྲྀ་བ་ནང་དུ་འོངས་པ་དང༎ བྱྀ་སྣུ་ལང་སུ་ཡང་མ་བཏུབ་པ་ལས་
(r78) མདའ་ཤ་གྲྀ་བ་ཁྲོས་ནས༎ ཚུར་ཤོག་ཡུ་བུ་ཅག་གཉིས་འཐབ་མོ་འགྱེད་ཅེས་ཟེར་བ་དང།
(r79) བྱྀ་སྣུ་ཞལ་ནས། གཞན་མྱྀ་དགོས་ངའི་རྣ་བ་ཡ་གཅིག་ཐྱོག་ཐེག་ ལ་ཁྱེ་ཁྱེར་ རོག་ཅེས་ཟེར་བ་དང། རྣ་བ་ཡ་
(r80) གཅྀག[gc]Ig ཀྱང་མ་ཐེག་ནས༎ བྲེད་ཟད་ནས། བྱྀ་སྣུ་འི་རྐང་པ་ལ་མགོ་གཏུགས་ནས་ཕྱག་བྱས་
(r81) སོ༎ སླ་སླར་ ལང་ཀའི་ཡུལ་དུ་སོང་ངོ༎ བྱྀ་སྣུ་ནི་དེ་ལྟར་མ་ཐུབ་བོ༎ དེ་ནས་དགའ་ལྡན་གྱྀ་གནས་སུ༎
(r82) ལྷ་རྣམས་འདུས་ནས་གྲོས་བགྱིས་པའ༎ དབང་ཕྱུག་ཆེན་པོས་བཀའ་སྩལ་པའ༎ འཇྀག་རྟེ་རྟེན་ གི་
(r83) ཕྱྭའ་ལ་དྲྀས་ཅིག་ཅེས་འབྱུང་ངོ༎ ཕྱ་འི་ཞལ་ནས༎ ལང་ཀའྀ་རྒྱལ་པོ་འདའ་ཤ་གྲྀ་བ་བས།
(r84) ལྷ་རྣམས་བཀོལ་ཞིང་གནོད་པ་བྱེད་པ༎ དང་པོ་དབང་སུས་བསྐུར༎ ཞེས་རྨས་པ་དང། མ་ཧ་དེ་བ་
(r85) ལགས་ཅེས་གསོལ་ཏེ༎ འོ་ན་མ་ཧ་དེ་བའི་ཐད་དུ་སོང་ལ༎ གཟའ་ཕུར་བུས་མ་ཧ་དེ་བལ་བ་ལ་ དྲིས་
(r86) པ་ལས༎ མ་ཧ་དེ་བའི་ཞལ་ནས་ངས་འདི་དབང་བསྐུར་བ་ནི་མད༎ མདའ་ཤ་གྲྀ་བ་འདི་ལྟར་
(r87) འདུག་མྱི་མཁས་ཏེ༎ འཇིག་རྟེན་ལ་གནོད་ན༎ ང་ནི་དམ་ཚིགས་བཅས་པ་ཡིན་བས༎
(r88) ལྷ་བྱྀ་སྙུ་ལ་ཞུས་ཅིག་ཅེས་འབྱུང་བ་དང༎ བྱི་སྣུ་འིས་བཀའ་སྩལ་པའ༎ ད་ལྟ་འི་དུས་ན༎ འཛམ་བུ་གླིང་
(r89) གྱྀ་རྒྱལ་པོ༎ འདའ་ཤ་རི་ཏེ་ཤེས་ཀྱང་བྱ༎ ཤིང་རྟ་བཅུ་པ་ཤེས་ཀྱང་བྱ་སྟེ༎ རྒྱལ་པོ་དེ་ལ་བུ་མྱེད་པས༎ དེ་འི་
(r90) བུར་ང་སྤྲུལ་ཏེ། སྲིན་པོང་བར་བྱ་འོ་ཤེས་བཀའ་སྩལ་ཏེ༎ དེ་ནས་བྱྀ་སྣུ་ནི། ཤིང་རྟ་བཅུ་པི་པའི་ བུ། ར་མ་ནར་
(r91) སྤྲུལ༎ བྱི་སྣུ་འི་བུ་ནི། ནུ་བོ་ལག་ཤ་ནར་སྤྲུལ༎ ལྷ་རྣམས་ཀྱིས་སྤྲུལ་པ་མང་པོ་བཀྱེ་འོ༎
(r92) སྲིན་པོ་འི་སྲི་བརླག་པར་ནུས་པའི་ལྷ་མོ་གཅིག༎ མདའ་ཤ་གྲི་gr<u>i བའི་ཆུང་མའི་མངལ་
(r93) དུ་ཞུགས་སོ༎ དེ་ནས་རེ་ཤིག་ན། མདའ་ཤ་གྲི་བའི་ཆུང་མ་ལ་བོ་མོ་གཅིག་བརྩས་སོ༎
(r94) མཆན་མཚན་ མཁན་གྱིས་བལྡས་བལྟས་ ན༎ ཕ་དང་སྲིན་པོ་འི་སྡེ་ཚན་བརླག་པའི་མཚན་དང་ལྡན་ནས།
(r95) ཟངས་ཁ་སྦྱར་གྱི་ནང་དུ་བཅུགས་སྟེ༎ ཆུ་བསྐུར་ཏེ་བཏང་ངོ༎ རེ་ཤིག་རྒྱ་གར་གྀ་ཞིང་པ༎
(r96) དཀའ་བླང་བའི་ནང་དུ་འོངས་ནས་རྙེད་དོ༎ མྱྀང་ཡང་རོལ་རྙེད་མར་བཏགས་སོ༎ རེས་ཤིག་ན།
(r97) འཛམ་བུ་གླིང་ལ་དབང་བའི་རྒྱལ་པོ༎ ཤིང་རྟ་བཅུ་པ་ཞེས་བགྱི་བ་ཞིག་སྲས་ཡོང་མྱི་མངའ་ནས༎
(r98) གངས་ཏི་སེ་ལ་སྒྲ་བཅིམ་བ་ལྔ་བརྒྱའ་བཞུགས་པ་ལ༎ རྒྱལ་པོས་མཆོད་པ་བྱས་ནས། བུ་སླང་པ་ལས་
(r99) མེན་ཏོག་གཅིག་བསྐུར་ནས༎ འདི་བཙུན་མོ་གནང་ཅེན་ལ་བྱིན་དང། སྲས་ཡོང་པར་འགྱུར་རོ་ཞེས་
(r100) གསུང་ནས༎ རྒྱལ་པོས་བཙུན་མོ་གནང་ཅེན་ལ་སྩན་སྩལ་ པ་དང༎ བཙུན་མོ་གནང་ཅེན་བསམས་
(r101) པ༎ བདག་བུ་མྱེད་པ་བཞིན་སེམས་མྱི་བདེ་བ་བཞིན༎ ཆུན་མ་ཡང་དེ་དང་འདྲའ་བར་བསམ་ནས།
(r102) མེན་ཏོག་ཕྱད་ཕྱེད་ མར་བགོས་ཏེ་ཟོང་ཟོས་ [---]སོ། རྒྱལ་པོས་ཡང་བཙུན་མོ་གཉིས་ཀ་དང་གཟིམས་ནས༎
(r103) སྲས་ཁྱེའུ་རེ་རེ་བརྩས་པ་ལས༎ ཆུན་མའི་སྲས་ཞག་གསུམ་གྱིས་སྣ་ལ་བཙས་ཏེ་རྒན་ནས༎
(r104) མྱྀང་ཡང་ར་མ་ན་བཏག་སོ༎ བཙུན་མོ་གནང་ཆེན་གི་སྲས་གཞོན་ནས་མྱྀང་ཡང་ལག་ཤ་ནར་བཏགས་
(r105) སོ༎ རེ་ཤིག་ན་ལྷ་དང་ལྷ་མ་ཡིན་གཡུལ་སྤྲད་དེ༎ རྒྱལ་པོ་ཤིང་རྟ་བཅུ་པ་དམག་ལ་ཕྱིན་ནས།
(r106) རྨས་ཏེ་སླར་བྱོན་པ་དང༎ སྙུན་ཆབས་+བ་ཪཱེཨཱཌ༔་ཚབས་ ཆེ་སྟེ། རྒྱལ་པོ་འི་ཐུགས་ལ་དགོངས་པ༎ བདག་ནི་ནས་དགས་
(r107) པའི་སྟེང་དུ༎ ན་ཚབས་ཆེ་སྟེ༎ འཚོ་བ་ཡང་མྱི་དྲན་ན༎ བདག་གི་བཙུན་མོ་གན་ཅེན་གི་བུ་རྒྱལ་སྲིད་
(r108) དུ་བཅུག་པར་འདོད་ན༎ ར་མ་ན་ནས་དགན་བཞིན་དུ༎ ཆུག་ཆུན་ མའི་ངོར་བྱས་ནས་བསྐོས་ན༎ འབྲང་ཀྱིས་
(r109) ཀྱང་དབྱས་dbya<r>s ར་མ་ན་བསྒོས་ན་ནི༎ བཙུན་མོ་གན་ཅེན་ཡང་ཡི་ཆད་ན༎ ཅི་ལྟར་བྱ་སྙམ་ནས༎
(r110) རྒྱལ་པོ་སེམས་མྱི བདེ སྟེ༎ སྙུན་ཡང་སླར་འབྲེད་ནས༎ གྲོས་གྲོངས་ ལ་ཐུག་པ་དང༎ བདག་ནི་ཡབ་ཀྱི་
(r111) སྐུ་ཡོན་དུ་བསྔོས་ཏེ༎ དྲང་སྲོང་གི་སྤྱད་པ་སྤྱོད་ན་ཅི་གནང་ཞེས་གསོལ་དང༎ ཡབ་དགྱེས་
(r112) ནས་ལག་ཤ་ན་རྒྱལ་སྲི་དུ་བཅུག་པ་ལས༎ རྒྱལ་པོ་ཡང་ཚེ་འདས་སོའ༎ དེ་ནས་ལག་ཤ་
(r113) ནས་ཕོ་བོ་ལ་རྒྱལ་སྲིད་བརྟབས་པ་ལས༎ ར་མ་ན་མ་བཏུབ་སྟེ་དྲང་སྲོང་བྱ་བར་དམ་བཅས་པས་
(r114) མྱྀ་འདོད་ཅེ་ཟེར་བ་དང༎ ལག་ཤ་ནས་གསོལ་པ༎ དེ་ལྟར་དམ་བཅས་པ་ལ་གནས་ཏེ་རྒྱལ་
(r115) པོ་མྱི་འདོ་འདོད་ ན༎ ཁྱོད་ཀྱི་ཆགས་ཡ་གཅིག་བསྐུར་བར་ཅི་གནང༎ ཆགས་ནྀ་རྒྱལ་པོ་འི་
(r116) གདན་ལ་བཞུགས་bzh<e>ugs ཏེ༎ བདག་ནི་ཆགས་འོག་རྒྱལ་པོ་ཆེད་པོ་བགྱི་འོ་ཅེས་ཟེར་ནས༎ ར་མ་
(r117) ན་འི་ཆགས་ཡ་གཅིག་ནི་རྒྱལ་པོ་བྱེད༎ ལག་ཤ་ན་ནྀ་བློན་པོ་བྱེད་དོ༎ དེ་ནས་རེ་ཤིག་ན་བུ་མོ་
(r118) རོལ་རྙེད་མ་ནར་ཕྱིན་ཏེ༎ བུ་མོ་དེ་ལས་སྡུག་པ་མ་བྱུང་ནས༎ ཞྀང་པ་རྣམས་ཀྱིས་གྲོས་
(r119) བྱས་ནས༎ མྱྀར་སྐྱེས ལ་རྒྱལ་པོ་ར་མ་ན་ལས་བཟང་བ་མྱི་འབྱུང་ཅེས་ཟེར་ནས༎ ར་མ་ན་
(r120) ལ་ཕུལ་ལོ༎ ཚིགས་ཀྱྀས་བསྟོད་པ༎ སྐྲ་ནི་མཐོན་ཏིང། མྱྀག་ནི་ཨུད་པལ་པ་ལ་ ཚངས་པའྀ་
(r121) དབྱྀངས་ལྟར་ཁ་དོག་རྣམ་པར་དག༎ འཕྲེ་བའི་རྒྱན་མཚོག་མཆོག་ ཁ་དོག་ཡིད་དུ་ཤིས༎ དཔལ་ལྡན་
(r122) དྲྀ་མྱེད་པད་མོའི་མཆོག་ལ་སྐྱེས༎ ལུས་ཀྱྀ་ཡན་ལག་དུ་མཉམ་སྟེ་སྡུག༎ གསེར་གི་གཟུགས་
(r123) ལེགས་ནོན་ནོར་ བུ་ཕྱིས་པ་འདྲའ༎ ཕྱོགས་ཀུན་འོད་ཀྱིས་རྣམ་པར་དག་པར་གསལ༎
(r124) འདི་འི་བདག་པོ་གཞན་ནི་གཅིག་མ་མཆིས༎ མཚན་མ་བརྒྱ་འི་སྐུ་གཟུགས་མཛེས་མངའ་+འ་
(r125) བ༎ ཁྱོད་ཀྱི་ཞ་སྔར་བུ་མོ་འདི་འབུལ་ན༎ རྒྱན་དང་བཅས་b<b>cas ཤིང་ཤིང་དུ་ཡིད་འོང༎
(r126) རྀན་ཅེན་པད་མས་གལྷུབ་སྟེ་བཞེས་སུ་གསོལ་ཅེས༎ བསྟོད་ཚིགས་དང་བཅས་ཏེ་ཕུལ་
(r127) ལོ༎ ར་མ་ནས་བལྟས་ན༎ བོ་མོ་དེ་ལས་བཟང་ཞིང་སྡུག་པ་མྱེད་ནས༎
(r128) ཆགས་པའི་སེམ་གིས༎ དྲང་སྲོང་གི་སྤྱོད་པ་ཡང་བོར་ནས༎ བུ་མོ་བཞེས་སུ་གཞང་གནང་ ནས༎
(r129) མཚན་ཡང་ལྷ་མོ་ཟི་ཏར་གཏགས་སོ༎ བཙུན་མོ་བླངས་ནས༎ རྒྱལ་པོ་མཛད་དོ༎ དེ་ནེས་ནས་ རེས་
(r130) ཤྀག་ན༎ འདའ་གྲི་བའི་སྲིང་མོ༎ ཕུར་པ་ལ་ཞེས་བྱ་བ༎ སྐྲ་འཛིངས་ཤྀང་འཇོལ་བ༎ མྱྀག་ནས་
(r131) མྱེ་འབར་བ༎ མཚན་གཅིག་ལ་དཔག་ཚད་བརྒྱད་ཁྲྀ་འི་བར་དུ་རྒྱུ་ཞིང༎ མྱྀ་འོ་ཆོག་ལ་གནོད་པ་
(r132) ཞྀག་ཡོད་པས༎ རྒྱལ་པོ་ར་མ་ན་མཐོང་བ་དང༎ མ་འོས་པར་བཟང་བས༎ ཨ་ཅང་ཆགས་ཆེས་ཏེ།
(r133) འདི་དང་ལྷན་གཅིག་འགྲོགས་ན་ཅི་མ་རུང་སྙམ་ནས༎ འཕགས་པར་བཟང་མོ་ཞིག་དུ་བསྤྲུལ་ནས་
(r134) རྒྱལ་པོ་སྨྲས་པ༎ གཟུགས་བཟང་མཆོག་འདི་ཁྱོད་ཀྱི་འབངས་སུ་བཞེས་ཤེས་གསོལ་ནས༎
(r135) ཕྱག་བྱས་སྟེ་དྲུང་དུ་བསྡད་ཀྱང༎ རྒྱལ་པོ་འི་བཙུན་མོ་སེ་ཏ་འི་བྱད་ཀྱིས་ཕུལ་ཕྱུང་བས༎ སྲིན་མོ་
(r136) ལ་བལྟར་ཡང་མ་བཏུབ དང༎ འདི་ལས་ཡྀད་ལ་གཅགས་མྱེད་པས༎ ཐབས་ཅིག་བྱ་བ་ཞེས་
(r137) བསམས་ནས༎ རང་གི་གནས་སུ་སོང་སྟེ༎ མྱིང་པོ་མདའ་ཤ་གྲི་བ་ལ་གསོལ་པ༎ འཛམ་བུ་གླིང་
(r138) མྱྀ་ཡུལ་ན༎ རྒྱལ་པོ་ར་མ་ན་འི་བཙུན་མོར་འོས་པས༎ ར་མ་ན་ལ་ཕྲོག་པའི་རིགས་སོ་ཞེས་
(r139) གསོལgs[o]l པ་དང༎ འད་ཤ་གྲྀ་བ་དགའ་སྟེ༎ བློན་པོ་རྣམས་ལ་གྲོས་གསོལ་པ་དང། ར་མ་ན་ལས་
(r140) མཐུ[m]thu ཆེ་བ་མྱེད་ན༎ འོ་སྐོལ་གིས་ཁོ་འི་བཙུན་མོ་ཕྲོག་པ་ལྟ་མ་ཡིན༎ བརྐུར་ཡང་མྱྀ་ཐོབ་
(r141) བརྒྱའ་ལ་ཐོབ་ན་ཡང། སླད་རྗེས་གྀ་མཁོན་དང་སྲིད་བརླག་པར་མཆི། ཞེས་བགྱིས་པ་དང༎ མད་མདའ་ ཤ་གྲི་
(r142) བ་མ་བཏུབ་ནས༎ ཕྱྀས་ཅི་བྱུང་ཡང་རུང༎ འདྀ་མྱི་ཐོ་ཐོབ་ དུ་མྱི་རུང་ཞེས་བྱས་པ་དང༎ བློན་པོ་མེ་རུ་ཙེ་
(r143) ན་རེr[e] དེ་ལྟར་དོ་གལ་g is written interline ལ་བབ་ན༎ རེ་ཤིག་ནི་ཐོབ་གི། ཕྱིས་འོ་སྐོལ་གྀ་སྲིད་ནི་དེ་ཁོ་ནང་ནར་ མྱེད་དོ༎
(r144) [---]r ནས༎ འོ་ན་བདག་ནི་རིན་པོ་ཆེ་འི་རི་དགས་ཤྀག་བགྱི་སྟེ༎ ར་མ་ན་སྟང་སྦྱལ་སྟངས་དབྱལ་ ལ་བསླུས་པ་
(r145) [དང] བུད་མྱེད་ཀྱི་འདོད་ཆེན་གྱིས་ར་མ་ན་ལ་བུ་ཉི་ཟུང་ལ་ཁྱེ་རོག་ཅེས་ཟེར༎ ར་མ་ན་ཞལ་zha is written interline ནས༎ འདི་
(r146) ནྀ་བསླུ་བའི་རི་དགས་ཡྀན་བས་བསྙག་དུ་མྱི་རུང་ཞེས་གསུངས་པ་དང༎ ལྷ་མོ་མ་བཏུབ་ནས༎
(r147) རྀ་དགས་ཀྱིས་བསླུར་ཅི་མཆིས༎ རྒྱལ་པོ་འུ་ནི་ཟུང་ལ་བདག་ལ་སྩོལ་ཞེས་བགྱིས་པ་དང༎
(r148) རྒྱལ་པོའི་ཞལ་ན་ནས་ འུ་ནི་བསྙག་གི་བར་དུ་ཁྱོད་ཕྲོག་པར་འོང་ཞེས་བགྱི་བ་དང༎ ལྷ་མོ་
(r149) ཞལ་ནས༎ ཀྱེ་རི་བོ་སྤུ་མཐོ་གཉེན་གི་རྩེ༎ རིན་ཆེན་ཤེལ་གྱི་སྡོང་ཁྲུགས་པ། [/]
(r150) ཀླུ་བདག་བྱིན་གྱིས་མཐུ་བསྲུངས་པས༎ དགུང་ཡར་འཁྭ་སྐེམ་འཚང་མྱི་འཆའ༎
(r151) ཞེ་ཞེས་ བགྱིས་པ་དང༎ རྒྱལ་པོ་འི་ཞལ་ནས༎ འོ་ན་རི་དགས་བསྙག་དུ་འགྲོ་གིས༎
(r152) ལག་ཤ་ན་ལྷ་མོ་སྲུངས་ཤིག་ཞེས་བསྒོ་སོ༎ རྒྱལ་པོ་རི་དགས་བསྙགས་ནས༎
(r153) [དེ]ནས་སྲིནsri[n] གྱི་མཐུས༎ རྒྱལ་པོ་དངda[ng] བཙུན་མོའིm[o]'i བར་དུ༎ ཚུབ་མ་ཆེན་པོས་བཅདbca[d]
(r154) དེ་མྱི་མཐོང་བར་བྱས་ནས༎ རྒྱལ་པོས་རི་དགསdag[s] གྱི་གློར་མདའ་ཅིག་བརྒྱབ་པ་དང་
(r155) རི་དགས་གྱིས་ཨ་ན་མ་ལག་ཤ་ནེ་ཞེས་མཆི་བ་[---]ལྷ་མོས་གསན་ནས༎ རྒྱལ་པོ་[?]
(r156) [---]འདྲའ་གཅུངg[c]ung གྲོགས་[]བཞུདb[zh]ud ཅེས་གསུངས་པ་དང༎ ལག་ཤ་ནའི་མཆིདmchi[d] [---]
(r157) རྒྱལ་པོས་བདག་ལ་བཀའ་[---]ལྷlh[a] མོ[m]o སྲུངས་ཤིག་ཞེས་མཆི་བས༎ བདག་འགྲོ་ཤེསshe[s]
(r158) མཆི་བ་དང་[---]ཁྲོསkh[r]os ནས སྨྲས པའ་+འ་ རྒྱལ་པོ་ནོངས་ན༎ ང་ལ་བསྲུང་ན་ཆ་ཅི་མཆིས༎
(r159) [---]ལམ་ན༎ རྒྱལ་པོ་མྱི་བཞུགསbzhug[s] དང༎ བདག[b]dag དང་བཞུགས་པར་དགོངསd[g]ongs པ་འདྲའ'dra[']
(r160) [---]མ་ཐད་ན་ངའྀ་ལུས་འདི་མྱེ་ཕུང་དུ་གྱུར་ཏེ༎ སུ་རེག་པ་ཚིག་ཅིག་ཞེས་དམོད་
(r161) པ་བོརb[o]r ཏེt[e] དེ་ནས་ལག[la]g ཤ་ན་འི་ཞལ་ནས༎ བདག་ནི་གཅེན་གྱྀ་བསྒོ་བ་ཉན་ཏེ་མྱྀ་འགྲོ་
(r162) བར་ཟད་གྱྀ༎ སེམས་ལ་གསལ་བ་མྱེད་དོ༎ སེམས་ལ་གཡོ་མྱེད་ན། ནམ་ཞིག་ན་ཁྱོ་
(r163) ཤུག་མཁོན་ཅིག་ཅེས་དམོད་པ་བོར༎ དེ་ནས་ལག་ཤ་ན་གཅེན་གི་གྲོགས་མཛད་དུ་བཞུད་པ་
(r164) དང༎ ལྷ་མོ་ཟི་ཏ་རྒྱལ་པོ་འི་མྱ་ངན་ལངས་ཏེ། ངུ་ཞིང་འདི་སྐད་ཅེས་གསོངས་སོ༎ ཀྱྀ་[དབུ?]
(r165) བུད་མྱེད་རྣམས་ཀྱིས་སྨྲས་པ་[---] ལེགས་འགྱུར་བ་ག་ལ་ཡོད༎ ཕུགས་སུ་མྱི་རྟོགས་
(r166) འཕྲལ་དུ་ལྟ༎ འདོད་ཅེན་ཆེ་ཞིང། སྲབ་ལ་ཡང། ཡུན་གྱི་ལེགས་ཉེས་མྱྀ་ཤེས་པས༎
(r167) གནང་བར་བྱ་བའི་ག་རིགས༎ སྙིང་དངda[ng] འདྲ་བའི་རྒྱལ་པོ་དེ༎ ད་ཙམ་རྨད་ཅིག། ཉེས་པ་སྙཾ་
(r168) ཞེས༎ ངུ་ཞིང་འདུག་པ་དང། དེ་ནས་སྲྀན་མདའ་ཤ་གྲྀ་བ་དེར་ཕྱིན་ནས༎
(r169) ལྷ་མོ་བླང་བ་ཚད་པ་ལས༎ ལྷ་མོ་ལ་རེག་པ་ཚིག་པར་ཤེས་ནས། རྒྱལ་པོ་ར་མ་ན་དག་ཀྱང་སླར་ལོག་དུ་ཉེ་
(r170) བས༎ ས་གཞྀ་ཐེ་གི་ཙམ་ཞིག་དང་བླངས་ནས་བྲོས་སོ་+ཧོ་ དེ་ནས་རྒྱལ་པོ་ར་མ་ན་སླར་མཆིས་ན༎ བཙུན་
(r171) མོ་ས་གཞི་དང་བཐས་ཏེ་མ་མཆྀས་པ་དང༎ སྤུན་གཉྀས་ཤིན་ཏུ་ཡིད་ལ་གཅགས་ནས༎ གཞུ་བརྡུངས་
(r172) ནས་བསྙགས་པ་དང༎ ཁུངས་མ་ཕྱིན་རྨད་མ་རྙེད་ནས༎ ངལ་བསོ་བའི་ས་དག་ན༎ གཞུ་ལ་བསྐོམ་
(r173) ཚུགས་བྱ་ནས་གཉིད་ལོག་ན༎ དབྱར་དང་པོ་སྐྱེས་པའི་རྩྭ་གཞུ་ལ་ཁྲྀས་ནས་སྣ་ལ་ཟུག་པ་དང་གཟོད་སད་
(r174) དེ༎ ཡར་བཞེངས་ནས་རྨད་འདོར་ཞིང་འདྀ་སྐད་གསོངས་སོ༎ ད་ཙམ་བཟང་མོ་དེ། གདུང་བའི་མཆྀས་མ་
(r175) དཀྱུས་ཤིང་སྤྱན་བཀྲའ་ནས༎ ཟླ་མདངས་མཛེས་པའི་ཞལ་ན་ནས་ལྦབ་ལྟར་འདྲིལ་བ་སྙམ༎
(r176) གཉྀ་ཟེར་ལྟ་བུ་འི་ཉེན་པའི་ཐུགས་ངན་གིས༎ མཚན་མོ་མུན་པ་བཞྀན་དུ་གྱུར་པ་སྙམ་ཞེས་གསུང་
(r177) ཞྀང་བཞུད་པ་དང༎ ལུང་པ་ཞྀག་གི་མདོར་ཆུ་ནག་པོ་ཆེད་པོ་ཞིག་དང་མཇལ་བ་དང༎ གཅུང་གྱྀས་བཏུང་
(r178) བར་ཚད་པ་ལས༎ གཅེན་གྀ་མཆིད་ནས༎ འདྀ་ནི་སེམ་སེམས་ ཅན་ཆེད་པོ་ཤིག་ཁུ་བ་ཡིན་བས༎ བཏུང་དུ་མྱི་རུང་ཅེས་
(r179) བསྒོས་སི་སོ་ དེ་ནས་ཡྀན་ནོ༎ དེ་ནས་སྤྲེའུ་དེ་ལ་རྒྱལ་པོས་ཁྱོད་ཅི་ཉེས་ཅེས་དྲིས་པ་དང༎ བདག་ཅག་
(r180) སྤུན་གཉིས་མཆིས་པ་ལ༎ བདག་ནྀ་ཕོ་བོ་ལགས་ཏེ༎ མགྲྀན་བཟང་ཤེས་བགྱྀ༎ ཉུ་བོ་ནི་འབའ་+འ་ ལྀ་ཞེས་
(r181) བགྱྀ༎ བདག་ཅག་གཉྀས་ནི་སྤྲེའུ་གི་རྒྱལ་པོ་འི་བུ་ཡིན་ནས༎ རྒྱལ་སྲྀད་རྟོད་པ་ལས་ནུ་བོ་ཤེ་མོ་ཆེ་ཏེ་
(r182) བདག་ལ་བརྒྱབ་པ་ཡྀན་མཆི་བོ༎ དེ་ནས་རྒྱལ་པོས་བུད་མྱེད་འདི་ལྟ་བུ་ཞྀག་སྣང་ངམ་ཅེས་དྲྀས་པ་དང༎
(r183) བདག་ནྀ་བྲོ་འཚལ་བས་མ་མཐོང༎ བདག་གྀ་སླད་ན་སྤྲེའུ་གསུམ་ཞིག༎ ཁྱེད་བདའ་བ་དང་བྲོས་ནས་
(r184) ད་ལྟའ་རྀ་འདི་ལ་ཐལ༎ དེ་རྣམས་དེ་འདྲེའུ་ཅིག་མཐོང་མཆིས་བ་དང༎ དེ་ནས་རྀ་གྲོད་དུ་བལྟས་ན༎
(r185) སྤྲེའུ་གསུམ་གདའ་བ་དང༎ རྒྱལ་པོས་ངེད་གནོད་པ་མྱི་བྱེད་གིས་མར་ཤོག་ཤིག་ཅེས་བོས་པ་དང། སྤྲེའུ་
(r186) དེར་འོངས་སོ༎ རྨས་ནའ། གཞེ་ཉིང་སྔ་མོ་ཞིག་ན༎ མྱྀ་མགོ་བཅུ་པ་ཞིག་གི༎ བུད་མྱེད་སྨན་འདྲའ་
(r187) བ་ཞིག་ས་བཞྀ་དང་བཅས་ཏེ་ཁྱེར་དེ་སོང་ངོ༎ བུད་མྱེད་དེ་ངུ་ཞིང་འདྀ་སྐད་མཆི་འོ༎ བདག་ནྀ་རྒྱལ་པོ་ར་མ་ན་
(r188) འྀ་བཙུན་མོ་ཟི་ཏ་ཡིན༎ མཐུ་ལྟན་གང་དང་བདག་ལ་མྱྀ་བརྩེ་འམ༎ མྱྀ་སྡུག་གཟུག་ཅན་འདྀ་ལས་ཕྲོག་
(r189) དུ་གསོལ༎ ཡིད་གཅུགས་དྲིན་དང་བྲལ་བའྀ་བསྡུག་བསྔལ་བས༎ དང་པོ་ཉིད་ན་མ་སྐྱེས་བླ་བ་ཞྀག༎
(r190) ཅྀ་ལྟར་བཀྲའ་བའྀ་མྱིག་གཉྀས་ཕྱུང་བ་བས༎ ཡོང་ནས། དམུས་ལོང་དག་དུ་གྱུར་གྱང་རུང་ཞེས་མཆི་བ་
(r191) ཞིག༎ ནམ་ཀ་ལ་ཁྱེར་ཏི་བྲོས་སོ༎ ཞེས་གསོལ་པ་དང༎ རྒྱལ་པོ་ར་མ་ནའི་ཞལ་zha in written interline ནས༎ མགྲིན་
(r192) བཟང་གྀ་དན་གྲོགས་ངས་བྱ་ལ་རྒྱལ་སྲྀད་དུ་གཞུག་ན༎ ངའྀ་མཙུན་མོ་བཙལ་བའི་རོགས་ཁྱོད་
(r193) མྱྀ་བྱེད་དམ་ཅེས་གསོལ་པ་དང༎ མགྲིན་བཟང་གྀས་ཀྱང་བདག་གི་དན་རོགས་བགྱིས་ན༎
(r194) བདག་ཀྱང་བཀའ་ལུང་བཞིན་བགྱྀ་འོ༎ ཞེས་གསོལ་ནས་བྲོ་ཚིགས་བཟུངས་སོ༎
(r195) སྤྲེའུ་གཉྀས་སང་ནང་པར་རྒྱལ་སྲྀད་ལ་འཐབ་པར་དུས་བཏབ་བོ༎ རྒྱལ་པོས་ཀྱང་འབའ་ལི་
(r196) བསད་པར་བགྱྀས་སོ༎ དེ་ནས་སྤྲེའུ་གཉྀས་ཐུག་ཅེས་བཀྱེ་བ་དང༎ སྤྲེའུ་གཉྀས་འདྲའ་
(r197) ཆེས་ནས་གང་ལ་འཕང་ཆ་མྱེད་ནས་མ་འཕངས་སོ༎ འབའ་ལེ་འིས་མགྲིན་བཟང་དེའུ་
(r198) བཟད་ཙམ་དུ་བྱས་ནས་བཏང་ངོག་ངོ་ མགྲྀན་བཟང་རྒྱལ་པོ་ལ་གསོལ་པ༎ བདག་ལ་འཐོ་
(r199) འཚམ་བ་འདྲའ༎ བདག་ནི་ཤི་ལ་ཐུག་ཅེས་གསོལ་བ་དང༎ རྒྱལ་པོ་འི་ཞལ་ནས་
(r200) དྀ་རིང་ནི་སྤྲེའུ་གཉྀས་འདྲའ་ཆེས་པས་མདའ་མ་འཕངས་སོ༎ སང་ནི་ཁྱོད་ཀྱི་མཇུག་
(r201) མ་ལ་མེ་ལོང་ཅིག་ཐོགས་ལ་ཁྱེ་ཤེས་བྱས་པ་དང༎ སང་འགྱེད་པར་དུས་བཏབ་ནས༎
(r202) དེ་ནས་སྤྲེའུ་གཉིས་ཐུག་ཅེས་བཀྱེ་བ་དང༎ མགྲིན་mgr<o>in བཟང་ལ་མྱེ་ལོང་ཡོད་པར་མཐོང་ནས་
(r203) འབའ་ལི་ལ་མདྲ་མདའ་ ཅིག་བརྒྱབ་བོ༎ འབའ་ལྀ་རྡུད་ཅེས་འགྱལ་བ་མཐོང་ནས༎
(r204) དྲུང་དུ་ཕྱིན་ཏེ་བལྟས་ན༎ རྒྱལ་པོ་ར་མ་ན་འི་མདས་ཕོག་སྟེ་ཤི་བ་མཐོང་ནས་སྨྲས་པ༎
(r205) མཐུ་རྩལ་ཆེ་ཡང་དགོངས་རླབས་ཆུང༎ གྲོགས་པོ་བཙལ་ན་མཐོ་བདམ་མོད༎ ནོངས་ལེགསleg[s]
(r206) མྱེད་པར་གོ་མཉམ་ན༎ འབའ་ལྀ་ལྷག་པར་ཅི་སྟེ་བཀུམ༎ རྒྱལ་པོ་ར་མ་ནྀ་མདས་ཕོག་
(r207) སྟེ་གུམ་བ་ལྟ་ལྷ་ ལྟར་སྐྱེ་བས་བླ་འགྲང་ཞེས་ཟེར་ཏེ་སོང་སོ༎ རྒྱལ་པོ་ར་མ་ན་ཡང་ཅུང་
(r208) སད་སྐྱེངས་སོ༎ དེ་ནས་མགྲིན་བཟང་དང། བཙུན་མོ་བཙལ་བར་དུས་བཏབ་initial b is written interline ནས༎ སླར་རང་
(r209) གྱྀ་ཡུལ་དུ་ཕྱྀན་ནས་དམག་དཔུང་བསློགས་ནས་དུས་སར༎ ལོ་གསུམ་བསྡད་པ་ལས་
(r210) སྤྲེའུ་དམག་མ་འོངས་ནས༎ མདའ་ལ་ཡེ་གེ་བྲིས་ནས༎ མགྲྀན་བཟང་གྱི་ཡུ་ཡུལ་ དུ་
(r211) འཕངས་པ་དང༎ སྤྲེའུ་རྨམས་རྣམས་ གྱིས་མདའ་ལ་ཡེ་གེ་མཐོང་ནས༎ སྔར་ལོག་སྤྱོད་ལ་
(r212) གཡེངས་ནས༎ དམག་བཅད་པ་གཟོད་དྲན་ནས༎ ཡེ་གེ་བླགས་ན༎ དམ་ལ་གནས་
(r213) པའྀ་མགྲིན་བཟང་པོ༎ འབའ་ལི་ལམ་དུ་མ་འགྲོ་ཤིག༎ གང་ཞྀག་འབའ་ལི་བསད་པའི་
(r214) ལམ༎ དེ་ནི་ཡངས་པ་མ་ཡིན་ནོ༎ ཞེས་བྱུང་ནས༎ དེས་སྐྲག་ནས་དམག་གཟོད་དུས་
(r215) སར་ཕྱྀན་ནོ༎ དེ་ནིས་ནས་ རྒྱལ་པོ་ར་མ་འྀ་མཆིད་ནས༎ སྤྲེའུ་ལ་རེམ་བ་འགའ་ཞྀག་བཏུས་
(r216) ཏེ༎ ལྷ་མོ་བཙལ་དུ་བཏང་ཞེས་བགྱིས་པ་དང༎ མགྲིན་བཟང་གྀ་ཞལ་ནས༎ ནང་ན་མཐུ་
(r217) ཚལ་ཆེ་བ་འདི་གསུམ་ཆེ་ཞེས་བགྱིས་ནས་བཏུས་པ༎ ཕག་ཤུ་དང་ཟི་འདུ་དང། ཧ་ནུ་
(r218) མན་ཏ་གསུམ་བཏུས་སོ༎ རྒྱལ་པོས་ཀྱང༎ འཕྲིན་ཡིག་དང༎ རྟགས་སོ་རྡུབ་བརྫངས་
(r219) ནས༎ ཚོལ་དུ་བཏང་ངོ༎ དེ་ནས་སྤྲེའུ་གསུམ་མར་ཕྱིན་དགུང་ཕྱྀན་ན༎ ཁུངས་མ་ཕྱིན།
(r220) རྨད་མ་རྙེད་ནས། མཆྀ་མཆི་བ་དང༎ བྲག་མཐོངས་གཅྀག་ན་བྱའ་ནག་པོ་ཆད་པོ་ཞིག་ད་དང་
(r221) མཇལ་བ་དང༎ བྱའ་དེ་ལ་དྲྀས་པ་དང༎ ང་ནྀ་བྱའ་ཁྱུང་གི་རྒྱལ་པོ་ཨ་ག་འཛ་ན་ཞེས་བྱའ་
(r222) སྟེ་རྒྱལ་པོ་ར་མ་ན་དང༎ སྔུན་ངེད་གཉིས་ཤག་རག་པོ་ཡིན་ཏེ༎ ལྷ་མོ་སྲིན་མདའ་ཤ་གྲི་
(r223) བས་ཁྱེར་ཏེ༎ ད་ལྟ་ནྀ་ཡུལ་ལང་ཀ་ཕུ་ར་ན་འདུག་ཅེས་མཆི་ནས༎ དེ་ནས་སྤྲེའུ་རྣམ་རྣམས་ གྱིས༎
(r224) བསྒྲོས་པ༎ ཡུལ་ལང་ཀ་པུ་ར་ནི་རྒྱའ་མཚོ་ན་འདུག་པས༎ ཡུ་བུ་སུ་འགྲོ་ནུས་ཅེས་བསྒྲོས་པ་དང།
(r225) ཧ་ནུ་མན་ཏ་ང་ནུས་ཞེས་ཁས་བླངས་ནས༎ གཉྀས་ནི་མཚོ་འགྲམ་ན་སྡོད༎ ཧ་ནུ་མན་ཏ་མཆོངས་
(r226) ཏེ་མཆིས་ནས༎ ཡུལ་ལང་ཀར་ཕྱྀན་ནས༎ བཙལ་བ་ལས༎ མཁར་སྒོ་མྱེད་རིམ་དགུ་འྀ་
(r227) ནང་དུ་བཅུགས་ནས༎ དམག་གྱིས་འཚོལ་འོ༎ སྲིན་གྀས་གཟིམས་པར་ནྀ་མ་ཚུགས༎
(r228) ཚྀག་པར་ཤེས་ནས་ལྷ་མོ་རང་ཉམས་སུ་མཆིས་སྟེ༎ ཧ་ནུ་མན་ཏ་འཇབ་འཇབ་ནས་ལྷ་མོ་དང་
(r229) མཇལ་ལོ༎ དེ་ནས་ཕྱག་བྱས་འཕྲྀན་ཡིག་དང། རྟགས་སོ་རྡུབ་ཕུལ་ཏེ༎ བཙུན་མོས་ཕྲིན་ཡིག་
(r230) བླགས་པ་ལས༎ འཕྲྀན་ཡིག་ལས་འབྱུང་བའ་+འ་
(r231) ༄༅༎ མེན་ཏོག་འདབ་རྒྱས་ལྟ་བུའི་ཨུད་པལ་ལ༎ སྙུན་ཀྱྀ་ཐན་བས་གདུངས་པར་མ་གྱུར་ཏམ༎
(r232) སྟག་རིས། བུང་བའ་ལྟ་བུར་འཁོར་ལྡིང་ལ༎ ཐུགས་ཀྱི་གྲྭ་ནས༎ བྲེང་བྲེང་མྱི་བརྩེ་འམ༎ བདག་ནི་
(r233) བསླུ་བའྀ་རི་དགས་དེ་བཀུམ་སླར་མཆྀས་ནའ༎ སག་གཞིར་བཅས་ཏེ། བཟང་མོ་མྱི་བཞུགས་ནས་
(r234) མྱེ་ངན་ཡིད་yi<b>d ལ་གདུངས་པའྀ་ལུག་མདོག་ནི༎ ལོ་འབའ་ལྷགས་པའི༎ ཤིང་ལྟར་མཛེས་དང་བྲལ།
(r235) ཤེལ་མདོག་འདྲ་བའི་ཐན་འགྲོགས་དེ་མྱེད་ནས༎ ངུར་པ་བཞིན་དུ་ཕྱོགས་ཙམ་ཀུན་དུ་ཚོལ།
(r236) ཆབ་གང། གཡུང་འདྲུང་ཡུན་ཀྱི་ཐག་བསྲྀང་བས༎ ལོ་ཟླ་མང་པོ་ཡེངས་ལས་འདས༎ ད་ནི་གངས་
(r237) ཀྱྀ་སེ་འགེ་རྩལ་ཕྱུང་མཐུག་གཏུགས་ནས༎ བསྡོ་བའི་དགྲ་གཞན་རང་ཡིད་འཁམས་ཏེ་འཆི༎
(r238) ལྷུན་པོ་རིལ་པོར༎ རྀན་ཅེན་བྱིན་ཤར་ནའ༎ སྐར་ཚོགས་མཁའ་ལས་རྒྱུ་བ་འོད་དང་བྲལ༎
(r239) དེ་བས་བདག་ལ། ཐུགས་བརྩེ་འི་ངང་ཉྀད་ནི༎ དཀྱིལ་ཡངས། རྒྱའ་མཚོ་འི་གཏིངས་སུ། གྱུར་ལྟར་ཡནya[n?]
(r240) ཕུ་ཆབ་ལྟ་བུའི། ཡིད་ཀྱྀས༎ དབའ་རྒལ་དག༎ རྒྱ་སྐྱེད་དགོངས་པའྀ། ལྷུམ་སུ། ཐིམ་བར་མཛོད་
(r241) ཅེས་བྱུང་ངོ༎ དེ་ནས། ལྷ་མོའི་ཞལ་ནས༎ སྤྲེའུ་ལས་གཏོད་འདོད་ཆེ་བ་མྱེད་པས༎ གོབ་ཤིག་
(r242) སྲིན་པོ་དག་གྱིས། བསད་པར། འོང་ངོ་ཞེས་གསྲོ་ནའ༎ ཧ་ནུ་མན་ཏ་མ་ཉེན་ཏེ༎
(r243) སྲིན་པོའི་བསྐྱེད་མོ་མཚལ་དུ་སོང་ནས༎ ཤིང་ཀུན་མགོ་འཇུག་བཟློག་སྟེ༎ རྐལ་ཀ་མང་པོ་ཞིག་བྱས་པ་དང།
(r244) སྤྲེའུ་མ་རུངས་པ་ཞིག་འོས་འོངས་ སོ་ཞེས་ཟེར་ནས༎ འདའ་ཤ་ཀྲ་ཀྲི་ བའི་སྙེན་དུ་གདས་ཏེ༎ འཛྀན་པ་མང་
(r245) དུ་བཏང་ནས༎ སྤྲེའུ་གྱིས་འཛིན་པ་རྀལ་བསད་དོ༎ འདའ་ཤ་ཀྲི་བས། ཐུགས་སྙུངས་ནས༎ གཉྀ་ཟེར་གྱི་
(r246) ཞགས་པའ༎ དངོས་གྲུབ་ཅན། བསྐུར་ཏེ་བཏངས་ནས༎ ཞགས་མྱིག་ཆེར་བྱས་ན་ནི༎ སྤྲེའུ་ཆུ་ངུར་སོང་
(r247) ནས་མ་ཟིན༎ ཞགས་མྱྀག་ཆུ་ངུར་བྱས་ན་ནི། སྤྲེའུ་ཆེར་བྱས་ནས་མ་ཟིན་བ་དང༎ དངོས་གྲུབ་གྱྀ་ལྷས།
(r248) གཉྀ་ཟེར་གྱི་ཞགས་པའ༎ དངོས་གྲུབ་ཅན་གྱྀ་ཞགས་པས༎ སྤྲེའུ་ཧ་ནུ་མན་ཏ་ཟུན་ཟིན་ ཏོ༎ སྲིན་པོ་ན་
(r249) རེ་དིང་གསད་དོ་ཞེས༎ བསྒོ་བ་དང། ཧ་ནུ་མན་ཏས༎ སྲིན་པོ་རྣམས་ལ་གསོལ་པའ༎ ཁྲྀ་ལན་མྱི་
(r250) བཀུམ་དུ་མྱྀ་གསོལ་ནའ༎ བདག་གྱྀ་ཕ་ལྟར་དགུམ་བར་ཅི་གནང་ཞེས་གསོལ་ལོའ༎
(r251) ཕ་ཅི་ལྟར་བསད་ཅེས་དྲིས་ནས༎ མཇུག་མ་ལ། རས་ཡུག་སྟོང་གྱི་བསྐྲྀས་ནས༎ མར་ཕ་ལམ་ཁྲྀའི་
(r252) ནང་དུ་བཅུག་སྟེ། མྱེ་བཏངས་ནས་བཀུམ་ཞེས་བགྱིས་པ་དང༎ སྤྲེའུ་ཟེར་བའ། བདེན་བར་བཙིས་
(r253) ནས༎ དེ་བཞིན་དུ་བྱས་ཏེ༎ མྱེ་my<I>e བཏངས་ཙམ་ནའ༎ མཇུག་མ་སྤྲུགས་ནས༎ སྲྀན་པོའི་རྒྱ་
(r254) སྐེག་མཁར་བཅས་ཏེ༎ མྱེ་བཏངས་ནས༎ སྲིན་པོ་ཁ་བཏག་གོ༎ དེ་ནས། ལྷ་མོ་ཟི་ཏའི་དྲུང་དུ་mchi[s
(r255) ནས། བདག་སླར་མཆི༎ བཀའས་+འ་ སྤྲིང་མཛོད་ཅེས་བགྱིས་པ་དང༎ ལྷ་མོས་སྤྲེའུ་ལ་དྲིས་པའ༎
(r256) སྤྲེའུ་དམག་d<g>mag ལ༎ ཁྱེད་ཙམ་ཕོད་པ་དུ་ཡོད་ཅེས་དྲིས་པ་དང༎ ཧ་ནུ་མན་ཏས་གསོལ་པའ༎
(r257) བདག་ལ་བསྟོད་པ། ལེགས་མ་ཡིན༎ གཞན་ལ་སྨད་པ་དེ་བས་ཐུ༎ ཐུགས་ནས། ལྷ་མོ་ཁྱོད་དྲིནའ་དྲི་ན་
(r258) བདག་ཙམ་ཕོད་པའ། སྤྲེའུ་ལ་དཀོན་ཞེས་གསོལ་ནས༎ ཡྀ་གེ་མནོས་ཏེ། རྒྱལ་པོ་ར་མ་ནའི་
(r259) དྲུང་དུ་མཆིས་ཏེ༎ རྒྱལ་པོ་དགྱེས་ནས། འཕྲྀན་ཡིག་ལན་བཀླགས་ནའ༎ ཡོན་ཏན་ཡིད་
(r260) བཞྀན༎ མང་པོའི་འཕྲ་འཚོགས་ཀྱྀས༎ མཛེས་པས། བརྒྱན་པ་སྒྲོན་མ་ལྟ་བུའི་སྐུ༎ སྙུན་གྱི་
(r261) སེར་བུས༎ མ་བསྐྱོད་ལྷམ་མེ་ཞེས༎ གུས་པར་དྲི་བའི་ལན་ཚིགས་སྙེན་པ་དང༎ བརྩེར་དགོངས་འཕྲིན་
(r262) ཡྀག་སེམས་ལ། དོན་རིག་ཅིང༎ མཉེན་ལྕམ་ལྗུག་མའི། ཕྱག་རྒྱ་ངོ་འཚལ་ཏེ༎ བུས་བ་དྭ་བྲུག།
(r263) རྨིས་པའྀ། རྨི་ལམ་ནའ༎ ཕ་མ་གནའ་འདས། ཕྲད་དེ། རྨྱིས་པ་བཞིན༎ བདག་ལ་དྲན་བའྀ་སྟོབས་
(r264) ནྀ་དབང་མྱེད་པས༎
(r265) འཕྲོགས་ཞིང། བསྣམས་ནས༎ ལྷ་ཉིད་ལ་ལྷག་པར་བྲང་བྲེང་བརྩེ་བའི་མཐུ་མ་མཆིས༎ ཆབ་གང་
(r266) གཟུངས་ཀྱིས་ཡུན་དུ་མ་བཏང་ཞིང༎ མངའ་ཏང་རྐྱེན་གྱིས་འཁོར་ཚོགས་མང་པོ་ལ༎ བདག་ལྟ་
(r267) མྱྀ་དཔེན༎ དམན་བ་མ་མཆིས་ཀྱང༎ ཆབ་གང་འཁོར་ཡུག། རི་བརྟན་ཡ་རབས་གཞུང༎
(r268) ཐུགས་ལ་བརྩེ་བར་དགོངས་པ༎ གཏང་རག་འཚལ་ཞེས་འབྱུང་ངོ༎ དེ་ནས། མྱྀ་དང། སྤྲེའུ་གྱི་
(r269) དམག་ལང་ཀ་པུར་དུ་ཆས་ཏེ༎ ཤུལ་ཀར་འབབ་ཆུ་ཆེད་པོ་ཞིག་གྱྀས་ཆོད་པ༎ སྤྲེའུ་མ་ཀུ་དང་
(r270) དན་འདུ་གཉིས༎ ཟམ་པ་བཙུག་པའི་མཐུ་ལ་མ་དུམ་ནས༎ འཐམ་མོ་བགྱིས་པ་དང།
(r271) རྒྱལ་མོ་པོ་ ར་མ་ནས། སྤྲེའུ་གཉིས་ལ་བསྒོ་བའ༎ རྩལ་གྱི་དྲག་ཤུལ་རྔམས་པའི་མཐུ་སྟོབས་
(r272) དང། རང་རྀག་བཟོ་ལ་མཁས་པའི། མཁས་བཟོ་གཉིས༎ ཡོན་ཏན་སོ་སོར༎ ཆེ་བའི་ཕྲག་དོག་གྱིས།
(r273) འཐབ་ཅིང། འགྲན་བའྀ་གཅུགས་ནི། ཅི་ཡང་མྱེད༎ དེ་སྐད་ཅེས་བསྐོས་པ་དང༎ འབབ་འཐབ་ མོ་ཞིལ་ཏེ།
(r274) ཟམ་བཙུགས་ནས༎ ཕྱྀན་ནོ༎ ལང་ཀ་པུ་རར་འདའ་ཤ་གྲྀ་བ་དང། འཐབ་པར་དུས་བཏབ་ནས།
(r275) མནའ་མདའ་ ཤ་གྲྀ་བའི་ནུ་བོ༎ ཨུད་པ་ཀར་ནའ༎ རྒྱལ་པོ་ར་མ་ནའ་ལ། འཁུས་ཏེ་མཆིས་པ་དང༎
(r276) རྒྱལ་པོ་ར་མ་ནའ༎ ཡྀད་མ་ཆེ་ཏེ༎
(v1) ༄༅༎ ཨ་
(v2) [---] [ནས]འི་མངའ་བདག་ཐེན་ལེང་ཀོང་གྱི་ཞ་སྔར༎ གལོནg.[l]on [དུ]འི་ཙང་ཀུན་བཀྲbk[r]a ཤྀས་གྱྀ་མཆིད་གསོལ་བའ།
(v3) བདག་བྱང་ཅུབ་སེམས་པའྀ་ཞ་སྔ་ནས༎ [རྫེད]བོའ་གྱི་ཆབ་སྲིད་དགུང་དུ་གདོན་པ་དང༎ འབངས་མྱི་སྣ་མང་པོ་[འི]
(v4) [---] [བསྐྱང་བ]དང་རྒུན་ཚིགས་དང་པོ་ལ་བབ་པའི་ནམ་ཟླ་[]གྲངgra[ng] བས་སྐུ་བསིལ་བ་དང༎ རྀན་པོ་ཆེ་པད་མའིma'[i] g[---]
(v5) [---]yod ནས། ལི་བར་ཉྀ་སྟོང་ལྔ་བརྒྱའི་བར་དུ་ཆིབསch[ib]s [དུ]རབ་དུ་འོ་བརྒྱལ་[---]
(v6) བཞེས་སམ་མ་བཞེས། གུས་པར་སྲིs[ri] ཞུ་སྙུན་གསོལgs[o]l ཞིང་mchi[---]
(v7) བཀ་སྩལ་stsa is written interline པར་ཅི་གནང༎ ལེང་ཀོང་ཞ་སྔར༎ རྒྱལ་པོ་འི་མངའ་རྀས་khr[---]
(v8) ཞམ་འབྲིང་འོད་འབར་དང་ཆབ་སྲྀད་རྙིང སྙིང [གྱེད] གསར་དུ་གསོ་བའ་དང༎ སེ་ལེང་བུ་གཙུག་ལག་ཁང་ལ་[---]
(v9) དུ་གཤེགས་པར༎ བཀས་སྤྲིང་བས་མཇལ་ནས༎ གློ་བ་དགའ་སྟེ༎ སྤྱན་'[---]
(v10) བརྫངས་པ་ལགས༎ རྒྱལ་འབངས་མང་པོས་ཞུ་བ་གསོལ་ནས༎ གདན་མ་བྱོན་བར་[---]
(v11) ཀྱང་རབ་དུ་གློ་ལས་འཕྲེང་འོ་ན་ynag རྗེ་དང༎ ལེང་ཀོང་དུ་བཀའ་གོས་མཐན་ནས༎ mnga[---]
(v12) [---]in// ཆམ་ལ་འཕེབས༎ རྒྱ་དྲུག་འོད་འབར་གྱྀ་ཆབ་སྲིད་ནི་ཉེ་རིང་མ་མཆིས་པར་ཅི་གནངgna[ng] [---]
(v13) ༄༅༎ ཧ་སེ་མའ་བདག་ཐྱེན་ལེང་ཀོང་གྱི་ཞ་སྔར༎ གཡས་རུ་བན་དེ་དང༎ ཞང་ལོན་བྱིན་གྱི་མཆིད་གསོལ་
(v14) མངའ་བདག་བྱང་ཅུབ་སེམས་པའི་ཞ་སྔ་ནས༎ རྗེ་དབོན་ཞང་གྱི་ཆབ་སྲྀད་དགུང་དུ་གདོན་བ་དང༎
(v15) འབངས་མྱྀ་སྣ་མང་པོ་འི་ཆིས་ཀྱིས་བསྐྱང་བ་དང། རྒུན་ཚིགས་དང་པོ་ལ་བབ་པའི་ནམ་ཟླ་ཆ་གྲང་
(v16) བས༎ སྐུ་བསིལ་བ་དང༎ རྀན་པོ་ཆེ་པད་མའི་གདན་ཁྲྀ་ལས་བསྐྱོད་ནས༎ ལི་བར་ཉྀ་སྟོང་ལྔ་བརྒྱ་
(v17) བའྀ་བར་དུ་ཆིབས་གོང་དུ་རབ་དུ་འོ་བརྒྱལ་ན༎ རྀན་པོ་ཆེ་སྐུ་གཉན་ཞིང་བཙུན་བ་ལས་སྙུན་བཞེས་
(v18) སམ་མ་བཞེས༎ གུས་པའི་སྲི་ཞུས་སྙུན་གསོལ་ཞིང་མཆིས་ནའ༎
(v19) རྀན་པོ་ཆེ་པད་མ་འི་གདན་ཁྲི་ལས་བསྐྱོད་ནས༎ ལྀ་བར་ཉྀ་སྟོང་ལྔ་བརྒྱའ་བའི་བར་དུ་ཆིབ་གོང་དུ་རབ་དུ་འོ་བརྒྱལ་
(v20) རྀན་པོ་ཆེ་སྐུ་གཉན་ཞིང་བཙུན་བ་ལས་སྙུན་བཞེས་སམ་མ་བཞེས། གུས་པ་ལ་སྲི་ཞུས་སྙུན་གསོལ་ཞིང་མཆིས་ནའ་
(v21) མཆིད་ཡྀ་གེ་ལས་སྙུན་གསོལ་ཞིང་མཆིས་ནའ། བཀའ་བསྟལ་པ་ཅི་གནང།
(v22) མཆྀད་ཡྀ་གེ་ལས་སྙུལ་
(v23) ཛེ་དྀང་ཕུ་ཤི་ལི་འདུ་ཙེ་དང་འཀམ་ཤྀ་ཝང་སྟག་ལ་
(v24) བསྩན་ལ་སྩལ་བའ༎ ཁྱེད་ཛེ་དིང་ནའ།
(v25) ཛེ་དེང་ཕུ་ཤི་ལི་འདུ་ཙེ་དང། འཀམ་ཤི་ཝང་སྟག་ལ་
(v26) བསྩན་ལ་སྩལ་བའ༎ འཀམ་
(v27) ཐེན་ལེང་ཀོང་གྱིས་མཆིད་གསོལ་བའ་this line is written inverted
(v28) ཐེན་ལེང་ཀོང་གྱིས་མཆིད་གསོལ་བའ་this line is written inverted
(v29) ༄༅༎ ཐེན་ཐེའི་པེའུ་གི་ཞ་སྔར༎
(v30) ༄༅༎ ཨ་ཧྱ་དང་ཨ་མ་ལས་རྩོག་པ་ཕྱོགས་གི་ཞ་སྔར༎
(v31) ཇུ་ཏིག་གི་མཆིད་གསོལ་བའ༎