OTDO
Old Tibetan Documents Online

insc_Lcangbu

insc_Lcangbu
     
1. Content : The Lcang bu insriptions
2. Location : ruins of the Mtshur phu Monastery, 80 kilometers west of Lhasa
3. Date : reign of Khri gtsug lde brtsan (815-836)
4. Condition : extant
5. Photos / Rubbings :
Wang (1982: plate 18): lines 1-45, (plate 19): lines 12-27 (enlarged)
6. References :
Richardson (1949), Tucci (1950: 16-18, 87-90), Wang (1982: 173-181) [I. Translit., I. Trans.], Bsod rnams skyid (1984: 114-120) [*], Richardson (1985: 92-105) [I. Translit., I. Trans.]

Transliteration   (Change the Display Format)

(s1) ༄༅༎ ཞང་ཚེས་པོང་སྟག་བཟང་ཉ་སྟོས།
(s2) སྟོད་ཀྱི་ལྕང་བུར། གཙུག་ལག་ཁང་བརྩྀགས་
(s3) པའྀ་ལོ་རྒྱུས༎ རྡོ་རིངས་ལ་བྲྀ་བར༎ བཙན་
(s4) པོའི་བཀའས་གནང་སྟེ་བྲིས་པའ༎
(s5) ༄༅༎ བཙན་པོ་ལྷ་སྲས་ཡབ་མྱེས་ཀྱི་སྐུ་རིང་ལ།
(s6) དམ་པའྀ་ཆོས་བརྙེས་ནས༎ གདུང་རབས་
(s7) སུ་དམ་པའྀ་ཆོས་མྱྀ་གཏང་ཞིང་མཛད་པར་
(s8) ཆོས་གཙིགས་དང། བཀའ་ལུང་སྩལད་པ་
(s9) ལས་འབྱུང་བ་བཞྀན༎ ཞང་ཚེས་པོང་ཉ་སྟོས།
(s10) དམ་པའྀ་ཆོས་ཉམས་སུ་བླངས༎ བཙན་
(s11) པོ་ལྷ་སྲས། ཁྲྀ་གཙུག་ལྡེ་བརྩན་འཕྲུལ་གྱི་
(s12) བཀའ་དྲྀན༎ ཞང་ཉ་སྟོ་ལ་ཆེར་སྩལད་པས་
(s13) བཀའ་དྲྀན་ཆེན་པོ་བསབ་པའྀ་ཕྱིར༎
(s14) བཙན་པོ་སྐུ་ཡོན་དུ་བསྔོས་ཏེ༎ སྨོན་ལམ་
(s15) རྒྱ་ཆེར་བཏབ་ནས༎ སྟོད་ལུངས་ཀྱྀ་ལྕང་བུར་
(s16) གཙུག་ལག་ཁང་བརྩྀགས་སྟེ༎ དཀོན་
(s17) མཆོག་གསུམ་གྱྀ་རྟེན་བཙུགས༎ དགེ་
(s18) སློང་བཞྀ་གནས་པར་སྦྱར་ནས༎ རྐྱེན་ཀྱྀ་
(s19) བྲན་དང། ཞྀང་འབྲོག་དང། ལྷ་ཆ་དང། ནོར་རྫས་
(s20) དང། རྐང་འགྲོས་ལས་སྩོགས་པ། ཚང་བར་
(s21) བཅད་དེ༎ བཙན་པོ་ཁྲི་གཙུག་ལྡེ་བརྩན་
(s22) གྱི་སྐུ་ཡོན་རྒྱུན་མྱྀ་འཆད་པར་བྱེད་དོ༎
(s23) གཙུག་ལག་ཁང་འདྀའི་མཚན་ཡང༎
(s24) བཙན་པོའི་བཀའ་ཞལ་གྱྀས་བཏགས་སྟེ།
(s25) འོན་ཅང་དོའི་ཐུགས་དམ་གྱྀ་གཙུག་ལག་
(s26) ཁང་ཆེན་པོའི་མཇུག་ལ་གདགས་ཤྀང།
(s27) ཆིས་ཀྱང༎ བླ་ནས་མཛད་པར༎ བཀའས་
(s28) གནང༎ ལྷ་རྀས་ཀྱི་འབངས་དང། དཀོར་
(s29) ལ། ཁྲལ་མྱྀ་དབབ་པ་དང། ཁྭ་དང། ཆད་ཀ་
(s30) མྱི་བཞེས་པ་ལས་སྩོགས་པ་ཡང༎ ལྷ་རྀས་
(s31) ཆེན་པོའི་ཐང་དུ༎ བཀའས་གནང་ངོ༎
(s32) གཙུག་ལག་ཁང་འདྀའི་རྐྱེན་རྀས་བསྔོ་ཞིང་
(s33) སྤྱད་པ་ཡང༎ ཞང་ཉ་སྟོས། ཇྀ་ལྟར་བྱས་ཤྀང།
(s34) བསྔོས་པ་བཞྀན་བརྩན་བར༎ བཀའས་གནངོ་གནང་ངོ་
(s35) ༄༅། ནམ་ཞྀག་ན༎ ཞང་ཉ་སྟོ་ལ། བུ་ཚ་རྒྱུད་ཡོང་
(s36) མྱེད་པ་ཞྀག་དུ་གྱུར་ན༎ ཁོལ་ཡུལ་ལས་སྩོགས་
(s37) པ་དབང་ངོ་ཅོག༎ བླར་ཡང་མྱྀ་བཞེས།
(s38) གྱང་མྱྀ་སྦྱིན་བར༎ གཙུག་ལས་ཁང་འདྀ་རྐྱེན།
(s39) དུ་བསྣན་པར༎ བཀའས་གནང་ངོ༎
(s40) གཙུག་ལག་ཁང་གྀ་རྐྱེན་བཅད་པའི་དཀར་
(s41) ཅག་དང། བསྔོས་ཡྀག་བླ་དཔེ་ནི༎ བཅོམ་ལྡན་
(s42) འདའས་རྀང་ལུགས་ཀྱི་འདུན་སར་བཞག༎
(s43) འོག་དཔེ་ནི༎ འོན་ཅང་དོ་གཙུག་ལག་ཁང་གྀ་
(s44) གནས་བརྟན་དང། མངན་ལ་སྩལད༎ དཔེ་
(s45) དེ་དང་འདྲ་བ་གཅྀག་ནི༎ གཙུག་ལག་ཁང་
(s46) འདིར་གཞག་པར༎ བཀའས་གནང་ངོ༎
(e1) ༄༅། ཞང་ཚེས་པོང་
(e2) གསས་སྟོའི་བུ་
(e3) ཚ༎ གཙྀགས་
(e4) གནང་བའྀ། བླ་
(e5) དཔེ་ནི༎ ཕྱྀང་བ་
(e6) འྀ་སྐུན་མཁར་
(e7) ན༎ གཙྀགས་
(e8) ཆེན་པོ་གཞན་གྱྀ་
(e9) ཟླ་ལ་བཞག༎ དེ་
(e10) དང་འདྲ་བ་རྣམ་
(e11) གཅྀག་ནི། གཙིགས་+ས་
(e12) གཞན་གྱྀ་ཟླ་ལ།
(e13) བཀའྀ་སར་བཞག་+ག་
(e14) གཙྀགས་ཀྱི།
(e15) འོག་དཔེ་འཕྲ་
(e16) མེན་གྱྀ་སྒྲོམ་བུ་
(e17) ནི། གཙུག་ལག་
(e18) ཁང་འདྀའི་མཛོད་
(e19) དུ་གཞག་པར།
(e20) བཀའས་གནང་
(e21) ངོ༎