OTDO
Old Tibetan Documents Online

ITJ_0730

IOL Tib J 730 (= Fragment 1 = Scroll Box 138)
    photo
1. Content : Proverbs of the Sum pa people entitled the 'Sum pa mother's sayings'.
2. Note : Scroll. The beginning is missing. Recto, 49 lines. Verso, a Chinese Buddhist text. Cf. Enoki (1962: C11).
3. References :
Thomas (1957: 103-112) [I.Translit., I.Trans.],Vallée Poussin (1962: 233),Tōyō Bunko (part 8, 51).

Transliteration   (Change the Display Format)

(1) [---] [རྣམ(/སྣམ)]པ་[---]
(2) [---] [ནི(/མི)] རྗེ་བློ་[---]
(3) [---] [གཟའ?] [---]
(4) [---] [དག?]ཀྱི་སྒོ་རྀས་ལ་ནི༎ ངང་མཐུང༎ [---]
(5) [---]སྟན་གྱིས་ནྀ། ཕ་རོལ་པོའི་[སེམས?] [---]
(6) [---]པ་ཕྱིར་ཞྀང་མང་ལ༎ ཕྲག་དོག་པའི་མྱི་ནི་ཞེ་སྡང་མྱེ་ལྟར་འབར་
(7) [---]སྙགས་ན། བཀའ་ཁྲིམས་གྀ་གཞུང་སྲུངས་ལ༎ བྱམས་སྡང་
(8) [---]གི་དམྱྀགས་མ་ནོར་བ་ཞེས་བྱ་འོ༎ ཐད་གར་ལེགས་པ་ནི། ཕུ་ནུ་
(9) [---] [ནུས(/དུས)]ལ༎ རྟག་དུ་ཉེས་པ་ནི། མུ་སུ་ལ་དགྲ་ཡང་མྱྀ་བྱེད་དོ༎ ལེགས་ཉེས་
(10) [---]ཡང། ཡྀད་རྩིས་ཤྀག༎ བཀའ་ལུང་ཉམ་[སུ?]བླང་ན། དྲང་[དངན?]སྲོག་གྱི་རྟེན་ལ༎ ཐོག་དུ་བབ་
(11) པར་བྱས་ན་ནི་རྩྀས་འགོ་འཛངས་གྱིས་མཐུད་མའོ༎ བུ་ཙ་འཛངས་པ་སྐྱེས་པ་ནི། དཔལ་དམྱྀག་གྱིས་
(12) [---]མཐོང་ངོ༎ ཆུང་མ་འཛངས་མ་བ་བླངས་ན་ནི། ཁར་རྗེ་ལག་དུ་ཐོབ་ཞེས་བགྱྀ་འོ༎ བུ་ཙ་ངན་པ་
(13) སྐྱེས་པ་ནི། སྲྀད་གྱི་གཟུངས་རླག་འོ། ཡུལ་གྱྀ་མཐའ་ཁོར་འོ༎ བུ་སྲིང་ངན་པ་སྐྱེས་པ་ནྀ༎
(14) ཕ་མྱིང་གྱྀ་རུས་བཙོང་ངོ༎ ཕ་བས་བུ་འཛངས་ན་ནི། སྤང་ལ་མྱེ་ཐར་བ་བཞིན་ལ༎ ཕ་བས་བུ་ངན་ན་ནྀ་མཚལ་
(15) ཆུས་དེད་པ་དང་འདྲའོ༎ གཉེན་སྡུག་བྱམས་པས་པོར་ན། གཡུལ་ངོར་རྟས་བོར་བ་དང་འདྲ་འོ༎ ཕ་ཁུ་འཛངས་པས་
(16) བོར་ན་ནི། ཆར་པ་འབབ་ནས་ཕྱྀང་བ་མྱེད་པ་དང་འདྲའོ༎ ཁྲེལ་མྱེད་ངན་པ་ལ་ནི། ཉེ་རྀང་མྱེད་ལ༎ ཁྱི་སྤྱང་ལྟོགས་
(17) པ་ལ་ནི་ཚོས་རྗེན་མྱེད་དོ༎ མྱི་ངར་པའྀ་ལས་ནི། ད་བྱ་སང་བྱ་ལ་ལུས་ལ༎ མོ་ངན་གི་སྲིས་ནྀ། ཁ་བཏོག་རྔུ་བཏོག་
(18) ལ་ཟད་དོ༎ མ་འཛངས་བུ་འཛངས་ན་ནི། གསེར་ལ་གཡུ་སྤྲ་ལ༎ མ་ངན་བུ་ངན་ན་ནི། ཁང་རུལ་དུ་ལུད་སྤུང་པ་
(19) དང་འདྲ་འོ༎ མྱི་ཕྱུག་པོ་ལ་ནྀ༎ དབང་པོ་ནོར་དད་ཅན་གིས་ཕུང་ལ༎ མྱྀ་འཛངས་བ་ལ་ནྀ།
(20) ངན་པ་ཕྲག་དོག་ཅན་གྱིས་རླག་འོ༎ ཟོང་དུ་ནི་སེམས་བཟང་ངོ༎ ནོར་དུ་ནི་སྲྀད་ཆེ་འོ༎ དཔའ་བོའི་ཆུ་
(21) གང་ནི། ཤྀ་གྱིས་མྱྀ་འཇིགས་ལ༎ འཛངས་པའི་དྲན་མྱུར་ནྀ། ཤེས་པས་མྱི་བྲེལ་ལོ༎ འཛངས་འཇམ་ཆྀ་
(22) གྱིས་བཀོལ་ན་ནི། ཕ་གོལ་དང་ཚུངས་ལ༎ ངན་གཏུམ་བསྐྲོགས་ན་ནི། བྱམས་དྲྀན་ཅེན་ཡང་དགྲར་
(23) གྱུར་རོ༎ ལས་དད་ཅན་གྱིས་ལས་བྱས་ན་ནྀ། དགུང་ཁྱོད་ཀྱང་ཞིང་གློག་མ་དང་འདྲ་འོ༎
(24) མ་ཉེས་པར་བསད་པ་ནི། སྤྲུལ་གདུག་པ་ཡང་སྙྀང་རྗེ་འོ༎ ལྷས་མ་བཞེས་པར་ལུག་བཤས་
(25) པ་ནི། དམེར་འགྱུར་རོ༎ དྭ་བཤེས་མྱེད་ནི། མུ་སུ་འི་དགྲ་ལ་ཡང་སྡུག་ལ༎ བྱུར་ངན་ནད་བུ་ཅན་ལ་ནི།
(26) ཡི་དགས་ཀྱང་སྙྀང་རྗེ་འོ༎ ཆར་ཆར་བབ་རྫིས་བཏབ་ན་ནྀ། བྲག་ཁུང་སྐམ་པོ་ཡང་རླན་ལ༎ ནང་བྱན་གྱྀས་
(27) བློ་བྱས་ན་ནྀ༎ ཁང་པ་དགུ་རྀམ་ཡང་མྱྀ་བརྩ་འོ༎ མཚོན་རྣོན་པོ་ནི་ཤུབས་ནས་ཕྱུང་ན་ནྀ་རྟུལ་
(28) ལོ༎ མྱི་མ་འདྲྀས་ན་ནི༎ རྒོད་ཀྱང་དགྲ་འི་ཚུལ་ལོ༎ ཡུལ་མ་འདྲྀས་ན། ཉིན་ཡང་མཚན་དང་ཚུངས་
(29) སོ༎ འབྲོག་ལྕོག་སྤུ་གུ་ནི། ནམ་ནངས་སུ་དགའ་ལ༎ སྲྀན་བྱ་འུག་པ་ནི། མུན་སོས་སུ་སྨོན་འོ༎ ཕ་མྱེས་
(30) འཛངས་པ་ལ་ནྀ། བུ་ཚའ་ངན་པ་སྐྱེས་པ་ནྀ༎ གྲལ་གྱྀ་མཐའ་ནས་སྲ་ལ༎ འོག་རྟ་རྗེས་
(31) བོར་ན་ནྀ༎ བྲེས་ཀྱྀ་མཐའ་འཁོར་འོ༎ ངན་བློ་རྟུལ་གྱིས༎ འཛངས་རྣོན་པོ་ལ་མྱྀ་བསྒམ་འོ་
(32) དགུན་ཁ་བས་ནྀ༎ རི་མྱྀ་གང་ལ༎ གཙོས་རུ་སྙོམ་གྱིས་ནི༎ ཁྱུ་ཕུང་ལ༎ མྱྀ་བདག་སྙོམ་གྱིས་
(33) [སྲིད?]རླག་གོ༎ མྱི་ངན་པའྀ་སེམས་ནྀ༎ ཆང་གྱིས་བསྐྱེད་ལ༎ ར་ཕོའྀ་རྭ་ནི། རླག་པས་བསྲིངས་
(34) སོ༎ སྣ་མྱི་བླན་པའྀ་ཆུང་མ་ནི། བྱི་མོ་དང་འདྲ་ལ༎ སྲིད་མ་འདུས་པའི་ཕུ་ནུ་ནྀ། མུ་སུ་འི་དགྲ་[འོ(/འེ)]
(35) འཛངས་གྱིས་སྣ་མ་དྲངས་ན་ནྀ༎ ངན་པ་སྒོ་མྱི་འབྱེད་ལ༎ མགྱོགས་གྱིས་སྣ་མ་དྲངས་ན་
(36) ནི༎ རྒོད་གྱྀ་གོང་མྱི་གཅོད་དོ༎ རྗེ་སྒམ་པོ་ཡང་དཔེ་མྱི་ལས་ལེན་ནོ༎ མགྱོགས་བཅུ་རུ་ཡང་
(37) བསྦུལ་མ་ལྕག་གྱྀས་བགྱི་འོ༎ ལྒེའུ་འདྲྀམ་སྔ་ཡང༎ མགྱོགས་ཀྱྀ་སྒྲོམ་འོག་ལ༎ བྱེའུ་འཕུར་
(38) སྔ་ཡང་ཁྲ་འི་ལྤར་ཐབ་ས་སོ༎ བྱེ་མ་ས་རྡོ་ནི་སྤྱད་ཅྀང་སྙིལ་ལ༎ མྱྀ་ལྤ་གས་རྀམ་དགུ་ནི༎ སྤྱད་ཅྀང་གསརོ་
(39) ཕ་མ་གཉྀས་ནི༎ བཙལ་ཀྱིས་མྱྀ་རྙེད་ལ༎ མྱེ་དང་ཆུ་ནྀ། མྱེད་དུ་མྱྀ་རུང་ངོ༎ གཅམ་འབུ་མདོ་མྱེད་ནྀ།
(40) བྱེད་དགུར་མྱི་ཉེ་ལ༎ ཤ་ལྤགས་རློན་པ་ནི༎ དྲང་དགུར་རིང་ངོ༎ གཉེན་མཐའ་གཤིན་ནི།
(41) མཚོ་ལ༎ ཤ་མཐའ་གཤིན་ནི་འཆི་འོ༎ ཐང་ཤིང་གཅིག་འགྲེང་ནི༎ ནགས་མཐའ་མྱེད་ལ་
(42) ཟུག་ལ༎ ཆུ་མྱིག་རྔོ་ཅུང་ནི། རྒྱ་མཚོ་འི་རྩི་འོ༎ ཤ་ཟ་གྲི་རྣོ་ན་ནི། བཅད་རེ་ཡང་ཞྀམ་རེ་ལ་
(43) གཏན་གྱིས་རོགས་བཟ་ནི། གཏམ་རེ་ཡངའཛུམ་ཡང་འཛུམ་ རེ་འོ༎ མྱི་གདུལ་ན་ནི། ཚིག་དང་རླབས་
(44) གྱིས་གདུལ་ལ༎ མཉེད་འདུལ་ན་ནི། ཡབ་དང་དྲུད་གྱིས་གདུལ། ལོ༎ བུད་མྱེད་
(45) མོ་ལྕམ་བཟང་མོས་ནི༎ སྐྱེས་དོ་མར་གི་རབས་གཅོད་དོ༎ འབྲོག་རྩ་བཟང་
(46) ཡང། རྐང་འགྲོས་དབྱར་རྗུད་དོ༎ ཚིག་བཏད་ལགས་ན་ནི༎ སྲིད་ཀྱྀ་ཡུ་བ་ལ༎
(47) ཁ་སྨྲས་ཉེས་ན། བདུད་ཀྱི་སྒོ་མོ་འོ༎ ཁམ་སར་གྲི་རྣོ་ན་ནི༎ བསྐུད་པ་ནི་རྒྱུ་བའི་
(48) གྲོན་ཆེ་འོ༎ དེ་བས་མ་འཛངས་བྱམས་པས་བསྟན་བ་ནི༎ སྲིད་ཀྱི་དོན་དང། མདུད་པར་
(49) ཟུང་ཤིག། སུམ་པ་མ་ཤགས་ཆེན་པོ་རྫོགས་+ཧོ་s + h ཪཱེཨཱཌ༔་སོ་