OTDO
Old Tibetan Documents Online

ITJ_0735

IOL Tib J 735 (= Ch.77.XII.2 = vol. 56, fol. 45)
    photo
1. Content : The Decline of the Good Age.
2. Note : Scroll. The beginning and the end are missing. Recto, 27 lines. Verso, a Chinese Buddhist text. Cf. Enoki (1962: C78).
3. References :
Vallée Poussin (1962: 233),Macdonald (1971: 357-373) [P.Translit.],Tōyō Bunko (part 8, 53),Stein (1985),Ishikawa (2005).

Transliteration   (Change the Display Format)

(1) ༄༅༎ ཚམ་དང་ཕྱྭའི་བཀའ་སྟེ། ལྷ་མྱྀ་[---]
(2) དུ་སོང་ནས༎ ལོ་ཁྲྀ་ལོན་ཕན་ཅད། བྲོང་ཟྀ་[---]
(3) མྱྀ་ཡུལ་དུ་འོངས་ནས༎ སྲྀན་རྗེ་ཟོ་ཟོ་བྲང་གྀ་སྲིད་ལ་[---]
(4) བཟང་པོ་གྲངས་མྱེད་པ་ཞྀག་ནི། ས་ལས་གནམ་དུ་དིང་[ངེ(/དེ)] [---]
(5) ཀྱིས་ཀྱང་མྱྀ་ཆོད་པ་ཞྀག་ས་དགུ་རྀམ་ཀྱི་འོག་ན༎ ཟངས་མཁར་དགུ་[---] [-]du [---]
(6) ཀྱྀས་བཅུག་སྟེ་བཞག་པ་ནྀ། སྲིན་རྗེ་ཟོ་ཟོ་བྲང་གིས་ཕྱུང་སྟེ་སའྀ་[སྟེང?]མྱི་[ཡུལ?] [---]
(7) འུང་ལྟར། བྲོང་ཟྀ་ལེག་པའྀ་སྲིདsr[i]d བཟང་པོ་དང་ཆོས་བཟང་པོ་ནི་གནམ་དུ་སོང་ནས༎ སྲིན་རྗེ་ཟོ་ཟོ་[བྲང?]
(8) བྲགྀ་བྲག་གི་ སྲིད་ནི་དར་ཏེ། དུས་ངན་པ་དང་ཆོས་ངན་པ་མྱྀ་ཡུལ་དུ་འོང་པ་ཡང༎ ཕྱྭ་དང་ཚམ་ཀྱྀ་བཀའོ༎
(9) ༄༅༎ དུས་ངན་པ་དང་ཆོས་ངན་པ་ལ་བབ་ན། ཡུལ་ཀ་ལ་ཀ་ལ་ཡང༎ རླུང་མར་[ཆེད?]པ་འོང་
(10) ཁ་བ་དང་ཚར་པ་ཡང་དུསུ་དུས་སུ་ ནི་མྱྀ་འབབ་སྟེ། དགོས་པར་ནྀ་བཙལ་དུ་ཡང་མྱྀ་རྟེད་དེ༎ མྱྀ་[དཀོས(/དཀེས)]པར་
(11) ནྀ་ཁ་བ་ཚར་པ་ཡང་སྐྱོ་སྐྱོར་འབབ་བོ༎ ཞིང་པ་ཞིང་རྨེད་པ་ཡང་ཇྀ་ཙམ་ན་རྨོ་[བཏང?]ཇྀ་ཙམ་ན་རྩ་བའྀ་
(12) དུས་ཀྱང་མྱྀ་ཤེས་པས༎ ལོ་ཡང་ཁོར་ཉེས་སོ། མུ་ཀེ་ཡང་ཁོར་མོར་འོང་ངོ༎ འགྲེང་མྱྀ་འོཀ་འོག་ ཀྱང་
(13) བཀྲེས་གྲང་ཆེ་འོ༎ མྱྀ་རབས་པྱྀ་ཕྱིར་ཞིང་སྡུག་པར་འོང་ངོ༎ འགྲེང་མྱི་འོ་ཆོག་ཀྱང་ངན་དགྲི་དེད་པར་
(14) འོང་ངོ༎
(15) ༄༅༎ དུས་ངན་པ་ལ་བབ་ན༎ ཇི་ལྟར་འོང་ཞེ་ན༎ མྱིའོ་ཆོག་ཆོས་བཟང་པོ་དང་དུས་བཟང་པོ་ལྟར་
(16) གཅིག་གིས་གཅིག་བསྟོད་ཅིང་བཀུར་བར་མྱི་བྱེད་པར་འོང་ངོ༎ བར་བར་དུ་[སྐར?]མ་དམར་པོ་ངོ་མཚར་
(17) དག་འཆར་རོ༎ བར་བར་དུ་གནམ་ཡང་གྲུམ་མོ། བར་བར་དུ་ནི་ས་ཡང་གཡོསོ་གཡོས་སོ་ ད་[ཇི?་ལྟར?་ཏེ?]
(18) ཤེས་བྱས་ན༎ ཉི་མ་ཟླ་བ་ལ་བདུད་བབ་སྟེ་འཆི་བ་ལྟ་ག་ལ་ཡོད་ན༎ དུས་ངན་པ་ལ་བབ་ཏེ།
(19) མྱྀའོ་ཆོག་ངན་དགུ་བྱེད་པ་མཐོང་བས༎ ཉྀ་མ་ཟླ་བ་ཡང་མྱྀ་དགའ་སྟེ༎ བཞྀན་མྱི་སྡུག་པར་འགྱུར་ཏོ་
(20) གནམ་མྱྀ་དགའ་བས༎ རླུང་དམར་པོས་ཡུལ་བཀའབ་བོ༎ གནམ་གྲུམ་མོ༎ དེ་ཡང་མྱྀའོ་ཆོག་
(21) ངན་དགུ་བྱེད་པ་མཐོང་པས་ཏེ་ལྟར་ཀྱུར་ཏོ༎ ས་འགུལ་བ་ཡང༎ ས་ལ་བསྲུངb[s?]rung སྟེ་བསྒུལ་བ་ལྟ་ག་ལ་
(22) ཡོད་དེ། གནམ་གྱིས་བསྐོས་པའྀ༎ རྀ་མཐོན་པོ་[དང?] བྲག་མཐོན་པོ་ནི། ས་ལ་མྱྀ་ལྕི་འོ༎ མྱྀ་འོ་ཆོག་
(23) དུས་ངན་པ་དང། [ཆོས་ངན་པ]ལ་བབ་སྟེ༎ ངན་དགུ་བྱེད་པ་ས་ལ་ཁལ་[དུ(/ངུ)]བབ་སྟེ༎ ལྕི་ནས། ས་མྱི་དགའ༎
(24) སྟེ་རང་འགུལ་བ་ཡང༎ འུང་ལྟར་འགུལ་ལོ༎
(25) ༄༅༎ གནམ་ས་གཉིས་མྱྀ་དགའ་པས། ཚར་ཆུ་གཉིས་ཀྱང་དུས་སུ་མྱི་འབབ་བོ༎ དུས་མ་ཡྀན༎
(26) བར་ཆར་ཆུ་གཉིས་བབ་ཀྱང༎ ཅི་ལ་ཡང་མྱྀ་ཕན་ཏེ༎ ས་ལས་ཟས་རྩི་གཉིས་ལ་ཀྱང་བཟང་དུ་
(27) མྱི་འབྱུང་བར་འོང༎ ཁོང་ན་སྲོག་ཡོངyo[ng?] དྲོ་ཆིརchi[r?] ཁ་ནས་དབུངས་དབུགས་ སྒྱུ་རྒྱུ་ འོ་ཆོག་ཀྱང་