OTDO
Old Tibetan Documents Online

ITJ_0737-1

IOL Tib J 737-1 (= Ch.81. X)
    photo
1. Content : Tibetan version of Rāmāyana .
2. Note : Scroll. The beginning is missing. Recto, Chinese Buddhist texts. Cf. Enoki (1962: C49, C73, C80, C81). Verso, 440 lines of a part of Tibetan version of Rāmāyana stories.
3. References :
Thomas (1929: 196-209) [P.Translit., I.Trans.], de Jong (1971) [P.Translit.], de Jong (1977) [I.Translit.], de Jong (1989) [I.Translit., I.Trans.].

Transliteration   (Change the Display Format)

(1) [---]ཁྱོད་ཀྱི་བུ་མོ་ཡང༎ ཁབ་དུ་བཞེས་[---]གནང་ངོ། ཞེས་[བྱུང]ནས༎ [སྲིན་པོ]རབ་དུ་དགའ་སྟེ་གཏངg[tang]
(2) [---]g བཏང། དེ་ནས་དྲང་སྲོང་དང། [མེ]ག་སི་ན་གཉྀས་bsho[---]ལ༎ སྲས་གསུམ་བལྟམསྟེ། ནང་གྀ་ཆེད་པོ་ནི། མདའ་
(3) ཤ་གྲྀ་བ་ཞེས་བྱ། འབྲིང་པོ་ཨམ་པ་ཀར་ན་ཞེས་བྱ། ཐ་[---]རི་ན་ཤ་ཞེས་བྱའ༎ མྱེས་པོ་ཚངས་པ་ནྀ། ནང་གི་[---]
(4) ཆེད་པོ་ལ་བྱམས་ཏེ། མགོ་ཡང་བཅུ་བྱིན་ནོ༎ མགོ་[---]ng བའྀ་བཞིན༎ མཐུ་སྟོབས་དང་ལོང་སྤྱོད་ཀྱང་ཆེ་འོ༎
(5) ལན་ཆྀག་ན༎ ལྷ་འྀ་སྲས་རྣམས་ལ༎ མན་ལྱ་པན་ཏས[ta]s གསོལ་པའ༎ བདག་ལྟ་ཞྀག་མཆིས་པ༎ སྲིན་ཟད[za]d
(6) ཀྱྀ་ནྀ་འཕྲོ་མ། ཤྀང་ཟད་ཀྱྀ་ནི་དུམ་བུ༎ རྀ་དགས་ཀྱི་ནྀ་མཐའ་མ༎ མཐུ་ཆུངས་ཀྱིས་ཀྱང། དབང་ཐང་ཆེ་སྟེ༎
(7) ཚ་བོ་ཁྱེད་འདྲའ་བ་བདོག་པ༎ མྱྀ་སྔ་སྤྱོམ[spy]om པ༎ ཤྀང་སྔ་རིབ་མ༎ གཞན་ལ་ngo[m ཡང་ངོམ] ཞང་པོ་འི་ཡུལy[u]l
(8) ཙམ་ཡང་གཟིགས་ཤྀང། ཚ་བོ་རྣམས་ཚེ་གཆིག་ལང་ཀ་པུ་རརra[r] གཤེགས་སུ་ཇི་གནང་ཞེས་གསོལgso[l] [---]
(9) ལྷ་འྀ་བུ་རྣམས་གཤེགསུ་གནང་སྟེ༎ སྲིན་པོས་ཀྱང་[---]
(10) [---]solto// མན་ལྱ་པན་ཏ་ངུ་བ་དང༎ ལྷ་འྀ་བུ་[---]
(11) བ་དྲན་ཏེ་ངུ་[---]l ན༎ ལྷ་འྀ་བུ་རྣམས་[---]
(12) ཕ་མྱེས་གནའ་ཤི་བ་འྀ་[མྱེ]ངན། བུ་ཚ་ད་མྱི་བྱེད་པས༎ མྱེm[y]e [---]
(13) མན་ལྱ་པན་ཏ་ན་རེ༎ ཤྀ་བ་ལྟ་ག་ལ་ན་ཡང་སྲིད་ན༎ [---]
(14) ད་ཡོད་པ་ལས༎ བདགིས། མ་ནུས་པ་ཡྀད་ལ་གཆག་[---]
(15) [---]མྱི་བྱ་འམ་ཞེས་གསོལ་པ་དང། ལྷ་འྀ་བུ་rནམས[r]na[ms] [---]
(16) [---]ཞེས་ཁས་བླངས[bla]ngs ནས༎ མན་[---]ཕན་ཏས་གཏང་རག་བཏང་སྟེ༎ ལྷ་འི'[i] བུ་[---]
(17) [---]འྀ་ཚིག་b[---]གནས་པ་ཡྀན་བས༎ ད་བདགྀ་བསམ་བ་ནི་གྲུབ་པར་འོང་
(18) [---]n ཡུལ་འདྀ་ན་སྲིན་པོ་ཤེ་དག་གནས་ཏེ། འདྀ་འི་རྒྱལ་པོ་ནི། བདགྀ་ཕ་ཡག་ཤ་ཀོ་རེ་ཞེས་
(19) [---]གཟྀ་བྱིན་དུ་ཆས་ལ༎ རྩལ་དང་དྲག་ཤུལྡུ་ལྡན་བ་ལས༎ ལྷ་རྣམས་ཀྱིས་
(20) [---] པུད་དུ་བཞག་པ་ནྀ་བདག་ལགས་ན༎ ཚ་བོ་ཁྱེད་ཀྱིས་
(21) [---] [རྣམས]ཁ་གདག་པར་ཇིj[i] གནང་ཞེས་གསོལ་པ་ལས༎ ལྷ་འྀ་བུ་རྣམས་ན་རེ། ངེད་ཀྱིས་ཇི་ནུས་
(22) [---]ནས། དོང་ངོ༎ དེ་ནས་ལྷ་འྀ་བུ་རྣམས་ཀྱིས་ཀྱང། རང་གི[g]i མཐུའས་ནྀ། ལྷ་རྣམས་ལ་བརླག་
(23) [---]གསུམ་ལ་དབང་བ་གཆྀག་གི་དངོས་གྲུབ་བསྒྲུབས་ནས། ལྷ་རྣམས་བརླག་པར་བྱ་འོ་ཞེས་
(24) [---]འྀ་དངོས་གྲུབ་[ལོ་བརྒྱའ་པྲག] [---]s ཏེ། བསྙེན་པ་སྣ་ཚོགས་བྱས་ན་ཡང།
(25) [---] [ཐུགསུ]ཆུད་དེ་[---] པྱི་[---]གྀ་རྒྱུད[rgy]ud རང་གི་ཆུ་རྒྱུས་བྱུང་
(26) [---]ནས༎ མཆོདmch[o]d པ་སྣ་ཚོགས་དང། ཉོན་མོངས་པ་[---]en [---]བྱས་པའྀ་འོག་དུ༎ ཚངས་པ་
(27) ལ། དངོས་གྲུབ་གསོལ་པ་འྀ་[ཚིག་ལ] གང་ལ་[---]འཕགས'[pha]gs ཕོག་ཆིང་ཤི་བ་དང། གཞའ་པྱིར་མྱྀ་འགུམ་ཚེ་
(28) འྀ་གཡུང་དྲུང་དང། སྲིད་གསུམ་དབང་བྱེད་དངོསd[ng]os གྲུབ་གསུཾ༎ གཙོ་མཆོགm[ch]og ཁྱེད་ཀྱྀས༎ བདག་ཆག་རྣམས་ལ་སྩོལ།
(29) ཞེས་གསོལ་པ་དང། ཚངས་པས་བཀའ་སྩལད་པ༎ སྲྀད་གསུམ་དབང་བྱེད་ངེད་ལས་མྱེད། སྟོང་ཁམས་མྱི་[---]
(30) མདའས་འཕངས་དེས་མྱི་ཕོག། ཆེས་གསུངས་ནས་ཕྱོད་ཆེས་གཤེགས་པ་དང༎ ལྷ་འྀ་བུ་རྣམས་ཡི་ཆད་དེ།
(31) མ་ཧ་དེ་བ་འྀ་དངོས་གྲུབ་བསྒྲུབསོ༎ མ་ཧ་དེ་བས་ཀྱང༎ སེམས་ཀྱི་རྟོག་པ་ངན་པར། ཐུགསུ་ཆུད་དེ། གཤེགསུ་
(32) []གནང་[]ལས། མགྲྀན་བཅུས། མགོ་གཆིག་བཆད་དེ། སྦྱིན་བསྲེགས་དང་མཆོད་པ་སྣ་ཚོགས་བྱས་ཀྱང་[---]
(33) [---]གཤེགསུ་[?]གནང་ནས༎ མ་ཧ་དེ་བ་འྀ་བཙུན་མོ། ཨུ་པ་དེ། ཤིན་དུ་ཐུགས་རྗེ་སྟེ། མ་ཧ་དེ་བ་ལ་གསོལ་པ་[---]
(34) [---]བུ་རྣམས་ཀྱིས་བསྙེན་པ་སྣ་ཚོགས་འདྀ་ལྟར་བགྱིས་པ་ལ་ཐུགས་མྱི་རྗེ་འམ། གཤེགས་པ་འྀ་རིགས་she[---]
(35) གསོལ[g]sol པ་དང། མ་བྱྀ་དག་སེམས་ཀྱི་རྟོག་པ་ངན་པས་མྱི་འགྲོ་འོ་ཞེས་བྱུང་ནས༎ གཤེགསུ་མ་གནང་ངོ༎ དེ་ནས་
(36) ཨུ[^u] པ་དེ༎ ལྷ་འྀ་བུ་རྣམས་ཀྱི་དྲུང་དུ་འོངས་ནས༎ ལྷ་འྀ་བུ་རྣམས་ལ་+ལ་ འདྀ་ལྟར་བསྙེན་པ་སྣ་ཚོགས་དང་ཉོན་མོངས་
(37) [---]སྙེད་ཆིག་བྱེད་པ། སྙྀང་རེ་རྗེ༎ མ་ཧ་དེ་བ་ནྀ་གཤེགས་སུ་གནང་བ་ཡང་མྱི་[འདྲའ]ན༎ ང་འྀ་དངོས་གྲུབས་སྦྱིན་[]
(38) མྱིmy[i] འདོད་དམ་ཞེས་བྱས་པ་དང༎ ལྷ་འི་བུ་རྣམས་ན་རེ། ངེད་མ་ཧ་དེ་བ་འྀ་དངོས་གྲུབ་འདོད་པར་ཟད་ཀྱི། ངན་པ་བུདbu[d]
(39) ཀྱྀ་དངོས་གྲུབ་མྱྀ་འདོད་ཆེས་སྨྲས་སོ༎ དེ་ནས་ཨུ་པ་དེ་ཁྲོས་ནས། དངོས་གྲུབ་མྱི་འདོད་ན་མྱྀ་འདོད་ཆེས་བྱསbya[s]
(40) པས་ཆོག་མོད། ངན་པ་བུད་མྱེད་ཆེས་སྐྱོན་བརྗོད་ཇི་དགོས། ཁྱེད་ནམ་ཆིག་ན་བུད་མྱེད་ཀྱིས་བརླག་པར་གྱུར་
(41) ཆིག་པར་དམོད་པ་བོར་རོ༎ ཡང་ལྷ་འྀ་བུ་རྣམས་ཀྱིས། ཉོན་མོངས་པ་བསྙེན་པ་སྣ་ཚོགས་བྱེད་ཕ༎ མ་ཧ་དེ་བ་འྀ་བློན་པོ་
(42) པྲ་ཧ་སྟེས་མཐོང་ནས༎ ལྷ་འྀ་བུ་རྣམས་ལ་སྨྲས་པ༎ ཁྱེད་ཀྱིས་ཉོན་མོངས་པ་བསྙེན་པ་སྣ་ཚོགས་ཉམསུ་བླངསྟེ།
(43) བྱས་ཀྱང། མ་ཧ་དེ་བ་ནྀ་གཤེགས་སུ་གནང་བ་ཡང་མྱྀ་འདྲའ་སྟེ༎ སྙྀང་རྗེ་བ་འི་པྱིར། ང་འྀ་དངོས་གྲུབ་སྦྱིན་ན་མྱྀ་འདོད་དམ་
(44) ཞེས་སྨྲས་པ་དང༎ ལྷ་འྀ་བུ་རྣམས་ན་རེ༎ གཇིག་འཇིག་ རྟེན་གྱི་གཙོ་བོ༎ མ་ཧ་དེ་བ་འྀ་དངོས་གྲུབ་འདོད་པར་ཟད་གྱི༎ ངན་
(45) []སྤྲེ་འུ་དང་འདྲའ་བའྀ་དངོས་གྲུབ་མྱྀ་འདོད་ཆེས་སྨྲས་པ་དང། པྲ་ཧ་སྟེ་ཁྲོས་ནས། ང་ཡང་ཕན་བར་དགའ་སྟེ་དངོས་
(46) གྲུབ་བྱྀན་ན་མྱི་འདོད་ན་མྱྀ་འདོད་ཆེས་བྱས་པས་ཆོག་མོད༎ ངན་པ་སྤྲེ་འུ་དང་+ང་ འདྲའ་བ་ཞེས་སྐྱོན་བརྗོད་ཇི་
(47) དགོས༎ ཁྱེད་ནམ་ཆིག་ན་སྤྲེ་འུ་གྱྀས་བརླག་པར་གྱུར་ཆིག་ཆེས་དམོད་པ་བོར་རོ༎ དེ་ནས་ལྷ་འྀ་བུ་རྣམསrnam[s]
(48) ཀྱིས[ky]is ཡང། མཆོད་པ་དང་བསྙེན་པ་དཀའ་དགུའ་ཞིག་ཡུན་རིང་དུ་ཕྱས་པས། དམ་གཆིག་ཚིག་ གིས༎ མ་ཧ་དེ་བ་[---]
(49) gཤེགསུ[g]sh[e]gsu མ་རུང་ནས་+ས་ ཚྀག་ལ་དབང་བ་འྀ་ལྷ་མོ་གཆིག༎ ལྷ་འྀ་བུ་རྣམས་ཀྱི་ལྕེའི་ཐོར་ཐོ་ལ་སྒྱུར་དུ་སྩལ་
(50) བར[ba]r སྤྲུལspru[l] ཏེt[e] བཞག་ནས༎ མ་ཧ་དེ་བ་ལ་དངོས་གྲུབ་གསོལ་པའ། སྲྀདsr[I]d གསུམ[g]sum ལ་དབང་བྱདby[a]d པར་གསོལ་བར་བསམས་
(51) པ་དང། ལྷ་ལ་དབང་བགྱྀད་པར་ཇྀ་གནང་ཞེས། ལྷ་མོས་བསྒྱུར་ཏོ༎ གཞའ་པྱྀ་མྱི་འགུམ་ཚེ་འི་གཡུང[g.]yung དྲུང་[གསོལ]
(52) བར་བསམས་པ་དང༎ རྟ་མགོ་མ་ཆད་ཀྱྀ་བར་དུ་མྱི་འགུམ་བར་ཇི་གནང་ཞེས། ལྷ་མོས་བསྒྱུར་ཏོ༎ གང་ལ་
(53) མདའ་འཕངས་ཕོག་ཆིང་འགུམ་བར་གསོལ་བར་བསམས་པ་དང། མདའ་དང་པོ་འཕང་སྟེ་འགུམ་བར། ལྷ་མོསmo[s]
(54) བསྒྱུར་ཏོ༎ དེ་ནས་དངོས་གྲུབ་འདྀ་རྣམས་གྲུབ་པར་གྱུར་ཆིག་ཆེས། བཀའ་སྩལ་ཏོ༎ ལྷ་rna[---]
(55) ལྷ་ཐམས་ཤད་བཆག་པར་བྱས་ནས༎ ཡུལ་ལང་ཀ་པུ་ར་འྀ༎ ལྷ་དང་མྱྀ་པུང་སྟེ་༎ སྲིན་པོ་འི་སྡེ་ཚན་
(56) གྱིས་བཀང་ནས། མདའ་ཤ་གྲི་བ་ཡང་སྲིན་པོ་འི་རྒྱལ་པོ་བྱེད་དོ༎ སྲིད་པ་གསུཾ་ལ་དབང་པ་འྀ་ལྷ་རྣམས་+ས་
(57) བགྲོས་པ༎ སྲིན་མོ [འདྀ] གསུཾ་དངོས་གྲུབ་འདྀ་ལྟར་ཐོབ་སྟེ་། ལྷ་རྣམས་ལ་དབང་བས་+ས་ ལྷ་འྀ་སྲིད་དམའ་སྟེ་རྒྱུན་
(58) [---]གཆགས[g]chags ན༎ དངོས་གྲུབ་ཀྱིས། ལྷ་ལ་དབང་ཡང་མྱི་ལ་མྱི་དབང་བས། མྱྀས་བརླག་པར་བྱ་འོ་ཞེས་
(59) བགྲོས་ནས༎ ལས་ཀྱི་དབང་གིས། སྲྀན་པོ་ཕུང་བར་ནུས་པ་འི། སེམས་ཆན་གཆིག༎ [---]གྲིg[r]i
(60) བ་འྀ་བུ་མོར༎ ལྷ་རྣམས་ཀྱིས་བསྒྲུབས་སོ༎ རེ་ཤིག་ན་མདའ་ཤ་གྲྀ་བའྀ་བཙུན་མོ་ལ། བུ་མོ་
(61) གཆིག་བཙའས་པ༎ མཚན་མཁན་གྱིས་དཔྱདd[pya]d ན༎ ཕ་དང་སྲིན་པོ་འི་སྡེ་ཚན་བརླག་པར་བྱེད་
(62) པ་ཞིག་ནས༎ ཟངས་ཁ་སྦྱོར་གྱི་ནང་དུ་སྩལ་ཏེ་ཆུ་བསྐུར་བ༎ རྒྱ་གར་གྱྀ་ཞིང་པས། [---]
(63) བའི[ba]'i ནང་ནས་[པྱུང]ནས༎ བལྟས་ན། བུ་མོ་བཟང་ཞིང་མཛེས་ལ་སྡུག་པ་ཞིག། དམྱྀགdmy[I]g
(64) བཀྲའ་ཞིང་འདུག་ནས། གསོས་ཏེ། ཞིང་གྀ་རོལ་ཅུ་དྲངས་པ་ནས་རྙེད་པས། མྱིང་ཡང་རོལ་
(65) [---]མར་བཏགསོ༎ འཛམ་བུ་གླིང་ལ་དབང་བའྀ་རྒྱལ་པོ། ཤིང་རྟ་བཅུ་པ་ཞེས་བྱ་བ་ལ་སྲས་
(66) མྱྀ་མངའ་ནས༎ གངས་དྀ་སེ་ལ། དགྲ་བཅོམ་བ་ལྔ་བརྒྱའ་བཞུགས་པ་ལ། མཆོད་པ་གསོལ་+ལ་
(67) ནས། བུ་བསླངས་པ་ལས། མེན་ཏོག་གཆིག་བསྐུར་ཏེ༎ བཙུན་མོ་ལ་བྱིན་ཆིག་+ག་ དང།
(68) སྲས་ཡོད་པར་འགྱུར་རོ་ཞེས་གསུངས་ནས༎ རྒྱལ་པོས། བཙུན་མོ་གནང་ཆེན་ལ་བྱིན་བ་དང། བཙུན་
(69) མོས་བསམས་པ། བདག་ཇི་ལྟར་བུ་མྱེད་དེ་མྱྀ་དགའ་ཞིང་སེམས་མྱྀ་བདེ་བ་བཞིན་དུ། ཆུན་མ་ཡང་དེ་
(70) བཞིན་སེམས་མྱྀ་བདེ་སྙམ་ནས། མེན་ཏོག་པྱེད་མར་བགོསྟེ་གསོལ་ནས༎ རྒྱལ་པོ་ཆུན་མ་འི་དེར་མྱི་
(71) གཟྀགས་སུ་མྱི་རུང་བར་བསྐུལ་མ་བཏབ་སྟེ་༎ རྒྱལ་པོ་ཁབ་གཉྀས་ཀ་དང། གཟྀམས་པ་འི་དུསུ། སྲས་
(72) ཁྱེ་འུ་རེ་བཙའས་པ་ལས། ཁབ་ཆུན མའི སྲས་དགུང་གསུཾ་གྱིས་རྒན་ཏེ༎ མྱྀང་ཡང་ར་མ་ནར་བཏགས། བཙུན་མོ་གནང་
(73) ཆེན་གྱི་སྲས་ནྀ། མྱིང་ལག་ཤ་ནར་བཏགསོ་། རེ་ཤིག་ན་ལྷ་དང། ལྷ་མ་ཡྀན་གཡུལ་སྤྲད་དེ༎ རྒྱལ་པོ་ཤིང་རྟ་
(74) བཅུ་པ་ཡང། ལྷ་འྀ་དམག་སྟོངསུ་གཤེགས་པ་ལས། རྨསྟེ་སླར་བྱོན་ནས༎ སྙུང་ཚབས་ཆེ་སྟེ། རྒྱལ་པོ་དགོངས་པ།
(75) བདག་ནྀ། ནས་རྒས་པའྀ་སྟེ ng དུ་ནད ཚབས་ཆེ་སྟེ། འཚོ་བ་ཡང་མྱྀ་འདྲའ་ན༎ བཙུན་མོ་གནང་ཆེན་སྔ་པྱི་སྲི་ཞུ་དང་ཕན་བཏགས།
(76) པའྀ་སྣ་གྲངས་ཀྱང་མང་སྟེ༎ བུ་ཙམ་རྒྱལ་སྲྀད་དུ་གཞུག་པ་འྀ་རིགས་ན༎ རྒན་ཡང་ར་མ་ན་རྒན་བ་འྀ་སྟེང་དུ༎ ཀླིང་བཞི་
(77) འི་རྒྱལ་པོ་ཤིན་དུ་ཡང་དཀའ་ལ། མཐུ་རྩལ་དང་རྫུ་འཕྲུལ་ཆེ་བ་འི་སྟེང་དུ། རྒྱལ་པོ་འི་སྤུ་ལ་ཡང་ར་མ་ན་འབབ།
(78) ན། ར་མ་ན་རྒྱལ་པོར་བསྐོས་ན་ནྀ༎ བཙུན་མོ་གནང་ཆེན་ཡང་ཡྀ་འཆད༎ ལག་ཤ་ན་བ་བསྐོས་ན་ནི། རྒྱལ་པོ་
(79) འྀ་སྤུ་ལ་ཡང་མྱྀ་འབབ་ཀྱི་སྟེང་དུ། མྱྀས་ཀྱང་[དཔྱས(/དཔྱད)]པར་འོང་ན༎ ཇྀ་ལྟར་བྱ་སྙམ་ནས༎ སེམས་མྱི་བདེ། བཙུན་མོ་
(80) འྀ་ངོར་བལྟས་ནས། སྙུན་འབྲེད་དེ། གྲོངས་ལ་ཐུག་ནས༎ ར་མ་ནས་ཚོར་ཏེ། ཡབ་ལ་གསོལ་པ༎ བདག་ནྀ་ཡབ་ཀྱི་
(81) སྐུ་ཡོན་དུ་བསྔོས་ཏེ། རྒྱལ་སྲྀད་ལོང་སྤྱོད་དང། འདུ་འཛྀ་ལ་མ་ཆགས་པར་སྤངས་ནས༎ དྲང་སྲོང་གི་སྤྱད་པ་spཡོད[sp]yo[d]
(82) ཆིང། དབེན་བ་འྀ་གནསུ་མཆི་འོ་ཞེས་གསོལ་ནས༎ དྲང་སྲོང་གི་གནསུ་སོང་བ་དང། ཡབ་དགྱེས་ནས། [---]
(83) ཤ་ན་རྒྱལ་སྲྀད་དུ་བསྐོསྟེ། ཡབ་ཀྱང་ཚེ་འདའསོ༎ དེ་ནས་ལག་ཤ་ནས་བསམས་པ༎ ཀླིང་བཞི་འི་འཁོར་ལོ།
(84) སྒྱུར་བ་འྀ་རྒྱལ་པོ་ལས། དཀའ་བ་མྱེད་པ༎ བདག་ཙམ་གྱྀས་མྱི་ནུས་པ་འི་སྟེང་དུ༎ ལུགས་ཀྱིས་ཀྱང།
(85) པོ་བོས་བྱ་བ་ཡྀན་ལ། རྒྱལ་པོ་སྤུ་ལ་ཡང་ར་མ་ན་འབབ་པས༎ རྒྱལ་སྲྀད་པུ་བོ་ལ་བསྟབས་པ་དང། ར་མ་
(86) ན་འྀ་ཞལ་ནས༎ ཡབ་ཀྱིས། ནུ་བོ་ཁྱོད་བསྐོས་པ་འྀ་སྟེང་དུ༎ བདག་ནྀ་འདུ་འཛྀ་དང་རྟེན་འབྲེལ་སྤང་
(87) སྟེ། དཀའ་ཐུབ་སྤྱད་པར་དམ་བཆབས་བཅས་ པས༎ རྒྱལ་སྲྀད་མྱི་འདོད་ཆེས་བྱས་པ་དང༎ ལག་ཤ་ནས་གསོལ་+ལ་ པ༎
(88) དཀའ་ཐུབ་སྤྱད་པར་དམ་བཆསྟེ༎ རྒྱལ་སྲིད་མཛད་པར་མྱྀ་གནང་ན་ཡང༎ ཁྱོད་ཀྱི་ཆགས་ཡ་ཆིག་རྒྱལ་པོ།
(89) འྀ་གདན་ལ་བཞུགསྟེ༎ བདག་ནྀ་ཆགས་འོག་གི་བློན་པོ་བགྱིད་པར་ཇི་གནང་ཞེས་གསོལ་པ་ལས། ཆགས་ཡ་གཆིག་
(90) སྐུར་ཏེ། ར་མ་ན་འྀ་ཆགས་ནྀ། རྒྱལ་པོ་བྱེད། ལག་ཤ་ན་ནྀ། ཆགས་འོག་གི་བློན་པོ་བྱེད་དོ༎ དེ་ནས་རེ་ཤིག་ན།
(91) བུ་མོ་རོལ་རྙེད་མ་ནར་སོན་ཏེ་བལྟས་ན༎ འཇྀག་རྟེན་ན་སྐྱེས་པ་ལ། བུ་མོ་དེ་ལས་བཟང་ཞིང་མཛེས་
(92) ལ། སྡུག་པ་མྱེད་ནས༎ ཞྀང་པ་རྣམས་ཀྱིས་བསམས་པའ༎ བུ་མོ་འདྀ་ལྟ་བུ་མཚན་དང་ལྡན་ཞིང་བཟང་མོ་འདི།
(93) མྱྀ་ཕལ་ལ་ནྀ་ཕངས༎ བུ་མོ་འདྀ་འི་ཟླར་རུང་ཞིང། མཚན་དང་ལྡན་བ་འགའ་ཞིག་བཙལ་ཏེ་སྦྱིན་ནོ་སྙམ་
(94) ནས༎ ཕྱོགས་བཅུར་བཙལ་པ་ལས༎ ར་མ་ན་དང་པྲད་དེ་བལྟས་ན། འཇྀག་རྟེན་དུ་སྐྱེས་པ་ལ། དེ་ལས་
(95) བཟང་བ་མྱེདེ་། སྦྱིབས་ལེགས་ལ། མདོག་སྡུག། བཀྲག་ཆེ་ལ། མཛེས་པ་ཞིག་ནས༎ འདྀ་རོལ་རྙེད་མ་འི་
(96) རོགས་སུ་རུང་བར་དཔྱད་དེ། བུ་མོ་ཆ་བྱད་ཀྱྀས་བརྒྱན་ཏེ། ཁྲིད་དེ་འོངས་ནས༎ ར་མ་ན་ལ་གསོལ་པ། སྐྲ་ནྀ་
(97) མཐོན་ཏིང་གཡསུ་འཁྱིལ། དམྱིག་ནྀ་ཨུད་དཔལ་ལ༎ ཚངས་པ་འྀ་དབྱངས་ལྟར་ཁ་དོག་རྣམ་པར་དག། འཕྲལ'phra[l]
(98) བ་རྒྱན་མཆོག་མཛེས་པ་དབྱིསུ་ཤིས༎ དཔལ་ལྡན་དྲི་མྱེད་པད་མོ་མཆོག་ལས་སྐྱེས། ལུས་ནྀ་ཡན་ལག་
(99) ཡོངས་སུ་ཚང། གསེར་གྱི་གཟུགས་ལ། ནོར་བུ་པྱིས་པ་འདྲའ༎ པྱོགས་ཀུན་འོད་ཀྱིས་རྣམ་པར་
(100) གསལ་བར་གདའ། ལུས་ལ་ཅ་འདན་རྒྱལ་པོ་སྤོས་ཀྱི་དྲི། འགྲོ་ལྡན་ལྷ་རྫས་ཡིད་འོང་བརྗོད་པ་འི་ཚེ།
(101) གཡར་ནས་ཨུད་དཔལ་ལ་འི་ངད་ཀྱང་རྒྱུན་དུ་ལྡང༎ འདྀ་ནི་གང་དུ་མཛུམ་ཞིང་དགོད་པ་འྀ་དུས་དེ་ན། རོལ་མོ་
(102) སྒྲ་སྙན་དག་ནྀ་འབྱུང་བར་འགྱུར༎ བུད་མྱེད་རིན་ཆེན་འཇྀག་རྟེན་འདིར་བྱུང་བ༎ ཐ་མལ་ཀུན་ཀྱི་དབང་དུ་གྱུརgyu[r]
(103) མ་ལགས༎ ཁྱོད་མ་གཐོགས་པ་མྱྀ་འི་འཇིག་རྟེན་ན༎ འདྀ་འི་བདག་པོ་གཞན་ན་གཆིག་མ་མཆིས།
(104) མཚན་བརྒྱའ་འི་སྐུ་གཟུགས་མཛེས་མངའ་བའ༎ ཡོན་ཐན་སྣ་ཚོགས་ལྡན་བ་འྀ་སྐུའ༎ ཁྱོད་ཀྱི་ཞ་སྔར་བུ་མོ་འདི་
(105) འབུལ་ན༎ སྣ་ཚོགས་ལོ་མ་ཡན་ལག་རྒྱས་རྒྱུར་ཆིང། ཤིང་ལོ་མེན་ཏོག་མདོག་སྡུག་རྒྱས་པ་འྀ་མདོག༎ རྒྱན་དང་བཆས།
(106) ཤིང་ཡྀད་དུ་འོང། རིན་ཆེན་དར་བས་གླུབས་པ་འདྀ་བཞེས་ཤིག་ཆེས༎ སྟོད་ར་གཆིག་དང་བཆས་སུ་པུལ་བ་དང༎ རྒྱལ་པོ་
(107) ར་མ་ནས་གཟིགས་ན་+ན་ མྱྀར་སྐྱེས་པ་ལ༎ བུད་མེད་དེ་ལས་བཟང་ཞིང་མཚན་དང་ལྡན་བ་མྱེད་དེ། ཐུགསུ་བྱོན་ནས༎
(108) ཆགས་པ་འྀ་དབང་གྀས༎ དྲང་སྲོང་གི་དཀའ་ཐུབ་ལས་གཡེལ་བར་གྱུར་ཏེ༎ བུ་མོ་དེ་བཞེས་ནས། མཚན་ཡང་ལྷ་མོ་སི་
(109) ཏར་བཏགས་སྟེ༎ ར་མ་ན་ཡང་རྒྱལ་པོ་མཛད་དོ༎ རེ་ཤིག་ན་བྲ་མཛེ་ལྔ་བརྒྱའ་དུས་གཆིག་དུ། ཁྲིམས་ཀྱི་དངོས་
(110) གྲུབ་དབེན་སར་བསྒྲུབསྟེ། གྲུབ་དུ་ཉེ་བ་ལས༎ ཡག་ཤ་ཀོ་རེ་འི་བློན་པོ། མ་རུ་ཙེ་ཞེས་བྱ་བ་སྐྲ་དམར་ཞིང་གྱེན་དུ།
(111) འགྲེང། དམྱྀག་ཆེ་ཞིང་སེར་ལ་བསློག། མགོ་མྱི་འི་ཐོད་པས་བརྒྱན། ཡན་ལག་ཐམས་ཆད་ཁྲག་གིས་སྦངས་
(112) པ་ཞིག་ཡོད་པས་བགེགས་བྱ་སྟེ༎ དྲང་སྲོང་གི་དངོས་གྲུབ་ལན་དུ་མ་ཞིག་མ་གྲུབ་སྟེ། ཆུད་ཟོས་ནས༎ ཡི་གེ་འི་
(113) གཞུང་དང་གཐུགས་ན༎ མྱྀ་མཚན་དང་ལྡན་བ་གཆིག་གིས། བགེགས་བསྐྲད་ན། དངོས་གྲུབ་ཅེས་འབྱུངསྟེ༎
(114) བྲམ་འཛེས་པྱོགས་བཅུར་བཙལ་པ་ལས༎ རྒྱལ་པོ་ར་མ་ན་ཡྀ་གེ་འྀ་གཞུང་ལས་འབྱུང་བ་དང་མཐུན་ཏེ།
(115) རྒྱལ་པོ་གཤེགས་པར་གསོལ་ནས། བྲམ་འཛེ་དངོས་གྲུབ་བསྒྲུབས་པ་ལས༎ ཡང་མ་རུ་ཙེ་བགེགས་བྱེད་དུ་
(116) འོངས་པ་ལས༎ ར་མ་ནས་སོ་རྡུབ་ཆིག་འཕངས་པས། དམྱིག་ཡ་ཆྀག་བཆར་ཏེ་བྲོ་པ་དང། བྲ་མཛེ་
(117) ལྔ་བརྒྱའ་ཡང་དུས་གཆིག་དུ་དངོས་གྲུབ་ཐོབ་ནས༎ བྲ་མཛེ་མམས་ཀྱིས་ཤྀས་པར་བརྗོད་དེ། སྨོན་ལཾ་བཏབ་
(118) པ༎ ཁྱོད་རྒྱལ་པོ་འི་ལོང་སྤྱོད་ཀྱིས། སེམས་ཆན་གྱྀ་དམོད་མོ་མྱི་སྡྀག་པ་འྀ་པྱིར། ཁྱོད་ཀྱི་མདའ་ཕོག་སྟེ་ཤི་བའ་
(119) ཐམས་ཆད༎ ལྷར་སྐྱེས་པར་གྱུར་ཆིག་པར་སྨོན་ལཾ་བཏབ་བོ༎ རེ་ཤིག་ན་མདའ་ཤ་གྲྀ་བ་འི་སྲིང་མོ་པུར་པ་ལ་
(120) ཞེས་བྱ་བ། སྐྲ་ཐམས་ཆད་འཛིངས་ཤྀང་ས་ལ་འཇོལ་བའ་བཱ་ པགས་པ་ཕག་ལྐོ་བཞིན་དུ་སྡུག་ཆིང་རྩུབ་པ།
(121) དམྱིག་ནས་མྱེ་འབའར་བ། ཁ་ནས་མྱེ་འྀ་ཞག་འཛག་པ༎ མཚན་ཆིག་ལ་དཔག་ཚད་བརྒྱད་ཁྲྀ་འི་བར་དུ་རྒྱུ་ཞིང་+ང་
(122) མྱྀ་འོ་ཆོག་ལ་གནོད་པ་བྱེད་པ་དེས༎ རྒྱལ་པོ་ར་མ་ན་མཐོང་བ་དང། རྒྱལ་པོ་འཕགས་པར་བཟང་ལ་མཛེས་
(123) པས༎ དེ་ལ་སྙིང་ཆགསྟེ། འདྀ་དང་ལྷན་ཆྀག་འགྲོགས་ན་ཇྀ་མ་རུང་སྙམ་ནས། རབ་དུ་བཟང་བ་ཞིག་དུ་རྫུས་ཏེ།
(124) རྒྱལ་པོ་དྲུང་དུ་འོངས་ནས། སྨྲས་པ། བདག་ནྀ་འཇྀག་རྟེན་རྣམས་ཀྱིས་རྟག་དུ་བསྔགས། བསོད་ནམས་ལྡན་བས།
(125) ཀུན་དུ་རྣམ་པར་སྣང། འཇྀག་རྟེན་ལྟ་བུས་ངོམས་པར་མྱི། མཁའ་ལ་དབེན་གྱྀ་སྤྲིན་ཚོགས་འཀྲྀགས་པ
(126) གཉི་དྲོ་སྣང་ཤར་གསལ་བར་གྱུར་པའྀ༎ གཟུགས་བཟངས་མཆོག་འདྀ༎ ཁྱོད་ཀྱི་འབངསུ་འབུལ་ཞེས་
(127) མཆི་ནས། པྱག་བྱསྟེ། དྲུང་དུ་བསྙེན་ཀྱང༎ རྒྱལ་པོ༎ བཙུན་མོ་ལྷ་མོ་སི་ཏ་བྱད་ཀྱིས་པུལ་པྱུང་ལ། དེ་དང་
(128) ཡྀད་འཆུགས་པས། སྲིན་མོ ལྟར་མ་བཐུབ་ནས༎ སྲྀན་མོས་ཡང་སྨྲས་པ༎ དགྱེས་པས་ལྷུན་བརྩེགས་
(129) བརྟན་བ་འྀ་རི་བོ་ལ། ཆབ་གང་གཡུང་དྲུང་གཉྀ་དྲོ་འོད་འཆར་དུ༎ མཁའ་ལ་དབེན་བ་འྀ་སྤྲིན་ཚོགས་འཁྲྀགས་+ས་
(130) པ་འིས། གཉྀ་དྲོ་གསལ་ཡང་འཆར་བ་འི་དུས་སྐབས་མྱེད་ཆེས་མཆི་ནས༎ བདག་ལ་ལྟར་མ་བཐུབ་པ་སྙིང་ན་མྱེད་པས གནོད་པ་ཞིག་བྱ་བར་བསམསྟེ།
(131) པྱིར་ཡུལ་དུ་སོང་ནས༎ མྱྀང་པོ་མདའ་ཤ་གྲྀ་བ་ལ་གསོལ་པ༎ འཛམ་བུ་གླྀང་གྀ་ཡུལ་ན༎ རྒྱལ་པོ་ར་མ་ན་འི་བཙུན་
(132) མོ༎ ལྷ་མོ་སི་ཏ་ཞེས་བྱ་བ༎ རབ་དུ་བཟང་ལ་སྡུག་སྟེ། འདྀ་ལྟ་བུ་འྀ་བུད་མེད། དཔེ་ཟླ་ལྷ་མྱི་ཡོངས་ལ་དཀོན་
(133) བས༎ འདྀ་མྱྀང་པོ་ཁྱོད་ཀྱྀ་བཙུན་མོར་འོསྟེ། སྤུ་ལ་འབབ་པས༎ ར་མ་ན་ལས་དཔྲོག་པའྀ་རིགས་པར།
(134) གྲོས་བཏབ་ནས༎ མདའ་ཤ་གྲི་བ་དགའ་སྟེ༎ པྲོག་གོ་སྙམ་ནས༎ བློན་པོ་མ་རུ་ཙེ་ལ་ཇྀ་ལྟར་པྲོག་
(135) པ་དྲིས་པ་ལས༎ བློན་པོ་ན་རེ༎ རྒྱལ་པོ་ར་མ་ན་ཞེས་བགྱི་བ་འདི༎ མཐུ་རྩལ་དང་དྲག་ཤུལ། ལྷ་འདྲེ་
(136) གང་བས་ཀྱང་ལྷག་པ་ཞིག་སྟེ༎ བདགྀ་དམྱིག་འཇོར་བ་ཡང་དེ་ལགས་སོ༎ འོ་སྐོལ་གྱིས་ཁོ་འི་ཆུང་མ། པྲོག་
(137) དུ་ལྟ་ག་ལ་ཐོབ་ཀྱི། བརྐུར་ཡང་མྱྀ་ཐོབ་པ་འི་སྟེང་དུ༎ བརྒྱའ་ལ་ཐོབ་ན་ཡང། སླད་རྗེསུ་སྐོལ་ཀྱི་སྲིད་ནྀ་བརླག་
(138) པར་མཆི་བས་མྱྀ་རུང་ཞེས་བགྱིསྣ་+ན་ མདའ་ཤ་གྲི་བ་མ་བཐུབ་སྟེ། པྱིས་ཇྀར་གྱུར་ཀྱང་བླས། འདྀ་མྱི་ཐོབ་དུ་
(139) མྱྀ་རུང་ཞེས་བྱས་པ་དང༎ མ་རུ་ཙེ་ན་རེ། དེ་ལྟར་དོ་གལ་ཆེད་པོ་དང་བསྡོས་ཏེ། མྱྀ་ཐོབ་དུ་མྱྀ་རུང་ན། རེ་ཤིག་
(140) ནྀ་ཐོབ་པར་འགྱུར་ཏེ། སྐོལ་ཀྱི་སྲིད་ནྀ་དེ་ཁོ་ནར་མྱེད་པ་ལྟ་ཞེས་ཟེར་ནས༎ འོ་ན་བདག་ནྀ་རིན་པོ་ཆེ་འི་
(141) རྀ་དགས་ཤྀག་དུ་བགྱིསྟེ། ར་མ་ན་དང་སྀ་ཏ་གཉིས་ཀྱི་མདུན་ན་མར་བརྒྱུགས་ཏང༎ བུད་མྱེད་ལས་འདོད་ཞེན་ཆེ་བ་མྱེད་
(142) པས། འུ་ནྀ་སྙོགས་ཤེས་མཆི་བ་འྀ་རིགས། དེ་ནས་རྒྱལ་པོས་ངན་བུ་བསྙགས་པ་དང། སླད་ན་ཇོ་བོས་ལྷ་མོ་རྒུས་
(143) ཤིག། ངན་བུ་ནྀ་མདའས་ཕོག་སྟེ་འགུམ་ན། ད་རྒྱལ་པོ་ར་མ་ན་འི་མདའས་ཕོག་པ་ལྷར་སྐྱེ་བས། གུམ་ཡང་བླ་ཞེས་
(144) མཆི་ནས་མཆིས་པ་དང། ར་མ་ན་དང་ལྷ་མོ་སི་ཏ་འྀ་མདུན་[]མར། རྀན་པོ་ཆེ་འི་རི་དགས་ཤིག་བྱུང་བ།
(145) ལྷ་མོས་ཇོ་བོ་སྙོགས་ཤེས་གསོལ་པ་དང། རྒྱལ་པོ་ཞལ་ནས། འུ་ནྀ་བཟླུ་བ་འྀ་རི་དགས་ཡིན་བས། བསྙག་
(146) དུ་མྱི་རུང་སྟེ། འདྀ་སྙེགས་པ་འྀ་པྱི་ན། ཁྱོད་འཕྲོག་པ་འོང་ཞེས་བགྱིས་ན། ལྷ་མོ་མཆིད་ནས་རི་དགས་
(147) ཀྱྀས་བསླུར་ཇྀ་མཆིས༎ ལྷ་རྀ་སྤོ་མཐོན་གཉན་གྱི་རྩེར། རྀན་ཆེན་ཤེལ་ཀྱི་སྡོང་འཁྲུངས་པ། ཀླུ་གཉན་
(148) བྱྀན་ཀྱྀ་མཐུས་བསྲུངས་པས། དགུང་ཡར་ཁྭ་སྐེགས་ཚང་མྱི་འཆའ་ཞེས་མཆི་བ་དང། རྒྱལ་པོ་ཞལ་
(149) ནས༎ ངས་རི་དགས་བསྙག་གྀས༎ ལག་ཤ་ན་གར་ཡང་མ་འགྲོ་བར༎ ལྷ་མོ་སྲུང་ཤིག་ཆེས་གསུང་སྟེ། རི་དགས་+ས་
(150) བསྙགསོ༎ མ་རུ་ཙེ་འི་མཐུས། ར་མ་ན་དང། ལྷ་མོ་འི་བར་དུ་ཚུབ་མ་ཆེད་པོ་ཞིག་གིས་བཆད་ནས། བལྟར་མྱྀ་
(151) མངོན་བར་བྱས་པ་དང༎ ར་མ་ནས་རྀ་དགས་ཀྱི་ཀློར་མདའ་གཆིག་བརྒྱབ་སྟེ། རྀ་དགས་ན་རེ། སྙྀང་རྗེ་ལག་ཤ་ན་
(152) ཞེས་བོས་པ་དང། ལྷ་མོ་སི་ཏས་གསན་ནས། ཇོ་བོ་མ་རུང་བ་འདྲའས། གཅུང་གྲོགས་ལ་བཞུད་ཆེས་བྱས་ན།
(153) ལག་ཤ་ན་ན་རེ༎ ད་ཅི་གཆེན་གྱི་ཞལ་ནས། གར་ཡང་མ་འགྲོ་བར༎ ལྷ་མོ་སྲུང་ཤིག་ཆེས་བྱུང་བས། བདག་མྱི་མཆི་
(154) ཞེས་ཟེར་བ་དང། ལྷ་མོ་ཁྲོསྟེ༎ ཇོ་བོ་མྱེད་ན༎ ངན་བུ་བསྲུངསྟེ་ཆ་ཇྀ་མཆིས། གཅུང་གྀ་ཐུགས་ལམ་ནའ།
(155) གཅེན་མྱེད་ཏང། བདག་དང་ལྷན་ཆིག་བཞུགས་པར་དགོངས་པ་འདྲའ་སྟེ། བདག་མ་དད་ན། སྐྱེས་པ་སུས་བདག་ལ་རེག་
(156) པ་ཙམ་གྱིས་ཚིག་པར་གྱུར་ཆིག་པར་དམོད་པ་བོར་རོ༎ ལག་ཤ་ན་ན་རེ༎ བདག་ནྀ་གཅེན་གྱིས་བསྒོ་བ་ཉན་ཏེ། མྱི་
(157) འགྲོ་ཞེས་བགྱིས་པར་བས་ཀྱི༎ སེམས་ལ་གཡོ་མྱེད་ཡང་དག་གོ༎ བདགྀ་སེམས་ལ་གཡོ་མྱེད་ཡང་དག་ནའ།
(158) ནམ་ཆིག་ན་ཁྱེད་སྤད་ཤུག་མཁོན་པར་གྱུར་ཆིག་པར་དམོད་པ་བོར་རོ༎ ལག་ཤ་ན་གཅེན་གྱི་གྲོགས་ལ།
(159) བཞུད་པ་འྀ་སླད་ན༎ ལྷ་མོས་སྨྲས་པ། ཀྱི་གུད་བུད་མྱེད་དགིས་སྨྲས་པ་ལ་ལེགས་པར་གྱུར་པ་ག་ལ་ཡོད༎
(160) ཕུགས་སུ་མྱྀ་རྟོག་འཕྲལ་ལ་ལྟ༎ འདོད་ཞེན་ཆེ་ལ་སྲབ་ལ་ཡང། ཡུན་ཀྱྀ་ལེགས་ཉེས་མྱི་ཤེས་པར།
(161) གནང་བར་བྱ་བ་འྀ་ག་ལ་རིགས༎ སྙྀང་དང་འདྲའ་བ་འྀ་རྒྱལ་པོ་དེ༎ ད་ཙམ་རྨད་ཆིག་མ་ཉེས་སམ༎
(162) ཞེས་ངུ་ཞྀང་འདུག་པ་ལས༎ མདའ་ཤ་གྲྀ་བ་པྱིན་ནས༎ བླང་སྟེ་བཀུར་ཞེས་བྱས་ན། ལྷ་མོ་ལ་རེག་པ།
(163) ཚྀག་པར་ཤེས་ནས། ཀླང་པོ་མཆོག་དུ་སྤྲུལ་ཏེ༎ བཅིབས་པར་གསོལ་ན་ཡང་མ་གནང། རྟར་སྤྲུལ་ན་ཡང་
(164) མ་རུང་ནས། ར་མ་ན་དག་ཀྱང་སླར་ལོག་དུ་ཉེ་སྟེ༎ ས་གཞི་ཐ་གྀ་ཙམ་དང་ཐོག་ཅེས་བླངས་ནས་ཁྱེར་ཏེ་བྲོསོ་
(165) རྒྱལ་པོ་མཆེད་གཉྀས་ཀྱང་སླར་བྱོན་ན༎ ལྷ་མོ་ས་གཞྀ་དང་བཆས་པར་གར་སོང་གཐོལ་མྱེད་ནས༎
(166) རྒྱལ་པོ་མཆེད་གཉྀས་ཀྱིས་གཞི་བདུངས་ཏེ༎ པྱི་བཞིན་དུ་བདའས་པ་ལས། རྨད་ཁུངས་མ་པྱིན་ནས༎ པྱོགསpyog[s]
(167) བཅུར་ཚོལ་ཞིང་འགྲོ་འགྲོ་བ་ལས༎ དུབ་ཆེ་སྟེ། ངལ་སོ་ཞིང་གཞྀ་ལ་སྐོམ་ཚུགས་བཆས་པ་ལས། གཉིདgnyi[d]
(168) ལོག་ནས། དབྱར་དང་པོ་སྐྱེས་པ་འྀ་རྩྭ་གཞི་ལ་ཁྲིས་པ་སྣར་ཟུག་པ་དང་སད་དེ༎ ཡང་རྨད་འདོར་ཞིང་འདི་སྐད་
(169) གསུངས་སོ༎ ད་ཙམ་བཟང་མོ་ཡིད་འོང་གདུང་བ་འྀ་མཆི་མ་དཀྱུས་རིངས་སྤྱན་བཀྲའ་ནས༎ ཟླ་
(170) མདངས་མཛེས་པ་འྀ་ཞལ་ལ། དབབ་ལྟར་འདྲྀལ་བ་སྙམ༎ གཉྀ་ཟེར་འཆར་པ་ལྟེ་བུ་འྀ་ཐུགས་ངན་ལ་
(171) མཚན་མོ་མུན་པ་བཞྀན་དུ་གྱུར་པ་སྙམ་ཞེས་གསུང་ཞིང་བཞུད་པ་ལས༎ ལུང་པ་གཆིག་གི་མདོར་པྱིན་
(172) ནའ། ཆབ་ནག་པོ་ཞིག་འབབ་ནས༎ གཅུང་སྐྱེམས་ཏེ་བཐུང་ཞེས་བགྱིས་པ་དང༎ གཆེན་གྱི་ཞལ་ནས།
(173) འདྀ་སེམས་ཆན་ཉམ་ཐག་པ་ཞིག་གྀ་ཁུ་བ་ཡིན་ཏེ། བརྩོག་གིས་མ་འཐུང་ཤིག་ཆེས་བགྱིས་པ་དང༎
(174) གཅུང་གྀ་མཆིད་ནས། ཇྀ་ལྟར་སེམས་ཆན་གྱི་ཁུ་བ་ལགས་ཤེས་ཞུས་པ་དང༎ བསྟན་གྱིས་འདོང་ཞེས་གསུང་
(175) ནས། ལུང་པ་འྀ་པུར་པྱིན་ན༎ སྤྲེ་འུ་འཕགས་པར་ཆེ་བ་ཞིག་སྣང་ངེ་ཉལ་བ་འྀ། མཆི་མ་དང་ཁ་ཆུ་དང་སྣ་ཆུ་ཡིན་བར་གྱུ་
(176) ནས༎ སྤྲེ་འུ་ཁྱོད་སུས་བརྡེགས་ཤེས་རྨས་པ་དང༎ བདག་ནྀ་སྤྲེ་འུ་གྱྀ་རྒྱལ་པོ་འི་བུ་ལགསྟེ། བདག་ཆག་སྤུན་
(177) གཉིས་མཆིས་པ་ལས། བདག་ནྀ་ནུ་བོ་ལགས་ཏེ། བགྲྀན་བཟངས་ཤེས་བགྱི། བདགྀ་ཕོ་བོ་ནི་འབའ་ལི་ཞེས་བགྱི་
(178) སྟེ། རྒྱལ་སྲྀད་ལྟོད་པ་ལས། ཕོ་བོ་སྟོབས་ཆེ་བས། བདག་བརྡེགས་ཏེ་སྣད་པ་ལགས་ཤེས་མཆི༎ དེ་ནས་བུད་མེད་
(179) འདྀ་ལྟ་བུ་ཞིག་མཐོང་ངམ་ཞེས། རྒྱལ་པོས་རྨས་པ་ལས༎ བདག་ནྀ་བྲོ་འཚལ་བ་འྀ་མྱེ་ངན་གྱིས་གདུངས་པསpa[s]
(180) མ་མཐོང་ན། བདགྀ་དྲུང་ན༎ སྤྲེ་འུ་གསུམ་མཆིས་པ༎ ཁྱེད་གདའ་བ་དང་བྲོས་ནས། ད་ལྟར་རྀ་གྲོད་ཡ་བི་
(181) ན་མཆིས་ཏེ། དེ་རྣམས་ཀྱིས། དེ་ལྟ་བུ་ཞིག་མཐོང་བར་གླེང་ཞིང་མཆིས་པས། དེ་རྣམས་ལ་རྨར་གསོལ་+ལ་
(182) ཞེས་མཆི་ནས༎ རྀ་གྲོད་དུ་བལྟས་པ་དང། སྤྲ་བོ་ཆེ་གསུམ་གདའ་སྟེ༎ ངེད་གནོད་པ་མྱི་བྱེད་གྱིས། མར་ཤོག་ཤིགshi[g]
(183) ཆེས་བགྱིས་པ་དང༎ སྤྲེ་འུ་གསུམ་ཡང་དེར་འོང་སྟེ་རྨས་ན༎ གཞེ་ནིང་སྔ་མོ་ཞིག་གི་དུས་ན༎ མྱི་མགོ་བཅུ་
(184) ཐམ་བ་ལ། མགོ་དང་པོ་རྟ་མགོར་འདུག་པ་གཆིག་གིས༎ བུད་མྱེད་སྨན་བཞིན་གཆིག། ས་གཞྀ་ཐ་གི་ཙམ་གྱི་ste[---]
(185) དུ་བཞག་སྟེ༎ ལྷ་མོ་ཞལ་ནས། འདྀ་སྐད་མཆི་འོ༎ བདག་ནྀ་རྒྱལ་པོ་ར་མ་ན་འྀ་བཙུན་མོ་དམ་པ་སྀ་ཏ་ལགས་[---]
(186) མཐུ་ལྡན་གང་ཞིག། བརྩེ་བར་མྱི་དགོངས་སམ༎ མྱྀ་སྡུག་གཟུགས་ཆན་འདྀ་ལས་པྲོག་དུ་གསོལ་ཞེས་
(187) མཆིསྟེ། ནམ་ཀ་ལ་ཁྱེར་ཏེ་སོང་ངོ། ཞེས་བྱས་པ་དང༎ རྒྱལ་པོ་ར་མ་ན་འྀ་ཞལ་ནས༎ བགྲྀན་བཟངས་ཀྱི་
(188) དན་གྲོགས་བྱསྟེ། རྒྱལ་སྲིད་དུ་གཞུག་ན༎ ཁྱོད་ཀྱིས་ལྷ་མོ་སྀ་ཏ་བཙལ་བ་འྀ་དན་གྲོགས་བྱ་ན་རུང་མྱྀ་རུང་ཞེས་བྱས་
(189) པ་ལས། འདྀ་ལྟར་བདགི་དན་གྲོས་གྲོགས་ མཛད་པར་གནང་ན༎ བདག་ཀྱང་རྔོ་ཇི་ཐོག་གིས༎ བཀའ་སྩལད་པ་ཉན་
(190) ཞེས་གསོལ་ནས། བྲོ་གཚྀགས་བགྱིས་སྟེ། སང་གྀ་ཉིན་པར་ཐབ་མོ་བགྱིད་པར་དུས་བཏབ་ནས༎ པྱིས་ཉིན སྤྲེ་འུ་གཉིས།
(191) ཐུག་ཆེས་བཀྱེ་བ་དང༎ རྒྱལ་པོ་ལྟད་མོ་ལ་ཡེངས་ནས། མདའས་མ་འཕནས་སྟེ། འབའ་ལྀས། བགྲིན་བཟངས་
(192) གཐལ་འཐལ་ཏེ་མ་ཤི་ཙམ་བགྱིས་སོ། རྒྱལ་པོ་ར་མ་ན་འྀ་ཞལ་ནས། དྀ་རིང་ལྟད་མོ་ལ་གཡེངས་ཀྱིས། སང།
(193) སྤོགས་པར་དུས་ཐོབ་ཤིག་ཆེས་བྱས་ནས། སང་ཡང་འགྱེད་དུས་བཏབ་པ་ལས། ཡང་དུག་ཆེས་བཀྱེ་བ་དང༎ སྤྲེ་འུ་
(194) འདྲའ་བ་གཉྀས་གང་ལ་འཕང་བ་གཐོལ་མྱེད་ནས༎ ཡང་འབའ་ལིས་གཐལ་གཐལ་ཏེ་བཞག་གོ༎ འབའ་ལི་
(195) འྀ་བཙུན་མོས༎ འབའ་ལྀ་ལ་གསོལ་པ༎ རྒྱལ་སྲིད་མྱྀ་པོག་པར་ནྀ༎ ཁྱོད་ཀྱིས་སྟོབས་ཀྱིས་ཐུབ། མགྲིན་
(196) བཟངས་རྒོལ་ཡང། དམེ་སྡིག་པས་མ་གསད་ཆེས་བྱས་པས༎ སྔར་དེ་འྀ་པྱིར་མ་བསད་དོ། མགྲྀན་བཟངས་
(197) རྒྱལ་པོ་ར་མ་ན་ལ། འཁང་སྟེ༎ ཁྱོད་ཀོ་བདག་ལ་མཐོ་འཚམ་མམ། དཀུའ་བྱེད་པ་འདྲའ་སྟེ། བསླུ་བསླུ་ནས།
(198) བདག་དེ་འུ་བསད་ཆེས་བྱས་པ་དང༎ ངས་ངོ་མ་ཤེས་ཀྱིས། སང་ཁྱོད་ཀྱི་མཇུག་མ་ལ་མྱེ་ལོང་གཆིག་ཐོག་ཤིག་ཅེས་
(199) བགྱིས་ནས། མྱེ་ལོང་གཆིག་བཏགསྟེ། བཀྱེ་བར་+ར་ དུས་བཏབ་པ་ལས། འབའ་ལྀ་འི་ཆུང་མ་འི་མཆིད་ནས། མགྲིན་
(200) བཟངས་ཀྱྀས་མྱི་ཐུབ་པ་འྀ་སྟེང་དུ། དེ་བར་ཉིན་ཆིག་བཞྀན་དུ་རྒོལ་བ་དང་སྦྱར་ན། ནོན་སྐྱབས་བྱེད་པ་འགའ་ཞིག་ཡོད་པ་
(201) འདྲས་སྟེ། བཀྲོངས་པར་མཆིས༎ དེ་རིང་མ་བཞུད་ཆིག་ཆེས་བགྱིསྣ་+ན་ དེ་བར་རྡུད་མར་རྒོལ་ཡང་ནོད་བྱེད་པ་མྱེད་
(202) པ་དང་སྦྱར་ན། ཚོད་སོད་ཆེས་མཆི་ནས། དྀ་རིང་ནྀ་[སྣད?] [རབ?]ཆིག་བྱའོ་ཞེས་མཆི་ནས་ཆ་སྟེ་སོང་བ་དང། ཐུག་
(203) ཆེས་བཀྱེ་ན། མགྲིན་བཟངས་ཀྱི་མཇུག་མ་ལ་མྱེ་ལོང་ལྷག་ཆེས་བྱེད་ནས༎ འབའ་ལི་འི་ཀློར་ར་མ་ན་འི་མདའ་
(204) གཆིག་བརྒྱབ་པ་དང། འབའ་ལྀ་ཆུང་མས་བལྟས་ན། བདགྀ་ཁྱོ་རྡུད་ཆེས་སོང་བར་མཐོང་ནས། དྲུང་དུ་པྱིན་ཏེ་བལྟས་ན།
(205) རྒྱལ་པོ་ར་མ་ན་འྀ་མདའས་ཕོག་པར་གྱུར་ནས། སྨྲས་པ། མཐུ་རྩལ་ཆེ་ཡང་དགོངས་རླབས་ཆུངས། གྲོགས་པོ་
(206) བདམ་ན། མཐོ་དབམ་མོད། ནོངས་ལེགས་མ་མཆིས་གོ་བཉམ་ན། འབའ་ལྀ་ལྷག་པར་ཇྀ་སྟེ་དགུམ༎ ཡོང་
(207) ནྀ་རྒྱལ་པོ་ར་མ་ན་འྀ་མདའ་ཕོག་སྟེ་ཤི་བ་ལྷར་འགྲུབ་པས། བླ་གྲང་ཞེས་མཆི་འོ། རྒྱལ་པོ་ཡང་ཅུང་ཟད་སྐྱེངསོ།
(208) དེ་ནས། ར་མ་ནས། མགྲྀན་བཟངས་ལ་དུས་བཏབ་ནས། སླར་སོ་སོ་གནས་སུ་དོང་སྟེ༎ དམགྀ་དཔུང་བཟློག་bzlo<u>g ནས།
(209) དུས་བཏབ་པ་འྀ་སར་ལོ་གསུཾ་བསྡད་ཀྱང༎ སྤྲེ་འུ་གྱི་དམག་མ་འོངས་ནས༎ མདའ་ལ་ཡྀ་གེར་བྲིས་ཏེ་འཕངས་པ།
(210) མགྲིན་བཟངས་ཀྱྀ་དྲུང་དུ་འོངས་ནས༎ རྒྱལ་པོ་ར་མ་ན་འྀ་མདའ་ཡྀན་བར་ངོ་ཤེས་ནས། སྔར་རྒྱལ་སྲིད་ལ་གཡེངས་སྟེ་
(211) དམ་བཆས་པ་གཟོད་དྲན་ནས། སྐྲག་ནས་ཡི་གེ་བླགས་ན༎ དམ་ལ་གནས་བྱས་མགྲིན་བཟངས་པོ། འབའ་ལི་
(212) ལམ་དུ་མ་འགྲོ་ཤིག༎ གང་དུ་འབའ་ལྀ་བསད་པ་འྀ་ལམ༎ དེ་ནི་ལེགས་པ་མ་ཡིན་ནོ། ཞེས་ཟེར་བ་དེས།
(213) དེ་བས་ཀྱང་སྐྲག་སྟེ། སྤྲེ་འུ་དམག་དེད་ནས༎ རྒྱལ་པོ་ར་མ་ན་འྀ་གན་དུ་པྱིན་པ་དང། དམག་གྲར་དྲང་གཐོལ་
(214) མྱེད་དེ༎ རྒྱལ་པོ་ར་མ་ན་འྀ་ཞལ་ནས༎ སྤྲེ་འུ་བདམས་པ་དག་ཆིག༎ ལྷ་མོ་གང་ན་འདུག་པ་ཚོལ་དུ་གཏང་དགོསdgo[s]
(215) ན༎ མཐུ་རྩལ་སུ་ཆེ་ཞེས་རྨས་སྣ། མགྲིན་བཟངས་མཆིད་ནས༎ བདག་ཕོངས་པ་ན་ཡང་རོགས་བགྱིད་བགྱིད་
(216) དེ། གློ་བ་དེ་ཡང་ཉེ། མཐུ་རྩལ་ཡང་འདྀ་གསུཾ་ཆེ་ཞེས་མཆི་ནས༎ པག་ཤུ་དང། སྀན་དུ་དང། ཧ་ནུ་མན་ཏ་གསུམ།
(217) གཏང་བར་ཆད་ནས༎ རྒྱལ་པོ་ར་མ་ནས༎ བཙུན་མོ་ལ། པྲིན་ཡིག་དང། རྟགསུ་སོ་རྡུབ་གཆིག་བསྐུར་ཏེ། སྤྲེ་འུ་
(218) གསུམ་ཚོལ་དུ་བཏང་ངོ༎ སྤྲེ་འུ་གསུཾ་གྱིས་མ་པྱིན་དགུང་པྱིན་ན། ཐོ་ཐག་གཉིསུ་བཙལ་ཀྱང་ཁུངས་མ་ཕྱིནད།
(219) འཕགས་པར་སྐོམ་ཡང་ཆུ་མ་རྙེད་དེ། བྲག་གྀ་སེར་ག་ཞིག་ནས། ངུར་པ་གཉིས་འཔུར་ཏེ་སོང་བ་མཐོང་ནས། བྱ་ཡོད་
(220) པ་ན་ཆུ་ཡོད་པར་དཔྱད་དེ༎ ངུར་པ་སོང་བ་འྀ་པྱི་བཞིན། གཆིག་གྀ་མཇུག་མ་ལ་གཆིག་འཇུས་ནས། བྲག་
(221) ལ་འཛེགས་སྟེ་སོང་ནས་+ས་ པུགསུ་པྱིན་ན། ཁང་པ་རབ་དུ་བཟང་བ་ཞིག་འདུག་སྟེ་འདྀ་སུ་འི་ལགས་རྨས་ན།
(222) དཔལ་ལྷ་མོ་འི་སྲས་མོ། གཙུག་རྒྱལ་སྒེག་མོ་འི་ཁབ་ཡྀན་ནོ་ཞེས་མཆི་ནས༎ སྤྲེ་འུ་རྣམས་ཀྱིས་
(223) པྱག་འཚལ་བར་གསོལ་པ་ལས་གནང་སྟེ། པྱག་བགྱིས༎ ལྷ་མོ་འི་ཞལ་ནས། གར་འགྲོ་ཞེས་རྨས།
(224) དྲང་པོར་གསོལ་པ་དང། དམྱྀག་ཚུམས་ཤེས་བྱུང། དམྱིག་བཙུམས་པ་དང། ད་དམྱིག་པྱེ་ཞེས་གསུང།
(225) ག་ཤེད་ཀྱི་མཚོ་གྲམ་བྱེ་ལྟོངས་ཤིག་དུ་པྱིན་ནས། ཕན་ཚུན་བལྟསྣ་+ན་ རྀ་ནག་པོ་ཆེད་པོ་ཞིག་སྣང་སྟེ། བརྟགས་+ས་
(226) ན། འགུལ་བ་སྙམ་བྱེད་ནས། དྲུང་དུ་པྱིན་ན། བྱ་ནག་པོ་འདབ་ཚིག་ཆིག་ཡྀན་ནས༎ ཁྱོད་ཅི་སྟེ་འདབ་མ་ཚིག་
(227) འདྀ་ན་ཇི་བྱེད་ཆེས་དྲྀས་ན། བྱ་ན་རེ་ང་འྀ་ཕ་ནྀ་བྱ་ཁྱུང་གི་རྒྱལ་པོ་སྟེ༎ ཨ་ག་འཛའ་ཡ་ཞེས་བྱའ། དེ་ལ་བུ་སྤུན་གཉིས་ཡོད་
(228) པ་ལ། ང་ནྀ་ཕོ་བོ་པ་དའ་དཱ་ ཞེས་བྱ༎ ནུ་བོ་ནི་སམ་པ་དའ་ཞེས་བྱའ༎ ངེད་གཉིས་རྒྱལ་སྲིད་ལྟོད་པ། ལས། དམ་བཆས་པའ།
(229) རྀ་རབ་ཀྱི་རྩེ་མོ་ནས། འཕུར་ཏེ༎ གང་མགྱོགས་པས༎ རྒྱལ་སྲྀད་བཀུར་བར་བྱས་པ་ལས། ཐ་གྀ་ཙམ་གྱིས་བདག་
(230) མགྱོགསྟེ། སླར་བལྟསྣ་+ན་ ནུ་བོ་འི་འདབ་མ་ཉི་མས་ཚྀག་ལ་ཐུག་ནས། སླར་ལོག་ནས། ནུ་བོ་རོགས་བྱས་པ་དང་
(231) བདག་ཉྀ་མས་ཚིག་སྟེ། བང་བུལ་ནས༎ རྒྱལ་སྲིད་ཀྱང་མ་ཐོབ་སྟེ༎ ད་ལྟར་འདྀ་ན་འདུག་པ་ཡིན་ནོ་ཞེས་ཟེར་རོ༎
(232) བདག་ཆག་ནྀ། རྒྱལ་པོ་ར་མ་ན་འྀ་བཙུན་མོ་ཚོལ་བ་ཡིན་ཏེ། འདྀ་ལྟེ་བུ་མཐོང་ངམ་ཞེས་དྲིས་པ་དང༎ ལྷ་མོ་སི་
(233) ཏ་སྲྀན་གྱི་རྒྱལ་པོ་མདའ་ཤ་གྲྀ་བས་བརྐུས་ཏེ༎ ད་ལྟར་ཡུལ་ལང་ཀ་པུ་ར་ན་འདུག༎ དང་པོ་བརྐུའ་ནས། ས་གཞི་
(234) དང་ཁྱེར་ཏེ་འགྲོ་བ་འྀ་ཚེ༎ ར་མ་ན་འྀ་ཕ་དང། བདགི གཉིས༎ ཤག་རག་པོ་ཡིན་བ་འྀ་པྱིར། བདགི་ཕས་འདབ་མ་ཡ་
(235) གཆིག། གནམ་ལ་གཐུགས། འདབ་མ་ཡ་གཆིག་ས་ལ་གཐུགས་ནས། འདབ་ལྕག་གིས་སྲིན་པོ་བརྒྱབ་སྟེ།
(236) ལྷ་མོ་པྲོགས་ནས། དྲུང་དུ་བཞག་པ་ལས། ངལ་སོ་ཞིང་འདུག་པ་དང། སྲིན་པོས་ལྕགས་ཀྱི་ཐུ་ལུམ་
(237) དམར་པོ་གཆིག་འཕགས་པ་དང༎ བདགྀ་ཕ་འི་སྙིང་ལམ་ན་ཁ་ཟས་ཤིག་ཡིན་བར་དཔྱད་ནས། ཟོས་པ་
(238) ལས། སྙིང་ཚིག་ནས་ཤྀ་སྟེ་༎ སྲིན་པོས་ལྷ་མོ་ཁྲྀད་དེ་སོང་ངོ་ཞེས་ཟེར་རོ༎ དེ་ནས་སྤྲེ་འུ་
(239) གསུཾ་གྱིས་བགྲོས་པའ༎ ལང་ཀ་པུ་ར་ནྀ་རྒྱ་མཚོ་འི་ཀླིང་ན་འདུག་ན། འུ་བུ་སུ་དེར་འགྲོ་ནུས་ཤེས་བྱས་པ་དང་+ང་
(240) སྀན་དུ་ན་རེ་ངས་མྱི་ནུས་ཤེས་ཟེར། པ་ཤུ་ན་རེ་ངས་ཕར་ནྀ་མཆོངསྣ་+ན་ ནས་རྒས་པས་པྱིར་མྱི་མཆོངས་ཤེས་
(241) བྱས་པ་དང༎ ཧ་ནུ་མན་ཏ་སྨྲས་ནྀ་མ་སྨྲས། ཡིད་ལ་ནུས་སྙམ་པ་སམས་པ་དང། པག་ཤུ་ན་རེ། ཧ་ནུ་མན་
(242) ཏ་མྱི་ནུས་སམ་ཞེས་དྲིས་སོ༎ རྔོ་ཐོག་ཆེས་མཆི་ནས༎ རྒྱ་མཚོ་ལ་མཆོངསྟེ་མཆིས་ནས། ལང་ཀ་
(243) པུ་རར་མཆིས་ནས༎ ལྷ་མོ་གང་ན་འདུག་པ་བརྟགསྣ་+ན་ སྲྀན་པོ་འི་བཙུན་མོར་བྱར་ནྀ༎ རང་མ་དད་ན། སུས་
(244) རེག་པ་ཚྀག་པར་ཤེས་པས། མ་རུང་ནས༎ མཁར་སྒོ་མྱེད། དགུ་རིམ་གྱྀ་ནང་དུ་སྩལ་ཏེ། དམགིས་འཚོ་ཞིང་
(245) འདུག་ནས༎ ཧ་ནུ་མན་ཏ་འཇབ་འཇབ་ནས། མཐོངས་ནས་མཆོང་སྟེ། བཙུན་མོ་ལ་པྱག་འཚལ་ནས།
(246) པྲིན་ཡིག་དང། རྟགས་སུ་སོ་རྡུབ་སྐུར་བ་ཕུལ་བ་དང༎ ལྷ་མོ་ཡང་རབ་དུ་དགྱེསྟེ། པྲིན་ཡིག་བླགས་ན།
(247) མེན་ཏོག་འདབ་རྒྱས་ལྟེ་བུ་འྀ་སྐུ་མདོག་ལ། སྙུན་ཀྱྀ་ཐན་བས་གདུངས་པར་མ་གྱུར་ཏམ། སྟག་རིས་བུང་
(248) བ་ལྟེ་བུ་འྀ་འཁོར་+ར་ ལྡིང་ལ༎ ཐུགས་ཀྱི་གྲྭ་ནས། བྲེང་བྲེང་མྱི་བརྩེ་འམ། བདག་ནྀ་བསླུ་བ་འི་རི་དགས་དེ་བགུཾ་སླར་
(249) མཆིསྣ་+ན་ ས་གཞི་བཆསུ་བཟང་མོ་མྱི་བཞུགས་ནས༎ མྱེ་ངན་ཡྀད་ལ་གདུངས་པ་འྀ་ལུས་མདོག་ནི།
(250) ལོ་འདབ་ལྷགས་པས་གདུངས་པ་འྀ་འཇོན་ཤིང་བཞིན༎ མཛེས་སྡུག་ཤེལ་མདོག་འདྲའ་བ་འྀ་ཐན་
(251) གྲོགས་དེ་མྱེད་ནས༎ ངུར་པ་བཞིན་དུ་པྱོགས་འཚམས་ཀུན་དུ་ཚོལ༎ ཆབ་གང་གཡུང་དྲུང་སེམས་
(252) ཀྱི་ཐག་བསྲིངས་པས། ལོ་ཟླ་མང་པོ་འི་དུས་ཀྱང་ཡེངས་ལ་འདའས། ད་ནྀ་གངས་ཀྱི་སེང་གེ་རྩལ་པྱུང་
(253) མཐུས་གཐུགས་པས༎ སྡོ་བ་འྀ་དགྲ་གཞན་རང་ཉིད་འཁམ་སྟེ་འཆི། ལྷུན་པོ་རི་རྩེར་རིན་ཆེན་བྱིན་
(254) ཤར་ན། སྐར་ཚོགས་མཁའ་ལ་རྒྱུ་བ་འྀ་འོད་དང་བྲལ༎ དེ་བས་བདག་ལ་དགོངས་ལྡན་བརྩེ་བ་འི་ངང་ཉྀད་ནི་
(255) དཀྱིལ་ཡངས་རྒྱ་མཚོ་འི་དཀྱིལ་དུ་གྱུར་ལྟར་ཡང༎ པུ་ཆབ་ལྟེ་བུ་འི་ཡིད་ཀྱི་དབའ་རྒལ་དག༎ རྒྱ་
(256) བསྐྱེད་དགོངས་པ་འི་ལྷུན་ནྀ་ཚིམ་བར་མཛོད་ཆེས་མཆི་ནས༎ དེ་ནས་ལྷ་མོ་འི་ཞལ་ནས། སྤྲེ་འུ་
(257) ལས་གཐོགས་འདོད་ཆེ་མྱེད་ཀྱིས། སྲྀན་པོས་བསད་པར་འོང་སྟེ། གོབ་ཤིག་ཆེས་བསྒོ་བ་དང། ཧ་ནུ་མན་
(258) ཏ་མ་ཉན་ནས། སྲྀན་པོ་འི་སྒྱེད་མོ་ཚལ་དུ་སོང་སྟེ༎ ཤྀང་ཀུན་ཀྱང་རྩ་བ་ནི་གནམ་དུ་བསྟན། རྩེ་མོ་ནི་ས་
(259) ལ་བཙུགས་པ་ལ་སྩོགས་པ༎ རྐྱལ་ཀ་མང་མོ་ཞིག་བྱས་པ་དང༎ སྤྲེ་འུ་མ་རུངས་པ་ཞིག་འོངས་སོ་
(260) ཞེས། མདའ་ཤ་གྲྀ་བ་འི་སྙན་དུ་གདའས་ནས། འབངས་ལས་མང་མོ་ཞིག་འཛིན་དུ་བཏང་ན། ཧ་ནུ་མན་ཏས་
(261) སྲིན་པོ་འཛྀན་པ་རྣམས་རྀལ་བསད་དེ༎ མདའ་ཤ་གྲི་བ་ཐུགས་སྙུང་ནས། གཉི་ཟེར་གྱི་ཞགས་པ་དངོས་གྲུབ་དུ།
(262) བསྒྲུབས་པ། སྲས་ཐུ་བོ་བསྐུར་ཏེ་བཏང་བ་ལས། ཞགས་པ་དམྱིག་ཆེར་བྱས་ན་ནྀ། སྤྲེ་འུ་ཆུང་ངུ་བྱསྟེ་མ་ཟིན། zi[n/]
(263) ཞགས་པ་དམྱིག་ཆུང་ངུ་བྱས་ན་ནི་དཔག་ཚད་བཅུས་འཁོར་པ་ཙམ་དུ་བྱསྟེ་མ་ཤོང་ནས༎ སྲིན་པོས་དངོས་
(264) གྲུབ་ཀྱི་ལྷ་རྣམས་ལ་གསོལ་པ་དང། དངོས་གྲུབ་ཀྱི་ལྷ་རྣམས་ཀྱིས༎ ཧ་ནུ་མན་ཏ་ལ་བསྒོ་བ། སྲོག་[---]
(265) དབབ་པར་བྱས། རེ་ཤིག་ཞགས་པས་ཟྀན་པར་གྱི་ཤིག་ཆེས་བགྱིས་ནས། ཧ་ནུ་མན་ཏ་ཞགས་པས་
(266) ཟིན་ཏོ༎ སྲིན་པོ་རྣམས་ཀྱི་མཆིད་ནས། སྤྲེ་འུ་གཐོགས་འདོད་ཆན་མ་རུངས་པ་འདི། གཤིས་
(267) ངན་ཁོ་ནར་གསད་དོ་ཞེས་བསྒོ་བ་དང། ཧ་ནུ་མན་ཏས་གསོལ་པ། ཁྲྀ་ལན། མྱི་དགུམ་བར་ནྀ་ཆང་མྱི་གསོལ་+ལ་
(268) ན༎ ཕ་ལྟར་དགུམ་བར་ཇྀ་གནང་ཞེས་གསོལ་བ་དང། དེ་ལྟར་གནང་གིས་ཕ་ཇི་ལྟར་བསད་ཆེས་རྨས་པ་
(269) དང༎ བདགི་ཕ་གཞུག་མ་ལ་རས་ཡུག་སྟོན་གིས་དཀྲིས། མར་སྲན་ཁྲྀ་འི་ནང་དུ་བཅུག་ནས། མྱེ་བཏང་
(270) སྟེ་བཀུཾ་ཞེས་གསོལ་པ་དང། ཧ་ནུ་མན་ཏ་ཡང་དེ་བཞིན་བགྱིས་ནས། མྱེ་འབའར་བ་དང། མཇུག་མ་
(271) ཡུག་ཆེས་བྱསྟེ། སྲིན་པོ་འི་མཁར་དང་ཁངས་སྟེང་རྒྱ་སྐེགས་ཀྱིས་གཡོགས་པ་ཡང་ཕལ་ཆེར་ཚིག་[---]
(272) སྲིན་པོ་ཡང་མང་དུ་གུམ་སྟེ་། མཇུག་མ་ལས་རས་པུད་དེ་བོར་ནས། སླར་ལྷ་མོ་འི་གན་དུ་མཆིསྟེ་
(273) བདག་མཆི་ན་པྲིན་ཡིག་བརྫང་དུ་གསོལ་ཞེས་གསོལ་པ་དང༎ ལྷ་མོས་རྨས་པ། ཁྱེད་སྤྲེ་འུ་ལ་
(274) ཁྱོད་ཙམ་ཕོད་པ་དུ་ཡོད་ཆེས་རྨས་ན། ཧ་ནུ་མན་ཏས་གསོལ་པ༎ བདག་ལ་བདག་སྟོད་ལེགས་མ་[---]
(275) གྲོགས་ལ་སྨོད་པ་དེ་བས་ཐུ༎ ལྷ་མོས་ཐུགས་ནས༎ བཀའ་སྩལ་ན། བདག་ཙམ་སྤྱོད་པ་སྤྲེ་འུ་
(276) ལའ་དཀོན་ཞེས་གསོལ་ནས། པྲིན་ཡིག་མནོསྟེ༎ སླར་མཆིས་ནས། རྒྱལ་པོ་ར་མ་ན་འི་གན་དུ་
(277) པྱིན་ནས༎ པྲིན་ཡིག་པུལ། བཀའ་མཆིད་ཞིབ་དུ་གསོལ་པ་དང། རྒྱལ་པོ་ཐུགས་དགྱེས་ནས།
(278) [---]o འི་པྲིན་ཡྀག་པླགས་ན༎ ཡོན་ཐན་ཡིད་བཞིན་མང་པོ་འི་འཕྲ་ཚོགས་ཀྱིས། མཛེས་པར་+ར་
(279) བརྒྱན་པ་འྀ་སྒྲོན་མ་ལྟེ་བུ་སྐུ་གདུང་ལ༎ སྙུན་ཀྱི་སེར་བུས་མ་བསྐྱོད་ལ་མེ་ཞེས། གུས་པར་རྨས་
(280) པ་འི་ལན་ཚིགས་སྙན་པ་དང༎ བརྩེ་དགོངས་འཕྲིན་ཡྀག་སེམས་ཀྱི་དོན་རིག་ཆིག། [མཉེན(/མ་ཉན)]
(281) འཇམ་ལྕུག་པ་འྀ་པྱག་རྒྱ་ངོ་འཚལ་ཏེ། དབ་བྲུག་སྡུག་པ་འྀ། བིས་བ་འྀ་གཡར་ལཾ་ན། སྔོན་གྱི་ཕ་མ་
(282) གནའ་འདའས་པྲད་ཆིང་རྨྱིས་པ་བཞིན༎ བདགི་དྲན་བ་འྀ་སྟོབས་ནི་དབང་མྱེད་པས༎ འཕངས་
(283) པ་བཞིན་དུ་བསམས་པ་ནས། ལྷ་ཉིད་ལ་ཡང། ལྷག་པར་བྲེང་བྲེང་དྲན་བ་འྀ་མཐུ་མ་མཆིས། ཐུགས་
(284) རྗེ་འི་གཟུགས་ཀྱིས། ཡུན་དུ་མྱྀ་གཏང་ཞིང། མངའ་ཐང་རྐྱེན་ཀྱི་འཁོར་ཚོགས་མང་པོ་ལ། བདག་
(285) འདྲའ་འྀ་མྱི་དཔེན། དམན་བ་མ་མཆིས་ཀྱང། ཆབ་གང་འཁོར་རྒྱུག་རེ་བརྟན་ཡ་རབས་གཞུང། ཐུགས་
(286) ལ་དགོངས་པར་གནང་བ་གཐང་རག་འཚལ་ཞེས་མཆི་ནས༎ དེ་ནས་སྤྲེ་འུ་དམག་དང་མྱི་དམག་
(287) བསློག་སྟེ། ཡུལ་ལང་ཀ་པུ་རའར་+འ་ མཆིསྣ་+ན་ ཤུལ་དུ་རྒྱ་མཚོ་ཆེད་པོ་ཞིག་གིས་ཁུམས་ནས།
(288) སྤྲེ་འུ་མ་ཀུ་དང། དམ་སྀ་གཉིས་ཟམ་པ་ཐོག་ཤིག་ཆེས། རྒྱལ་པོ་ར་མ་ནས་བཀའ་སྩལད་པ་[---]
(289) མ་ཁུ་ནྀ་སྟོབས་ཆེ་། བས། མཁར་ལན་བགྱིད་ན། རྀ་དྲུངས་ནས་བཏོག་བཏེག་ ཤིང་རྩ་བ་ནས་ཕྱུང་སྟེ། ཁྱེར་
(290) ཏེ་འོངས། དམ་སྀ་ནི་བཟོ་སྟེ། རི་དག་ཀྱང་པུས་མོ་ལ་བླངསྟེ། བཆག། ནས་ཟམ་པ་བརྩིགས་པ་དང་
(291) སྤྲེ་འུ་མ་ཀུ་ཁྲོསྟེ། ང་ལས་སྟོབས་ཆེ་མྱེད་པ། རི་བཏེག་སྟེ་ཁྱེར་ཏེ་འོངས་པ་ཀུན༎ ཁྱོད་ཀྱིས་པུས་མོ་
(292) ལ་བླངས་ཏེ་བཆག་པ་སྙིང་རེ་ན། ཁྱོད་གསད་དོ་ཞེས་བྱས་པ་དང༎ རྒྱལ་པོ་ར་མ་ནས་སྤྲེ་འུ་གཉིས་
(293) ལ་བསྒོ་བ༎ རྩལ་གྱི་དྲག་ཤུལ་རྔམ་བ་འྀ་མཐུ་སྟོབས་དང༎ རང་རིག་བློ་ལ་མཁས་པ་འྀ་མཁན་
(294) བཟོ་གཉིས། ཡོན་ཏན་སོ་སོར་གནས་པ་འྀ་འཕྲག་དོག་གིས། འགྲན་ཆིང་རྩོད་པ་འི་གཅུགས་ནི་ཇི་
(295) ཡང་མྱེད་ཆེས་བསྒོ[b]sgo ནས༎ ཟམ་པ་བརྩྀགས་ནས་རྒལ་ཏེ་དོང་ངོ༎ དེ་ནས་ལང་ཀ་པུ་རར་པྱིན་ཏེ།
(296) སྲིན་པོ་ལ་དམག་འགྱེད་པར་དུས་བཏབ་ནས༎ མདའ་ཤ་གྲི་བ་འྀ་ནུ་བོ། ཨམ་པ་ཀར་ནས་བྲོས་པའི་
(297) རྀགས་པར། ཕོ་བོ་ལ་གྲོས་བཏབ་པ་ལས། མ་ཉན་ཏེ། ཨམ་པ་ཀར་ན་། རྒྱལ་པོ་ར་མ་ན་ལ་མཆུ་ཐོགས་+ས་
(298) སོ༎ རྒྱལ་པོ་ར་མ་ནས། ཡིད་མ་ཆེས་པ་དང༎ ཨམ་པ་ཀར་ནས་སྨྲས་པ༎ ཕན་དང་ལྡན་ན་
(299) གཞན་ཡང་གཉེན། ཕ་ཕན་ མྱེད་གཉེན་ནི་གཞན་ཡྀན་ཏེ། མྱི་ཕན་བ་ནྀ་ལུས་ཀྱི་ནད། ཕན་བ་དཀོན་
(300) བ་སྨན་ཡིན་ནོ། ཞེས་ཟེར་བ་དང། རྒྱལ་པོ་ར་མ་ནས་གསན་ནས། ཡིད་ཆེསྟེ། ཨམ་པ་ཀར་ན་ཡང་+ང་
(301) བློ་ལ་བཏགས་སོ༎ རེ་ཤིག་ན་སྲིན་པོ་བུམ་རྣ་ཞེས་བྱ་བ༎ སྤུན་སེམས་ཤན་ཐམས་
(302) ཆད་ལ་ཟ་བར་དངོས་གྲུབ་བསྒྲུབས་པ་ལས༎ ལྷ་འྀ་དབང་པོས༎ ཚྀག་ལ་དབང་བ་འི་ལྷ་མོ་གཆིག་ལྕེའི་ཐོར་
(303) ལ་སྤྲུལspru[l] ཏེ། གཉིད་ལོག་པར་ཇྀ་གནང་ཞེས་བསྒྱུར་ནས། དུས་ཐམས་ཤད་དུ་གཉིད་ལོག་པ། ཞིག་ཡོད་པ་དེ། མདའ་ཤ་
(304) གྲྀ་བ་ལ་སྩོགས་པས། རྣ་བར་ཁོ་ཅུ་སྲང་ཁྲྀ་བཞུསྟེ་བླུགས། ཀླང་པོ་ཆེ་སྟོང་ལུས་ལ་རྫྀར་བཀྱེའ། རྔ་བོ་ཆེ་འབུམ་
(305) འགྲམ་པ་འྀ་སྟེང་དུ་བརྡུངས་ནས། ཉིད་སད་དེ༎ མདའ་ཤ་གྲི་བས་གསོལ་བ་བཏབ་ནས། མྱི་དང་སྤྲེ་འུ་དམག་རིལ་
(306) ལྟོར་མྱིད་དོ། རྒྱལ་པོ་ར་མ་ན་ནྀ་མྱིད་དུ་མ་ཚུགས། ཧ་ནུ་མན་ཏ་ནྀ་མྱིད་དེ་བོར་ཡང། རེས་འགའ་ནི་རྣ་བར་བྱུན། རེས་འགའ་+འ་
(307) ནྀ་སྣར་བྱུང། རེས་འགའ་ནྀ་དམྱིག་དུ་བྱུང། ནས། མྱིད་དུ་མ་བཐུབ་པ་གཉིས་ཤོར་ཏོ། རེ་ཤིག་ན་བུམ་རྣ་ཡང། རྐྱག་པ་
(308) མཚོར་བསྐྱགས་ནས། སླར་ཉིད་ལོག་གོ༎ ཨམ་པ་ཀར་ན་འི་མཆིད་ནས། གངས་ཏྀ་སེ་ལ་སྨན་འབྲྀ་ཏ་ས་འཛི་
(309) བ་ཡོད་དེ། དམག་འདྀ་ཀུན་ཡང་སོས་སུ་རུང་ངོ་ཞེས་ཟེར་ནས། ཧ་ནུ་མན་ཏ་ལེན་དུ་བཏང་བ་དང། ངོ་མ་ཤེས་སྟེ་།
(310) གངས་ཏྀ་སེ་ལྷན་ཆིག་བཏེགསྟེ་འོངས་ནས། སྨན་འབྲི་ཏ་བཐུས་ཏེ། ཏི་སེ་ཡང་སླར་གནསུ་བསྐྱལ་ལོ། སྨན་འབྲི་
(311) ཏ་ས་འཇྀ་མ་ཚོར་མཉེས་པ། དང། མྱི་དང་སྤྲེ་འུ་དམག་ཀྱང་རིལ་སོས་སོ། ཡང་དམག་འགྱེད་པར་སྲིན་པོ་ལ་དུས་
(312) བཏབ་པ་ལས། མདའ་ཤ་གྲྀ་བས། མདའ་ཤ་གྲི་བ་འྀ་ནུ་བོ༎ བི་རི་ན་ཤ་ཡང་བྲོསྟེ། མདའ་ཤ་གྲྀ་བ་འི་དམགི་གཡུལ་
(313) ངོར་སྲིན་དམག་མང་པོ་དང་དངར་རོ༎ སྲིན་པོ་འི་དངོས་གྲུབ་ཀྱིས། མདའ་དང་པོ་འཕངསྟེ་'pha<g>ngste ཤི་བས། རྒྱལ་པོ་ར་མ་
(314) ན་སྣ་ལ་བརྒལ་ན། ཤི་ཕན་ཆད་ལྷ་མོ་ཁུགས་ཀྱང་ཆ་མྱེད་པས༎ ཇྀ་ལྟར་བྱ་ཞེས་བགྲོས་པ་དང༎ གཅུང་ལག་ཤ་ནས་
(315) སྔར་བརྒལ་བར་གསོལ་ནས་+ས་ མདའ་དང་པོ་འཕངསྟེ་ཕོག་པ་འྀ་འོག་དུ། དེ་ནས་ར་མ་ནས་བརྒལ་བར་བྱས་པ་དང།
(316) སྲིན་པོ་འི་རྫུ་འཕྲུལ་གྱིས། རང་གྀ་ལུས་མྱི་མཐོང་བར་སྦསྟེ། མཚོན་གྱི་ཆར་པ་ཕབ་ནས། མྱི་དང་སྤྲེ་འུ་དམག་ཀྱང་
(317) ཕལ་ཆེར་བཀུམ་མོ། དེ་ནས་རྒྱལ་པོ་ར་མ་ནས། མདའ་ཤ་གྲི་བ་ལ་བོས་པ། ཁྱོད་མཉན་ཅུ་ཕོད་ཆེས་ན། དེ་ལྟར་
(318) རྐང་པ་འྀ་འཐེབ་མོ་ཙམ་ཡང་འབྱིན་མྱི་ཕོད་དམ་ཞེས་བྱས་པ་དང། སྲིན་པོས་རྐང་པ་འྀ་འཐེབ་མོ་པྱུང་མ་ཐག་དུ་
(319) སེམས་ཀྱི་ཆག་ཚད་ཀྱིས། བཏབ་ནས། རྟ་མགོ་ག་ལ་འདུག་པར་མདའ་གཆིག་འཕངས་'pha<g>ngs པ་ལས། རྟ་མགོ་འུད་
(320) ཆེས་བཆད་ནས། རྫུ་འཕྲུལ་སྟོར་ཏེ། ཡོ་ཡོ་ནས། མྱི་དང་སྤྲེ་འུ་དམག་གྀ་སྟེང་དུ་འགྱེལ་དུ་བྱེད་པ་དང། རྒྱལ་པོ་
(321) ར་མ་ན་འྀ་ཞལ་ནས། ཁྱོད་ཤྀ་མྱི་ཤེས་ན། དགྲ་ལག་དུ་འཆི་འམ་ཞེས་བྱས་པ་དང། སྙིང་ངན་ངོན་དྲན་ཏེ༎
(322) རང་གྀ་དམག་སྟེང་དུ་འགྱེལ་པས། ལུས་ཆེད་པོ་དེ་འྀ་འོག་དུ། སྲིན་དམག་ཀྱང་ཕལ་མོ་ཆེ་ཞིག་གུཾ་མོ། དེ་ནས་སྲིན་
(323) དམག་རིལ། བསད་དེ། ལྷ་མོ་མཁར་དགུ་རིམ་ན་མཆིས་པ༎ རྒྱལ་པོས་མདའ་འཕངས་'pha<g>ngs པ། སྔ་མ་འི་ལྟོང་ལ་
(324) པྱི་མ་འྀ་མདེ་འུ་གྱིས་ཐོགས་ཏེ་བྲེང་མ་ཆད་པ་ལ། མཐོངས་ནས་འཛེགསྟེ་པྱུང་ངོ༎ ལག་ཤ་ན་ཡང་སྨན་ཅུས་
(325) ནས་ཕྱུངསྟེ་སླར་སོས་སོ༎ དེ་ནས་མགྲིན་བཟངས་ཀྱང་སྤྲེ་འུ་དམག་མང་པོ་དང་རང་གི་ཡུལ་དུ་མཆིས༎
(326) རྒྱལ་པོ་ར་མ་ན་མཆེད་སྟངས་དབྱལ་ཡང། འཛམ་བུ་ཀླིང་དུ་བྱོན་ནོ། སྟོན་མོ་དང་རོལ་རྩེད། གདུགས་མཚན་མ་མཆིས་
(327) པར། མཛད་ཆིང་གསོལ་བ་འྀ་རྗེས་ལ༎ ལྷ་མོ་ལ་སྲས་ཁྱེ་འུ་གཆིག་བཙའསོ། མཚན་ཡང་ལ་བར་བཏགས།
(328) མགྲིན་བཟངས་ཀྱི་བློན་པོ་ཧ་ནུ་མན་ཏ་བསྐོས་སོ༎ སྤྲེ་འུ་དཕོན་ཡོག་གིས་ཀྱང༎ རྒྱལ་པོ་ར་མ་ན་
(329) མཆེད་དང། ལྷ་མོ་སྤྱན་དྲང་སྟེ། སྟོན་མོ་རྟག་དུ་སྦྱར་ཏེ་གསོལ་ལོ༎ རྒྱལ་པོ་འི་དེར་ཡང། སྤྲེ་འུ་རྣམས་
(330) གཡར་དྲང་སྟེ་སྟོན་མོ་རྒྱུན་དུ་སྩལད་ཏེ། རབ་དུ་མཛའ་བའྀ་ནང་ན༎ ལྷག་པར་ཡང། རྒྱལ་པོ་ར་མ་ན་དང། ཧ་ནུ་མན་
(331) ཏ་གཉིས་ཡིད་འཆུགས་པར་མཛའ་སྟེ༎ པྲིན་ཡིག་དང། སྐྱེས་རངས་ཀྱང་རྒྱུནདུ་འདྲུལ་ཞིང་མཆིས་པའྀ་རྗེས་ལ།
(332) སྤྲེ་འུ་གྱྀ་རྒྱལ་པོ་མགྲིན་བཟངས་གདུང་ཆད་དེ་ཚེ་འདའས་ནས། སྤྲེ་འུ་འབངས་རྣམས་ཀྱིས༎ ཧ་ནུ་མན་ཏ་ལ་རྒྱལ་སྲིད་
(333) བསྟབས་པ། དང། ཧ་ནུ་མན་ཏས་སྨྲས་པ༎ རྀ་མཐོ་དབབ་འདྲྀལ་ཤོད་ཀྱི་རྡོས་མྱི་བསབ། གཉི་འདྲའས་
(334) མཚན་ཀྱི་ཟླ་བ་གསལ་ཡང་འོད་མྱྀ་དྲོ། རྗེ་སྐྱིན་འབངས་ཀྱིས་བསབ་པ་ལུགས་ལས་འགལ། པུར་མྱི་ནང་གིས་རྒྱལ་
(335) བྱས་འོ་མྱྀ་སྙོམས། དེ་པྱིར་བདག་ནྀ་རྒྱལ་པོ་མྱི་འཚལ་ལོ་ཞེས་བྱས་པ་དང༎ སྤྲེ་འུ་འབངས་རྣམས་ཀྱིས་གསོལ་+ལ་
(336) པ། རྒྱལ་སྲིད་ལྟོད་པྱིར། སྤུན་ཡང་དམེས་འགྱེད་ན༎ གཞན་གྱིས་བསྟབས་བཞིན་མྱྀ་འདོད་ཁྱེད་ལྟེ་བུ་། ཁྲི་པྲག་
(337) འགྲངས་པ་འྀ་སྤྲེ་འུ་ལ་གཆིག་ཀྱང་མྱེད༎ ལྷ་མྱི་ཡོངས་ལ་དཀོན་ནོ་ཡ་མཚན་ཆེ༎ བྲན་གྱི་བུ་ཡང་རིགས་
(338) ཀྱི་རྒྱལ་པོ་སྟེ། དུད་འགྲོ་འི་ལུས་ཀྱང། ལྷ་འྀ་སེམས་པས་ལྷག། སྤྲེ་འུ་གྱི་མྱིངདུ་ཐོགས་ཀྱང། སེང་གེ་འི་རྩལ་དང་
(339) ཆས། བདག་ཆག་སིལ་བུར་ལུས་པ་འྀ་ཕ་མ་མཛོད་ཆེས་གསོལ་པ་དང། དངན་དུས་ཀྱིས་ཀྱང་གསོལ་ནས༎
(340) ཧ་ནུ་མན་ཏས་ཀྱང་ངོ་མ་ཟློགས་ཏེ། རྒྱལ་སྲྀད་ལག་དུ་བླངས་སོ༎ དེ་ནས་ལོང་སྤྱོད་ཀྱིས་གཡེངས་ནས་
(341) རྒྱལ་པོ་ར་མ་ན་ལ། པྲིན་ཡིག་དང་སྐྱེས་རངས་བསྐུར་བ་ཡང་རྗེད་ནས། ར་མ་ནས་ཕོ་ཉ་གཆིག་བཏང་སྟེ་
(342) སྤྲིང་བ། ཡྀད་འཆུགས་བཤེས་པ་དྲན་ཙམ་གྱིས་ཀྱང་འཕང༎ དྲན་བ་དུས་ཀྱིས་ཡུན་རིངས་སཾ། ཞག་ཟླ་
(343) བརྒྱ་པྲག་འདའས་ཀྱང། མྱྀ་ཟླུག་པ༎ བསྙེལ་ཏམ་བཀྱོན་ཏམ། ཇི་ནོངས་ལན་ཙམ་གནོང་ཞེས་སྤྲིང་བ་
(344) དང༎ ཧ་ནུ་མན་ཏ། ཤྀན་དུ་ཡང་ཡིད་ལ་གཆགསྟེ༎ གནོང་འགྱོད་ནས༎ རྒྱལ་པོ་ལ་པྲིན་ཡིག་གསོལ་+ལ་
(345) པའ། ཁྲྀ་ལན་ནོངས་ཤེས་གནོང་ཞིང་འགྱོད༎ ནོང་བུ་ལས་ཀྱི་ཕང་མཐོས་ན། རི་བོ་ཤིང་མོད་དྲན་dr<i>n
(346) བརྗེད་བཞིན༎ དམའ་བ་མཐོས་ན་ཚོང་མ་མཆིས༎ ལྷ་དཔལ་ཁྱོད་ཀྱིས་ནོངས་ཤེ་འམ། ཁེངས་t
(347) འགྱིང་བ་མ་ལགས་ཀྱང༎ དཔྱིད་ཀ་འྀ་ཆད་ཉ་ཆུས་བླུགས་ན། བེ་བ་བརྗེད་བཞིན་གཡེངས་པར་གྱུརད།
(348) མཚོ་ལ་བརྟེན་པ་འྀ་ངང་དང་ངུར༎ གུད་དུ་འཔུར་དུ་གནས་མ་མཆིས༎ སྤྲེ་འུ་རིགས་དམའ་བ་བདག་
(349) འདྲའ་ལ༎ མཐོ་ནས་བྱམས་པ། ཁྱོད་ལས་དཀོན། བདག་ཙམ་གྱི་ཚོང་ལ། བྱམས་པ་ཁྱོད་ལས་མྱི་བཞུགས་+ས་
(350) པ་འྀ་སྟེང་དུ༎ བྱམས་པ་འྀ་བཀའ་དྲྀན་མོད་ཀྱི། པྲིན་ཡྀག་ཙམ་གྱིས་རྟག་དུ་སྙུན་གསོལ་བ་འྀ་རིགསྣ་+ན་ བར་དུ་རྔོ་མ་ཐོག་
(351) པའ། ཁྲྀ་རབ་དུ་ལན་ཞིང་བཀའ་ཆད་ཀྱྀས་མྱྀ་དགུམ་ཞིང། སླད་རྗེས་སུ་ཐུགས་མྱི་ནུར༎ བཀའ་མྱི་འབབ་པར་
(352) ཇྀ་གནང་ཞེས་གསོལ་ནས༎ སྔ་ལུགས་བཞིན་མཛའ་དགྱེས་སོ༎ དེ་ནས་རྒྱལ་པོ་ར་མ་ན་འི་མངའ་
(353) རྀས་ནའ༎ རྒྱལ་པོ་བེན་བ་ལ་ཞེས་བགྱི་བ་ལོག་སྟེ༎ ཆབ་སྲྀད་ལ་བསྡོས་ནས༎ བཙུན་མོ་ཡུམ་
(354) སྲས་གཉིས། རྀ་མ་ལ་ཡ་ན་ན། དྲང་སྲོང་ལྔ་བརྒྱའ་བཞུགས་པ་ལ། བཅོལ་ནས༎ དམག་འདྲེན་དུ་
(355) བཞུད་དོ༎ རེ་ཤིག་ན་རྒྱལ་པོ་དག་ཀྱང་དུས་སུ་སླར་མ་ལོག་ནས། བཙུན་མོ་སྐྱོ་ཆེས་སྟེ། གདུགས་+ས་
(356) གཆིག་འཁྱཾ་དུ་གཤེགས་ནས༎ སྲས་སླར་དྲང་སྲོང་ལ་བཅོལ་པ་ལས༎ སྲས་བཙུན་མོ་འི་
(357) སླད་བཞིན་འབྲངསོ། དེ་ནས་དྲང་སྲོང་རྣམས་ཀྱིས། སྲས་གར་མཆིས་གཐོལ་མ་མཆིས་
(358) ནས༎ སྲས་བཙལ་ན་ཡོང་མ་རྙེད་དེ༎ བགྲོས་ལ། སྲས་ལ་བ་ནྀ་ཆུར་ཤི་འམ། འདྲེས་ཁྱེར་
(359) ཏམ་རྨད་ཆིག་ཉེས་པ་འདྲའ་སྟེ༎ རྒྱལ་པོ་སྲས་ལ་བ་ལ་བྱམས་པས། འདྀ་འགྱོད་པ་ཆེར་འོང་ན་
(360) ཇྀ་ལྟར་བྱ་ཞེས་བགྲོས་ནས། བདག་ཆགྀ་མཐུའས། རྒྱལ་པོ་འི་སྲས་ལ་བ་དང་འདྲའ་བ་གཆིག། བསྒྲུབ་
(361) བོ་སྙམ་སྟེ༎ རྩྭ་ཀུ་ཤ་ཞེས་བགྱི་བ་ལ། མྱི་འདྲའ་བ་གཆིག་བགྱིས་ཏེ་བཅིངས་ནས༎
(362) ལྷ་འི་བུ་ཚེ་ཟད་པ་གཆིག༎ དྲང་སྲོང་གི་མཐུའས། རྩྭ་འྀ་ནང་དུ་སྐྱེས་པ་བླངས་སྤ་+པ་ རྣམ་པར་+ར་
(363) ཤེས་པར་འོང་སྟེ༎ མྱྀར་བསྒྱུར་ཏེ་བལྟས་ན༎ དབྱིབས་དང་གཟུགས་ངོ་མྱི་ཤེས་པར དང་འདྲ་བར སྒྱུར་ནས།
(364) དེ་ནས་སླད་དྲོ། བཙུན་མོ་སི་ཏ་དང་སྲས་ལ་བ་གཉིས་འགྲོགསྟེ་སླར་བྱོན་༎ དྲང་སྲོང་གི་གམ་
(365) ན་ཡང། ལ་བ་འདྲ་བ་གཆིག་ལུགསྟེ༎ བཙུན་མོས་འདི་མྱིང་ཞེས་དྲིས་པ་དང། ཀུ་ཤ་ཡིན་ནོ་
(366) ཞེས་ཟེར་ནས༎ དེ་ནས་ཐལ་བྱུང་མཚན་ཡང་ཀུ་ཤར་བཏགསོ༎ བཙུན་མོ་སི་ཏ་ལ་སྲས་
(367) གཉིས་+ས་ ཀ། འདྲའ་བར་ཕངས་ཤིང་སྡུག་གོ༎ རྒྱལ་པོ་ར་མ་ན་ཡང་ཆབ་སྲིད་ལེགས་
(368) རྒྱལ་ནས། བེན་བ་ལ་འབངས་རྣལ་མར་བཀུག་སྟེ་སླར་བྱོན་ནོ༎ ལན་ཆིག་ན་རྒྱལ་
(369) པོ་ར་མ་ན། འཁྱམ་དུ་གཤེགས་པ་ལས༎ ལྀ་ཙ་བྱིད་དྲི་མ་དག་པ་དང། ཆུང་མ་གཉིས་
(370) འཐབ་སྟེ༎ ཁྱོ་ན་རེ་སྤྱར་མ་འདྀ་བུད་མྱེད་གཞན་དང་མྱྀ་འདྲའ་བར། ཁྱོས་མྱི་ཆོག་སྟེ། སྐྱེས་
(371) པ་གཞན་དང་ཉལ་བ་འྀ་ཟླ་དཔེའ་ཁྱོད་ལྟེ་བུ་སུ་ལ་ཡོད། བརྩོག་སྡྀག་གིས། གར་དགའ་བར་+ར་
(372) སོང་ལ་པྱིན་ཆད་ང་འྀ་ཡུལ་པྱོགསུ་ཡང་མ་ཉེ་ཤིག་ཆེས་ཟེར་བ་དང༎ ཆུང་མ་ན་རེ།
(373) ང་ཇྀ་ལྟར་བུད་མྱེད་གཞན་དང་མྱྀ་འདྲའ༎ བུད་མྱེད་གཞན་གྱི་རྒྱུས་ཁྱོད་ལ་ཆ་ཡོད་དམ།
(374) དཔེར་ན་རྒྱལ་པོ་ར་མ་ན་འྀ་བཙུན་མོ་དམ་པ་ལྷ་མོ་སི་ཏ་ལྟེ་བུ་ཡང༎ སྲིན་པོ་མདའ་ཤ་
(375) སྐྲྀ་བ་དང༎ ལོ་བརྒྱ་པྲགྀ་བར་དུ་འདུག་པ་ལས༎ ད་ལྟར་ཁུགས་ནས་མཛའ་ཀྱད་ལ་ལྟོས།
(376) བུད་མྱེད་ཀུན་ཀྱི་རང་བཞིན། ཁྱོད་ལ་ཆ་ཡོ་དམ་ཞེས་ཟེར་བའ་བཱ་ རྒྱལ་པོ་ར་མ་ནས།
(377) གསན་ནས༎ ཐུགས་ལ་དགོངས་པ༎ མ་ལ་བདགྀ་ཆུང་མ་ཡང། སྲིན་པོ་དང་ཉལ་
(378) ཡང་དག་སྙམ་ནས༎ ཡྀད་ཉིས་བཞེསྟེ་མྱི་དགྱེས་པ་འྀ་རྗེས་ལ། བུད་མྱེད་ཀྱི་རང་བཞིན་
(379) ཤེས་སམ་ཞེས་ཟེར་བ་དང་སྦྱར་ན། སྐྱེས་པ་དང་མྱི་འདྲ་བ་ཞིག་ཡོད་པ་འདྲའ་སྟེ༎
(380) ལྀ་ཚ་བྱིད་ཀྱི་ཆུང་མ་ལ་བརྟག་གོ་སྙམ་ནས༎ ལི་ཙ་བྱིད་ཀྱི་ཆུང་མ་ལ་མྱི་པྲད་དུ་
(381) མྱྀ་རུང་ན༎ ལན་ཆིག་མཇལ་པར་ཇི་གནང་ཞེས་སྤྲིང་བ་དང༎ རྒྱལ་པོ་ར་མ་ན་
(382) བཟང་ཞིང་འོད་ཆགས་པར་ལུག་པས༎ མོ་དགའ་ཆེསྟེ༎ མཇལ་དུ་རུང་གིས། སུས་su<g>s
(383) ཀྱང་མ་ཚོར་བར་སྤྱོན་ཆིག་ཆེས་མཆི་ནས༎ རྒྱལ་པོ་ཡང་སུས་མ་ཚོར་བར་གཤེགསྟེ་
(384) མོ་དང་མཇལ་བས་གཟིམས་སྟེ། སྡུག་གོ་བྱམས་པར་དགོངས་ཤྀག་ཆེས་བྲིད་ནས། བཟང་མོ་བུད་
(385) མེད་ཀྱི་རང་བཞིན། སྐྱེས་པ་དང་མྱྀ་འདྲའ་བ་ཞིག་ཡོད་ཆེས་ཟེར་ན༎ ཇྀ་ལྟ་བུ་ཞིག་ལགས་
(386) ཤེས་དྲིས་པ་དང། མོ་ན་རེ། རྀམས་ནད་ཚ་བས་གདུགས་པ་འྀ་མྱི༎ རྒྱུན་དུ་གངས་ཆབ་དྲན་
(387) བ་བཞིན༎ བུད་མྱེད་འདོད་ཆགས་རྒྱུན་དུ་གཡོ། སྐྱེས་པ་བཟང་པོ་རྟག་དུ་དྲན། གཞན་གྱིས་
(388) མཐོང་ཞིང་ཐོས་པ་དང། དཔྱའས་པར་དོགས་པ་མ་མཆིས་པ་འྀ༎ ས་པྱོགས་དབེན་བར་བསྟེགས་
(389) སླན་ཆད། སུ་ཡང་འཁྱིག་པ་མ་མཆིསྟེ། པྱིས་ཀྱང་འདོད་པ་འྀ་དོན་སྒྲུབ་བོ༎ སྐྱེས་པ་
(390) རྣམས་ནྀ་ཁྲེལ་མྱེད་པས༎ པྲད་དགུའ་གཞན་ལ་སྨྲས་ན་ཡང༎ དཔྱས་བར་དོགས་ཀྱང་
(391) མྱྀ་འཛེམ་པར༎ ད་དུང་རྒྱུག་པ་མ་གཟྀགས་སམ༎ བུད་མྱེད་ཀུན་ཀྱི་རང་བཞིན་དེ་ལྟ་བུ་
(392) ལགས་ཤེས་བྱས་པ་དང༎ རྒྱལ་པོ་འི་ཐུགས་ལ་ཡང་བདེན་ནོ་སྙམ་ནས། བདགྀ་ཆུང་མ་
(393) ཡང་སྲིན་པོ་དང་ཉལ་ཡང་དག་པར་ངེས་ཤེས་དཔྱདེ་༎ ལྷ་མོ་ཡང་སྤྱན་སྔར། འཕག་
(394) པར་མྱྀ་སྡུག་ལ་ཐུགས་ལ་ཡང་མྱྀ་འཐད་པར་གྱུར་ཏེ༎ ལྷ་མོ་ལ་བཀའ་སྩལད་པ༎ མཐོ་
(395) བཙུན་རྒྱལ་པོ་འི་མངའ་ཐང་རིས༎ སྐྱོན་མྱེད་བཙུན་མོ་འི་སྐུ་ལ་ཚམ་༎ སེང་གེ་གོད་
(396) ཀྱི་ཤ་འཚལ་དུ༎ གཞན་གྱིས་དཔྱས་པར་གློ་བ་ཆུང༎ དེ་བས་ན་ལྷ་མོ་གར་དགྱེས་པར་+ར་
(397) བཞུད་ཆིག་ཆེས་གསུངས་པ་དང༎ ལྷ་མོ་འི་ཞལ་ནས༎ མྱྀ་སྡུག་གཟུགས་ཆན་དགིས་
(398) ལོ་ཟླ་མང་པོ་འྀ་སྔོན་རོལ་ནས། བསྟེན་ཆིང་བསྙེན་པ་དགྀ་ཀླགས་མྱེད་
(399) དེ། སྒོ་མྱེད་དགུ་རྀམ་བཙས་པ་མ་གཟྀགས་སཾ། ནོངས་ནྀ་མ་ནོངས་ན། རྒྱལ་པོ་འི་
(400) ཐུགས་ཏང་མྱྀ་འཐད་པར་གྱུར་ན༎ བདག་ནྀ་མཆི་བར་འཚལ་ཞེས་+ས་ མཆི་སྟེ། གཅུང་གི་
(401) དམོད་པ་ལགས་ཤེས་མཆི་ནས༎ ནམ་ཀ་ལ་འཔུར་ཏེ་འགྲོ་བར་བགྱིས་ན། སྲས་ལ་
(402) བ་དང་ཀུ་ཤ་གཉིས་ཀྱིས༎ ནམ་ཀ་དང་ས་གཞི་ཐམས་ཤད་རྡོ་རྗེར་བྱིན་
(403) ཀྱིས་བརླབསྟེ། ནམ་ཀ་ལ་མ་ཐར་ནས༎ སྲས་གཉིས་ཀྱིས་ཡུམ་ལ་གསོལ་
(404) པ༎ ཡུམ་ཆིག་ལྷ་མོས་ཇྀ་ཡང་མ་ནོངས་པར༎ ཁྲེལ་མྱེད་ཡབ་ཀྱི་ཐུགས་ལ་མ་
(405) འཐད་པ༎ སྤྱི་ནྀ་ཐུགས་ཆད་ཁྲི་ལན་ན༎ བདག་ཆག་སྤུན་གཉིས༎ ཡུམ་གྱིས་
(406) ཇྀ་པྱིར་ཡལ་བར་དོར་ཞེས་གསོལ་པ་དང་+ང་ ལྷ་མོ་འི་ཞལ་ནས༎ ལུས་དང་ཡྀད་ལ་གནོང་
(407) མྱེད་པར༎ རྒྱལ་པོ་འི་ཐུགས་དང་མ་འཐད་པ། ནྀ༎ གཅུང་ལག་ཤ་ན་འྀ་དམོད་པ་སྡིག་པ་ལྟ་
(408) སྟེ༎ བུ་ཁྱེད་སྤུན་གཉྀས་ཀྱི་རྟེན་བྱེད་ཆིང་འདུག་གོ་ཞེས་གསུངས་ནས༎ ལྷ་མོ་སྀ་
(409) ཏ་དང། སྲས་ལ་བ་དང་ཀུ་ཤ་ཡུམ་སྲས་གསུཾ་ཡང། སྒྱེད་མོ་ཚལ་ན། སྐྱིད་ཆིང་བཞུགསོ་
(410) རྒྱལ་པོ་ར་མ་ན་ཡང། ཕོ་བྲང་ས་རྙིང་ན་ལོང་སྤྱོད་དང་ཡོ་ལང་སྔ་མཁོ་བཞིན་མཛད་ཆིངchi[ng]
(411) བཞུགས་པ་ལས༎ སྤྲེ་འུ་རྣམས་གཡར་དྲངསྟེ། ཕམ་བབས་སྩལ་པ་དང༎ ཧ་ནུ་མན་
(412) ཏ་འྀ་མཆིད་ནས༎ རྒྱལ་པོས་ཐུགས་པག་མཛད་དེ། ཕམ་བབས་ནྀ་གདའ་དགུའ་ཞིག་གནང་སྟེ།
(413) མནོས་ཀྱང་ལགས་ན། དེང་ལྷ་མོ་ལ་པྱག་ཀྱང་མ་འཚལ༎ ལྷ་མོ་འི་པྱག་ནས༎ ཕམ་བབས་
(414) ཡམས་ya<b>ms རེ་ཡང་མ་གནང་བ་གློ་བ་ལ་གཆགས་ན༎ ལྷ་མོ་ལ་པྱག་འཚལ་བར་ཇི་གནང་ཞེས་
(415) གསོལ་པ་དང༎ རྒྱལ་པོས་བཀའ་སྩལད་པ། ལྀ་ཅི་བྱིད་ཀྱི་ཆུང་མ་ཁྱོ་དང་འཐབ་
(416) པ་འྀ་ཚེ། བུད་མྱེད་ཀྱི་རང་བཞིན་ཁྱོད་ལ་ཆ་ཡོད་དམ་ཞེས་ཟེར་བ་དང། དཔེར་ན་རྒྱལ་
(417) པོ་ར་མ་ན་འྀ་བཙུན་མོ་ལྷ་མོ་སི་ཏ། སྲྀན་པོ་མདའ་ཤ་གྲྀ་བ་དང་ལོ་དུ་མར་
(418) འདུག་པ་ལས། ད་ལྟར་མཛའ་ཁྱད་ལ་ལྟོས་ཟེར་བ་ཐོས་པ་དང་སྦྱར་ནས་+ས་ ལྷ་མོ་ཡང་
(419) ཐུགསth[u]gs དང་མ་འཐད་དེ༎ མཐོ་བཙུན་རྒྱལ་པོ་འི་མངའ་ཐང་[རྀས(/དྲིས)] སྐྱོན་མྱེད་བཙུན་མོ་
(420) འི་སྐུ་ལ་ཙམ། སེང་གེ་གོད་ཀྱི་ཤ་འཚལ་བ། གཞན་གྱིས་དཔྱའས་པར་འོངསྟེ། གར་དགའ་
(421) བར་སོང་ཤིག་ཆེས་བསྒོ་བ་ལས། སྲས་ལ་བ་དང་ཀུ་ཤས་མ་བཏང་སྟེ། ད་ལྟར་སྒྱེད་མོ་
(422) ཚལ་ན་འདུག་གོ་ཞེས་བཀའ་སྩལ་པ་དང༎ ཧ་ནུ་མན་ཐས་གསོལ་པ༎ རྒྱལ་པོ་བསླུ་
(423) [---]'I རི་དགས་དེ་བསྙགས་སླར་བྱོན་ན༎ བཟང་མོ་ས་གཞི་བཆས་སུ་གར་
(424) མཆིས་གཐོལ་མ་མཆིས༎ མྱྀ་སྡུག་གཟུགས་ཆན་མགོ་བཅུས༎ བསྟེག་པ་འི་
(425) གླགས་མྱེད་ནས། སྒོ་མྱེད་དགུ་རིམ་བཅུག་ཆིང། སྲིན་དམག་ཁྲི་འིས་བཙའས་
(426) པ་མ་གཟིགས་སམ། མེ་ཏོན་ཏོག་ འདབ་རྒྱས་ལྟེ་བུ་འྀ་སྐུ་གདུང་ལ༎ ལོ་འདབ་ལྷགས་
(427) པས་གདུངས་ལྟར་མ་གྱུར་ཏམ༎ ལྷ་མོས་སྲན་བཙུགས་ཏེ༎ ལོ་བརྒྱའ་པྲག་གི་བར་
(428) དུ༎ སྲིན་པོ་དང་ཉལ་དུ་ལྟ་ག་ལ་བཐུབ་ཀྱི། བལྟར་ཡང་མ་བཐུབ་ལས། སྐོལ་ཀྱིས་སླར་
(429) ཁུགས་པ་ལགསྟེ༎ ལྀ་ཙ་བྱིད་ཀྱི་ཆུང་མ་སྤྱར་མ་མྱི་ཆིག་གི་ཁ་ཉན་ནས། བཙུན་མོ་སྤང་
(430) བ་ལ་ག་ལ་ཐུག༎ མཇམ་ལྀང་རྒྱལ་པོ་མཛད་ཆིང༎ ལྷ་འྀ་ལུགས་དང་མཐུན། མྱྀ་འི་ལུསུ་
(431) སྐྱེས་ཀྱང། སེང་གེ་འྀ་རྩལ་དང་ཆས༎ ལྷ་མོས་མ་ནོངས་བཞིན་དུ༎ ནོར་འཁྲུལ་ཡ་
(432) མཚན་ཆེ་ཞེས་གསོལ་པ་དང༎ རྒྱལ་པོ་ཡང་དགོངས་[---]ནས། ཧ་ནུ་མན་ཏ་
(433) ཟེར་བ་བདེན་བར་དཔྱད་ནས༎ ལྷ་མོ་དང་སྲས་ལ་བ་དང་ཀུ་ཤ་སྒྱེད་མོ་ཚལ་ན་
(434) མཆིས་པ་ཡང་བཀུག་སྟེ༎ ཧ་ནུ་མན་ཏ་དང་སྤྲེ་འུ་རྣམས་ཀྱིས་པྱ་
(435) བགྱིས་ནས། ལྷ་མོས་ཀྱང་རྒྱལ་པོ་ལ་པྱག་བགྱིས་སྟེ༎ སྟོན་མོ་དང་ཡོ་
(436) ལང་སྔ་བས་ཀྱང་རྒྱས་པར་གསོལ། ལྷ་མོ་འི་པྱག་ནས། རྒྱལ་པོ་དང། ཧ་དུ་
(437) [---]ཡང་གསོལད། སྤྲེ་འུ་ཕལ་ལ་ཡང་སྩལ་ནས༎ སྔོན་བས་ཀྱང་དགྱེས་
(438) ཏེ༎ རྒྱལ་པོ་ར་མ་ན་དང་ལྷ་མོ་སི་ཏ་སྟངས་དབྱལ་ཡབ་སྲས་ཀྱང། འཁོར་མང་པོ་དང་+ང་ ཕོ་བྲང་
(439) ས་རྙིང་ན། སྐྱིད་ཆིང་བཞུགས། ཧ་ནུ་མན་ཏ་སྤྲེ་འུ་འཁོར་དང་བཆས་པ་ཡང་+ང་
(440) རང་གྀ་གནས་ན། བདེ་ཞིང་མཆིས་སོ༎