1. Content : The narrative of the first teaching of the Āryabhadracaryāpraṇidhānarāja.
2. Note : Pothi. Complete text. Originally a single folio. Recto, 8 lines. Verso, 6 lines.
3. References :
Schaik and Doney (2007: 204-210) [I.Translit., I.Trans.].
(r1) འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདི་དང་པོར་བཤད་པའི་གླེང་གཞི་ནི། ཚོང་དཔོན་གི་བུ་ནོར་བཟངས་ཞེས་བྱ་བས། ཤེས་རབ་རྣོ་བའི་མཆོག་དུ་ཕྱིན་པའས་ནི་དམ་པའི་ཆོས་མདོ་དང་རྒྱས་པའ་བསམ་གིས་མྱི་ཁྱབ་པ་ཞིག་ཐུགས་སུ་ཆུད་ནས། དད་པ་ཆེ་བའི་མཆོག་དུ་ཕྱིན་པས་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་
(r2) ལམ་འདི་མ་གསན་པའི་སླད་བཞིན་དུ། དགེ་བའི་བཤེས་གཉེན་བརྒྱ་རྩ་གཅིག་ཞལ་མཐོང་བའ་ལས། ཀུན་གི་ཞལ་ནས་ངས་མྱི་ཤེས་པ་ནི་མ་ཡིན་ན། ང་འི་འདུལ་སྐལ་དུ་ཁྱོད་མ་གྱུར་རོ༎ གསུངས་པས་མ་གསན་ནས། དགེ་བའི་བཤེས་གཉེན་དེ་རྣམས་ཀྱི་བར་ཐག་ནི་རྟ་པའི་གདུགས་ཙམ། རྐང་ཐང་གི་ཞག་ལམ་ཙམ་ཞིག་མཆིས་སོ༎
(r3) དགེ་བའི་བཤེས་གཉེན་བརྒྱ་ཐམ་བའ་ལ་ཐུག་པ་དང། འཕགས་པ་འཇམ་དཔལ་གི་ཞལ་མཐོག་ནས། འཕགས་པའ་འཇམ་དཔལ་ལ་ཞུས་པ་ལས། ངས་མྱི་ཤེས་པ་ནི་མ་ཡིན་ན་ངའི་འདུལ་སྐལ་དུ་མ་བབ་པས། རྒྱ་གར་གི་ཡུལ་བྱང་ཆུབ་ཆེན་པོ་མ་ཧ་བོ་དེའི་གླིང་ན་འཕགས་པའ་ཀུན་ཏུ་བཟང་པོ་བཞུགས་པས། འཕགས་པ་ཀུན་ཏུ་
(r4) བཟང་པོ་ལ་ཞུ་ཞིག་པར་ལུང་བསྟན་ཏོ༎ དེ་ནས་ཚོང་དཔོན་གི་ནོར་བཟངས་གྱིས་མ་ཧ་བོ་དེ་བྱང་ཆུབ་ཆེན་པོའི་གླིང་དུ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཞུས་པས། འཕགས་པ་ཀུན་ཏུ་བཟང་པོས། འཕགས་པ་སྟུག་པོ་བཀོད་པ་ཞེས་ཀྱང་བྱ། སངས་རྒྱས་ཕལ་པོ་ཆེ་ཞེས་ཀྱང་བྱ། མང་པོ་འདུས་པ་ཞེས་ཀྱང་བྱ། རྫ་པླགས་པ་ཞེས་ཀྱང་བྱ།
(r5) སྙན་གི་གོང་རྒྱན་ཞེས་ཀྱང་བྱ། རྨ་ག་ཆད་ཞེས་ཀྱང་བྱ་བ་དེའི་ནང་ནས་བསུས་ཏེ་བཤད་ནས། ཚོང་དཔོན་གི་བུ་ནོར་བཟངས་ཀྱི་ཐུགས་དམ་དུ་བཞེས་པས། མོས་པར་སྤྱོད་པ་ལས་ས་དང་པོ་རབ་དུ་དགའ་བའི་བདེན་བའ་མཐོང། དེ་དང་མཚུངས་པར་རྒྱ་གར་གི་ཡུལ་དུ་ཡང་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ཐུགས་དམ་དུ་བཞེས་པས།
(r6) མང་པོས་འཕགས་པ་ཀུན་ཏུ་བཟང་པོ་འི་དངོས་གྲུབ་བརྙེས་སོ༎ དེའི་འོག་ཏུ་སྐ་བའ་དཔལ་རྩགས་དང་ཅོག་རོ་ཀླུའི་རྒྱལ་མཚན་དང། རྨ་རད་ན་ཡ་ཀྲ་ལས་བསོགས་པས་བསྒྱུར་ནས། བཙན་པོ་ཁྲི་སྲོང་ལྡེ་བརྩན་གི་སྐུ་རིང་ལ། བཙན་པོ་ཐུགས་དམ་བའ་དབའ་དཔལ་བྱམས་ཞེས་བྱ་བ་ཞིག་གིས་ཐུགས་དམ་དུ་བཞེས་ནས། ནུབ་གཅིག་གི་
(r7) མྱི་ལམ་ན། གསེར་གི་སྐོ་ར་བདུན་དབུ་ལ་བྲེང་འདུག་པར་རྨངས་པ་ལས། བཙན་པོ་འི་སྙན་དུ་གསོལ་ནས། བཙན་པོས་དཔྱོད་མ་མཁྱེན་ནས། ཁད་མྱི་རིང་བའ་ཞིག་ན་རྒྱ་གར་གི་མཁན་པོ་བོ་དེ་སཏ་ཏྭ་ཞེས་བྱ་བ་བཞུགས་པ་དེ་ལ་བཙན་པོས་གཡར་ལམ་འདི་ལྟ་བུ་ཞིག་རྨྱིས་ན། འདི་ཅི་ལགས་ཞེས་ཞུས་པ་དང། རྒྱ་གར་གི་མཁན་པོས་དེ་སུ་ལགས་
(r8) ཞེས་བཙན་པོ་ལ་ཞུས་པ་དང། བདག་གི་སློབ་མ་དགེ་སྦྱོང་ཞིག་ལགས་སོ་ཞེས་གསོལ་པ་དང། འདི་ནི་འཕགས་པའ་བཟང་པོ་སྤྱོད་པའི་སྨོན་ལམ་འདོན་པས། འཕགས་པ་ཀུན་ཏུ་བཟང་པོ་འི་དངོས་གྲུབ་ཐོབ་པ་ཞིག་ཅེས་བཀའ་རྩལ་པ་དང། བཙན་པོས་སློབས་དཔོན་དཔལ་བྱམས་ལ་བཟླས་པ་དང། མཁན་པོས་ལྷག་པར་ཡང་སྤྲོ་བ་བསྐྱེད་ནས།
(v1) ཉིན་ལན་གསུམ་མཚན་ལན་གསུམ་བས་ཀྱང་ལྷག་པར་ཞལ་སྟོན[s]ton དུ་མཛད་དོ༎ དེ་ནས་རིང་མ་ལོན་བ་དང། བཙན་པོ་ལ་ཞུས་པའ། བདག་ནི་རད་པ་ཕུང་པོ་ཡང་དགུད་པས། བཙན་པོ་འི་ཐུགས་དམ་དངོ་མྱི་ཐོག་པས། བདག་ནི་དགོན་གནས་གཅིག་དུ་མཆི་བར་ཅི་གནང་ཞེས་ཞུས་པ་དང། དེ་ཙམ་ན་ནི་ལྷ་ས་བསམ་ཡས་ན་བཞུགས་པའ་
(v2) ལས། དེ་ནས་རྟ་པའི་གདུགས་ལམ་རྐང་ཐང་གི་ཞག་ལམ་ཙམ་ན། སྤ་དྲོ་དགོན་པ་ན་ཞེས་བྱ་བ་དེར་བཙན་པོས་ཀྱང་བསྐུལ་ནས། གཅིག་གི་ཐུགས་ཀར་གཅིག་གི་ཕྱག་བཞག་ནས། ས་སར་སྨོན་ལམ་བཏབ་ནས་གཤེགས་སོ༎ དེ་ནས་རིང་ཞིག་མ་ལོན་བ་ཙམ་ན། ཁད་ཀྱིས་མྱི་རིང་བ་ཞིག་ན། འཆིང་པུ་བྲག་རྒྱེའུ་ཞེས་བྱ་བ་དེ་ན།
(v3) ངན་ལམ་སྟག་སྒྲ་ཀླུ་གོང་གི་གཅུང་པོ། ངན་ལམ་རྒྱལ་མཆོག་སྐྱོང་བཞུགས། ཤོ་མ་ལ་ལ་ནི་སློབ་དཔོན་སྒྲོ་སྙ་ཡེ་ཤེས་བྱང་ཆུབ་བཞུགས་པ་ལས། གཉིས་གི་སྐུ་ལྟས་སམ་རྟོགས་པ་ལ་ནམ་ཀའ་ལས་གཞའ་ཚོན་ལས་བསོགས་པ་བྱུང་ནས། སློབས་དཔོན་དཔལ་བྱམས་བསུར་འགྲོ་འོ་ཞེས་ཐོས་པ་ལས། གཉིས་ཀ་སློབས་དཔོན་ལ་ཟློར་
(v4) གཤེགས་པ་ལས་ལམ་དུ་གཉིས་ཀ་མཇལ་ནས། ཞེ་ས་བགྱིས་ནས་བཀའ་མཆིད་བགྱིས་ནས། གར་གཤེགས་སོ་སོར་ཞུས་པ་དང། མདང་གསུམ་གཡར་ལྟས་འདི་ལྟ་བུ་ཞིག་བྱུང་ངོ་ཞེས་གསོལ་བ་ལས། སློབས་དཔོན་གཉིས་ལ་སྐུ་ལྟས་མཐུན་ནས། ཟློར་གཤེགས་པ་དང། སློབས་དཔོན་དཔལ་བྱམས་ཐུགས་དམ་འདོན་པ་ལས། བདག་ནི་ཆི་བའི་
(v5) བའི་དུས་བྱེད་གྱུར་པ་ན། གསུང་ཙམ་ན་གསུང་ལན་གཅིག་ཆད། དེ་ནས་སྒྲིབ་པ་ཐམས་ཅད་ནི་ཕྱིར་བསལ་ཏེ། གསུང་ཙམ་ན། གཅུང་ཙམ་ཡང་འཕགས། མངོན་གསུམ་སྣང་བའ་མཐའ་ཡས་དེ་མཐོང་ན་གསུང་ཙམ་ན། སློབ་དཔོན་གཉིས་ཀྱི་སྐུ་ལྟས་ལ་བྱུང་བ་བཞིན་དུ་གཞའ་ཚོན་ལ་བསོགས་པའ་དངོས་གྲུབ་བྱུང་ནས། ལུས་གདོས་པའ་ཅན་
(v6) བོར་ནས། བདེ་བ་ཅན་གྱི་ཞིང་དེར་རབ་དུ་འགྲོ། དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང། ཞེས་ཟློས་ཤིང་གཤེགས་སོ། དེ་ཡན་ཅད་ནི་སོན་གི་གླེང་གཞི་འོ༎ ༔་༎