1. Content : Shangshu paraphrase.
2. Note : Scroll. The beginning is missing. Recto, 158 lines of Tibetan paraphrase of Shangshu. Verso, blank.
3. References :
Huang (1981) [I.Translit.,I.Trans.], Chen Jian and Wang Yao (1983) [I.Translit.], Coblin (1991: 305-315) [I.Translit.,I.Trans.], Garatti (2018: 158-159) [P.Translit.,P.Trans.].
(1) [---]སྟེ་ལེའུ་གཉིསgny[i]s པའོ༎ ལོ་བཅུ་གསུམ་ལོན་བའྀ་དཔྱིད་
(2) [---]ཡུལ་ལག་ཅུའྀ་བྱང་ཕྱོགས་ཀྱི་ཆུ་འགྲམ་དུ་བསྙོགས་ནས༎
(3) [---]འདུས་པའྀ་རྣམས༎ བདག་གིས་བསྒོ་བའྀ་ཚིག་
(4) [---]ན༎ ལེགས་པ་མྱི་གྲུབ་ཀྱྀས་དོགས་ཏེ། རྒྱུན་དུ་ལེགས་པ་ཤེ་དག་
(5) [---]m པ་དང་རྟག་དུ་མྱྀ་འབྲལ་བའི་དཔེར་ནྀ༎ ལེགས་པ་སྤྱོད་ད་དང་
(6) [---]དོ༎ ཨིན་གྱྀ་རྒྱལ་པོ་ཅྀའུ་ཡང། ཆོས་ལུགས་ལས་འགལ་བ།
(7) [---]། མྱི་རྒན་[---]s དྲང་དཀན་ཅན་ནི་བསྲྀངས༎ ཉེས་བྱེད་པ་
(8) [---]པྱོདpy[o]d དོd[o] ༎ མྱི་རིགས་པའྀ་དྲག་ཤུལ་ལ་འདོད་རྒྱལ་ཤེ་དག་དུ་སྤྱོད་
(9) [---]ཅིང་བྱེད་པར ཉེ་ཉེ་བཤེས་བཤེས་འདུ་སྟེ་དང་ནང་བཅས་ནས་སུ་ནང་འཐབ་སྟེ་གཅིག་གྀས་གཅིག་གསོད་
(10) [---]s ཀྱང་གསལ་བར་གཟིགས་ཤྀང་གསན་ཏོ༎ ཡོང་གནམ་ནི་མྱི་མང་པོ་
(11) [---]༎ མྱིའྀ་བདག་དུ་བསྐོས་པ་ནི། གནམ་གྱི་ཆོས་གུས་པར་བསྲུང་བ་ཡིན་ན༎ རྒྱལ་པོ་ཁེར་གྱིས་གནམ་གྱྀ་ཆོས་ལྟར་
(12) [---]༎ [འབངས་ལ་གནོད]ཅིང་གདུག་[གི]ཅུ་དང་འདྲ་བར་ཕབ་པས༎ ཁེར་གྱི་སྲྀད་བརལྷག་བརླག་ པར། གནམ་གྱིས་ཅྀའུ་ལ་བཀཱ་སྩལད་པ་
(13) [---]s སོ༎ ཁེར་ཆོས་ལུགས་ལས་འགལ་བར་སྤྱོད་པ་ནི༎ mya[---]པོ་ཅྀའུ་བས་ཀྱང་ལྷག་སྟེ༎ ལེགས་པ་སྤྱོད་ཅིང་ཚུལ་འཛིན་པའྀ་
(14) [---]། སྟེ་ནོར་རྫས་ཕྲོགས་[ཤིང་སྟམས]ལས་གཅོད༎ ཁུ་དབོན་ལསྩོགས་པ་སྙིང་ཉེ་ཞིང་དྲང་དཀན་ཆན་ནི་སྲོག་ལ་
(15) [---]༎ གནམ་དང་སྐུ་བླ་དང་ཞལ་བུ་ལ་སྩོགས་པ་མ་g[sol ན]ཡང་གནོད་པ་ཅི་ཡོད༎ ཆོས་ལམ་ལས་འགལ་བ་བྱས་ཀྱང་
(16) [---]d པར་བདན་བདེན་ ཅེས་ཟེར་ཏེ༎ འདི་འདྲ་བར་མྱི་རྀགས་པར་སྤྱོད་པས༎ [---]ཅིའུ[c]i'u བས་ཀྱང་ལྷག་ཅེས་བྱའོ༎ གནམ་གྱིས་འབངས་ཀྱྀ་ཆིས་
(17) [---]g བསྐོས་པས༎ རྒྱལ་པོ་ཅྀའུ་གྱི་སྤྱོད་ལམ་ངན་ཅིང་མྱི་གཙངg[tsang] བ[b]a མྱེད་པར་བྱ་དགོས་སོ༎ བདག་གི་རྨྱི་ལམ་དང་མོ་འཐུན་བར་
(18) བཟང་སྟེ༎ བསམ་བ་འགྲུབ་པའི་ལྟས་པས༎ ཇྀའུ་གྱི་ཡུལ་དུ་དམག་དྲངས་ཀྱིས་ཀྱང་ཐུབ་པར་འགྱུར་རོ༎ རྒྱལ་པོ་ཇྀའུ་ལ་ཁུ་དབོན་ལསྩོགས་
(19) སྟེ་ཕ་ཚན་ནང་ནས་བསྐོས་པེཨི་པའི་ བློན་པོ་ཁྲི་པྲག་ཡོད་ཀྱིས་ཀྱང༎ སེམས་དང་སྤྱོད་ལམ་འཐུན་བ་ནྀ་གཅིག་ཀྱང་མྱེད་དོ༎ བདག་ལ་རུས་མྱི་
(20) གཅིག་པའྀ་བློན་པོ་བཅུ་ཡོད་ཀྱིསkyi[s] ཀྱང༎ སེམས དང་ད+ང་ སྤྱོད་པ་རྀལ་འཐུན་ཏེ༎ ཇིའུ་ལ་བློན་པོ་ཉེ་བ་ལས་བསྐོས་པ་འདྀ་སྙེད་ཡོད་ཀྱིས་ཀྱང༎
(21) བདག་གི་བློན་པོ་མྱི་ཡང་དག་པའྀ་སྤྱོད་ལམ་དང་འཐུན་བ་ཉུ་ངུ་ཙམ་ཡང་མྱི་ཕོད་དོ༎ མྱི་ལསྩོགས་ཏེ་སྲིད་པ་ཐམས་ཆད་གནམ་གྱྀས་ཡོད་
(22) པར་བྱས་པ་འདི༎ གནམ་གྱི་སྤྱན་དང་སྙན་དུ་ནྀ། རྒྱལ་པོ་བསྐོས་པ་ཡིན་ཏེ༎ འབངས་མྱྀ་སྐྱིད་ཅྀང་ཉེས་པ་བྱུང་བ་ནི༎ རྒྱལ་པོ་རང་གྀས་ཆིས་ཉེས་
(23) པའོ༎ ད་བདག་དམག་དཔའ་ཞིང་བཟང་བ་དང་ཆས་ཏེ༎ ཇྀའུ་གི་སོ་བསྡམ་ནས༎ ཇྀའུ་གྀ་སྐྱོན་མྱེད་པར་བསལ་ཏེ༎ དགྲ་ཆོསུ་བྱ་བའྀ་རྣམས་ལེགས་
(24) ཤྀང་གསྩལ་བ༎ རྒྱལ་པོ་ཐང་བས་ལྷག་པར་བྱ་དགོས་པས༎ རྒྱལ་པྲན་དང་དམག་མྱི་ཕྱོགས་གྱིས་ཀྱང། བདགྀ་ཚིག་འདྀ་ཁྱད་
(25) དུ་མྱི་གཅདg[c?]ad པ་དང། དགྲ་ལ་བརྒལ་བ་ཡང་ཡ+ང་ དང་པོ་ནས་ཐུབ་པ་འདྲ་བར་ཆས་མྱི་གཅད་ཅིང། མྱི་ཐུབ་པར་དོགས་པར་བསམ་
(26) སྟེ༎ བརྒལ་ན༎ དགྲ་ཐུབ་པར་འགྱུར་བས༎ ཕྱོགས་སུ་སྒྲིམས་ལ་གཉེམས་པར་རྒོལ་ཅིག༎ རྒྱལ་པོ་ཇྀའུ་
(27) གི་འབངས། འཇིགས་ཤིང་བག་ཚ་བ་ནྀ༎ གླང་དང། ཤ་བ་རྭ་སྟོར་པ་དང་འདྲ་བར། རང་གྀ་སྤ་ཞུམ་བས༎ དམགdma[g]
(28) མྱི་ཕྱོགསphyog[s] བདག་གི་བསམ་བ་དང། འཐུན་བར་བྱ་སྟེ༎ དོན་ཆེན་པོར་གྲུབ་ན། ནམ་ཞའྀ་སྲིད་བརྟན་བར་འགྱུར་རོ༎
(29) ༄༅༎ རྒྱལ་པོ་བུ་འྭང་གིས༎ དམག་མྱི་མང་པོ་ལ་གཙིགས་སྩལ་པ། ཐ་མ་སྟེ༎ ལེའུ་གསུམ་པ་འོ༎ ལོ་བཅུ་གསུཾ་
(30) ལོན་བའྀ་དཔྱིད་སླ་ར་བ་ཚེས་ཉི་ཤུ་དགུ་ལ༎ རྒྱལ་པོ་ཅུའུ་བུའ་བ+འ་ འྭང་གིས། དམག་མྱི་མང་པོ་བསགས་ཏེ། སྤྱ་ང་བྲིམས་མ+ས་
(31) ནས༎ དམག་རུ་དྲུག་ལ། གཙིགས་གསལ་བར་སྩལ་ནས། ཕྱོགས་སུs[u] བསྒོ་བ༎ ཡུལ་ནུབ་ཕྱོགས་ན།
(32) འདུག་པའྀ་མྱི ཡ་རབས ཁྱེད་རྣམས། གནམ་གྱྀ་ཆོས[cho]s གསལ་བར་ཤེས་པ་ཡིན་བས༎ ལེགས་ཉེས་ཆོས་ལུགས་དང། ཐང་
(33) ཁྲིམས་ལ་སྩོགས་པ་གསལ་བར་སྲུངsru[ng] ཤིག༎ ཨིན་གྱྀ་རྒྱལ་པོ་ཇིའུ་སྲི་ཞུ་དང། ཆུ་གང་གྀ་ལུགས། སྲིད་
(34) པ་རྣམ་ལྔ་ནྀ་མྱི་སྤྱོད༎ གནའ་མྱི་སྔ་རབས་གྱི་གཙུག་ལག་དང། སྐུ་བླ་དང་མགོན་མཚུན་ལ་སྩོགས་པ་ལ་ནྀ།
(35) གུས་པར་མྱྀ་སེམས་པས། ཇིའུ་གྀ་སྲོག་གནམ་གྱིས་བཅད་པ་ཡྀན་ཏེ༎ བདགྀ་སྤྱོད་ལམ་གྱིས་རང་སྲོག་རང་གིས་
(36) བཅདོ༎ མྱི་མང་པོ་དང་མཁོན་པ་ཡང་ཡ+ང་ ། འབངས་སྟམས་ལས་བཅད་པའྀ་དཔེར། རྒྱལ་པོ་ཇིའུ་དང། ཁབ་ཏར་ཀིས་ཡང་
(37) ཏོག་སྟེང་ན་བཞུགས་པས། དགུན་ཆུ་འགྲམ་དུ་མྱི་གཉིས་འོངས་པ་དང། གཅིག་ནྀ་འོངས་མ་ཐག་དུ་ཆུ་རྒལ༎
(38) [གཅིག་ནི]ཆུ་རྒལ་མ་ནུས་པ་དང། ཁབ་ཏར་གྱིས་གསོལ་པ༎ བདག་གིས་ཐོས་ན། [ཕ]མ་གཞོ་ནུའྀ་བུ་ནི་རུས་པ་མཁྲེགསmkhr[egs]
(39) ཤིང། ལྷགས་པ་ལ་དཔཱ༎ ཕ་[མ་རྒན]བའྀ་[བུ]ནི་རུས་པ་གསུ་བས། ལྷགས་པ་ལ་ཞན་ཅེས། བྱས་པ་དང༎ རྒྱལ་
(40) པོ་ཇྀའུ་གིས་མྱྀ་དེ་གཉིས་བཀུག་སྟེ༎ འདྀ་བདེནbd[e]n བརྫུན་བརྟག་པའྀ་ཕྱིར། རྐང་པ་བཅག་པར་བྱས་པ་
(41) དང། ཁུ་བྱི་ཀན་གྱྀ་ཆོས་ལུགས་ལས་འགལ་བ། འདྀ་ལྟ་བུ་མཛད་པའྀ་མྱི་རིགས་པར། བློན་གསོལ་པ་
(42) དང། ང་མྱི་གཅིག་གསོད་ལ་ཡང་མྱི་དབང་ངམ་ཞེས། བཀའ་ཕབ་པ་དང། ཁབ་དར་ཀིས་གསོལ་པ། བདག་གིས་ག+ས་
(43) ཐོས་པ་མྱི་འཕྲུལ་ཞེས་པ་ནྀ། སྙིང་ལ་ཁུང་བུ་དགུ་མཆིས། མྱི་འཛངས་པ་ནྀ་སྙིང་ལ་ཁུང་བུ་བདུན་མཆིས་
(44) ཤེས་གདའ་སྟེ༎ འདྀ་ཡང་འཛངས་པར་གསོལ་བ་ཞིག་ན༎ སྙིང་ལ་ཁུང་བུ་བདུན་མཆིས་པ་མད་དམ་
(45) མྱི་མད་པ། སྤྱ་ང་བྲིམ་བའྀ་རིགས་སམ་མྱི་རྀགས་ཤེས་གསོལ་པ་དང། [བྱི]ཀན་འཕྲལ་དུ་བཀུཾ་སྟེ།
(46) སྙིང་ཕྱུང་ནས། སྤྱ་ང་བྲིམས་ན། སྙིང་ལ་ཁུང་བུ་ཡང་ཡ+ང་ བདུན་མཆིས་པར་འདུགོ། ['d]ugo/ ཆབ་བརྒལb[r]gal པ་མྱི་གཉིས་
(47) ཀྱང་རྐང་པ་བཅད་སྟེ་སྤྱ་ང་བྲིམས་ན༎ ཁབ་གྱིས་གསོལ་པ་ལྟར་མད་པར་གྱུར་ཏོ༎ འདྀ་ལྟར་མ་ཉེས་
(48) པར་སྟམས་ལས་བཅད་པ༎ གནམ་མཐཱ་འོག་དུ་ཁྱབ་པར་བྱས་སོ༎ རྒྱལ་པོའྀ་ལུགས་ཕྱལ་བར་བོར་
(49) ནས་ཡབ[ya]b ཁུ་དང་བློན་པོ་ལ་སྩོགས་ཏེ། སྙིང་ཉེ་བས། བློན་བཏབ་པའྀ་རྣམས་ཀྱང། རིལ་གྱྀས་ཁྲིམས་དང་སྦྱར།
(50) lo[ngs སྤྱོད]གྱྀ་རྐྱེན་ཡ་མཚན་ཤེ་དག་སྦྱོར་ཞྀང། ཁབ་ཏར་ཀི་ཡྀད་དང་འཐུན་བར་སེམས་ཤིང། རོལ་མོ་དང།
(51) འཕྲལ་གང་གྀ་སྐུམs[k]um འབའ་ཤིག་སྤྱོད་པས། གནམ་གྱིས་ཆམ་ཕབ་སྟེ། ཇིའུ་གྀ་སྲོག་གཅད་པར་དགོངས་
(52) པས། དམག་[མྱྀ་phyog]s ཀྱང། ལེ་ལོ་བླ་ཁྱད་མ་བགྱིད་པར། བདག་གྀ་ཚིག་གུས་པར་ཉོན་ཏེ༎ གནམ་གྱིས་
(53) དགོངས་པ་དང་འཐུན['th]un པར། ཇིའུ་[གྀ]སྲོག་འཔྲོག་གོ༎ གནའg[na'] མྱི་དངགས་ལས། ང་དང། འཐུན་བར་
(54) བྱེད་པ་ནྀ་ལྕི་ཞིང་གུས་པར་[འཚམ?]མོ༎ གནོད་པར་བྱེད་པ་ནྀ་ལན་མཁོན་གྱིས། གླན་ནོ་ཞེས་འབྱུང་སྟེst[e] ༎
(55) ཇིའུ། རྒྱལ་པོའྀ་སྤྱོད་ལམ་ལས་ནྀ། འགལ་བར་སྤྱོད་ཅིང༎ མྱི་མང་པོ་སྟམས་ལས་བཅད་པས། ཚེ་རབས་ཀྱྀ་
(56) མཁོན་དུ་གྱུར་ཏོ༎ ཡོང་ལེགས་པ་ཞྀག་བྱེད་ན་ནྀ། གྲུབ་ཅིང་རྒྱས་པར་བྱ༎ ཉེས་པ་ཞིག་བསལ་ན་ནྀ། རྩ་བ་
(57) ཡན་ཅད༎ [རྀལ་གྱིས]གདོན་དགོས་ཏེ༎ རྒྱལ་པྲན་བདག་དང། དམག་མྱི་ཕྱོགས་སུ་བསྡོངས་ནས༎ རྒྱལ་
(58) པོ་ཇིའུ་གི་བུ[b]u ཙ་ཡན[ya]n ཅད་རྒྱུད་མྱེད་པར་བྱ་དགོས་སོ༎ བདག་རེ་བ་ནྀ་དམག་མྱི་ཕྱོགས་གྱིས་ཀྱང། བརྒལ་
(59) བ་ལ་ཚམ་ཚོམ་མྱི་ཟ་བར༎ བདག་གིས་བསམས་པའྀ་དོན་བསྒྲུབ་དགོས་སོ༎ དེ་ལ་སྲོག་ཕོངས་མ་བྱས་
(60) ཏེ། ངོ་འཕྲལ་ལ་ཐུག་པ་ནྀ་བྱ་དགཱ་ཆེར་སྦྱིན༎ བདགྀ་ལུང་ལྟར་མ་བྱས་ཏེ། རྗེ་བླས་ཉམས་སུ་མྱྀ་ལེན་པ་
(61) [ནི]། སྲོག་ལ་དབབ་བོ། ༔་༔་། རྒྱལ་པོ་བུའ་བ+འ་ འྭང་གིས། གདུང་བའྀ་ཚིག་གིས་སྨྲས་པ༎ བདག་གི་ཡབ། བླུན་འྭང['va]ng
(62) ལེགས་པའྀ་ཡོན་ཏན་དང་ལྡན་ཏེ༎ ཕྱོགས་སུ་སྙོམས་པའྀ་དཔེར་ནྀ༎ གཉྀ་ཟླ་འོད་དང་འདྲ་སྟེ། མ་ཁྱབ་པ་མྱེད་
(63) པས༎ མཐའ་བཞྀ་འབངས་ཀྱང། ལེགས་པའྀ་ཡོན་ཏན་ལ་མོས་ནས༎ ཕལ་ཆེར་འབངས་སུ་རང[r]ang འདུས་སོ༎
(64) བདག་གིས། ད་རྒྱལ་པོ་ཇེའུ་ཐུབ་པར་གྱུར་ན་ཡང། བདག་དཔའ་ཞིང། དགྲ་ཆོས་ལ་མཁས་པ་མ་ཡིན་གྱྀ༎ བདག་
(65) གི་ཡབ་བླུན་འྭང་གིས། གནམ་ལ་ཉེས་མ་བྱས་ཏེ༎ གནམ་གྱྀ་ཆོས་དང་མཐུན་བར་སྤྱད་པས། གནམ་གྱིས་
(66) བསྟངས་པ་ཡང། ཡབ་གྱྀ་ཡོན་ནོ༎ གལ་ཏེ༎ བདག་གིས་ཇྀའུ་མ་ཐུབ་པར་གྱུར་ན་ཡང། བདག་ཡབ་ལ་མ་
(67) གཏོགས་ཏེ༎ རྒྱལ་པྲན། བདག་ལ་ལེགས་པའྀ་ཡོན་ཏན་མྱེད་པའྀ་ཕྱིར་རོ༎
(68) ༄༅༎ རྒྱལ་པོ་འབུ་འྭང་གིས། ཡུལ་འབོག་ཡར། རྒྱལ་ཕྲན་དང། དམག་མྱྀ་ཕྱོགས་ལ་གཙིགས་སྩལ་པའྀ། ལེའུ་
(69) བཞྀ་པ༎ རྒྱལ་པོ་འབུ་འྭང། ཤིང་རྟ་སུམ་བརྒྱ་རྐྱེན་གྱྀ་དམག་ཉྀ་གྲི་གཅིག་སྟོང་དང། ང་ཕོད་སྟགྀ་ཚད་དུ་དཔཱ་བ༎
(70) སུམ་བརྒྱ་དང་ཆས་ཏེ༎ ཡུལ་འབོག་ཡར་ནོལ་ཐབས་གྱྀ་སར་གཙིགས་སྩལ་ནས། དཔྱིད་སླ་འབྲིང་པོ་ཚེས་བཞྀ་སྟེ།
(71) ཤིང་པོ་བྱྀ་བའྀ་ནམ་ཀ་ཕན་ཕུན་ན། ཇིའུ་དང་འཐབ་མོ་བྱ་བར་ཆད་དེ། གཡུལ་བཤམས་ནས༎ རྒྱལ་པོ་འབུ་འྭང་ཕྱག་
(72) གཡོན་པར། གསེར་གྱྀ་དགྲ་སྟ་ཐོགས། ཕྱག་གཡས་པར་ནྀ་རུ་མཚོན་ཐོགས་ཏེ། ཕྱོགས་སུ་བསྒོ་བ༎ ནུབ་
(73) ཕྱོགས་ནས། འོངས་པའྀ་དམག་མྱི་ཁྱེད་རྣམས། རེ་ཤིག་ཁྱེད་ལ་སྡོད་ཅིག༎ ཁྱིམ་ཚེས་གྱྀ་རྒྱལ་པྲན་གྲོགས་
(74) པོའྀ་རྣམས་ཀྱང། དང་པོ་ནས། ཡིད་འཐུན་བའྀ་ཕྱིར། གྲོས་མཐུན་ཏེ༎ ཕྱིན་པ་དང། དམག་པོན་དང། ཁ་ཆེན་གྱི་
(75) དཔོན་སྣ་མན་ཅད། སྟོང་པོན་སྟོང་ཅུང་ལ་སྩོགས་ཏེ༎ སྣ་ཕྲ་མོ་ལ་གཏོགས་པ་ཡན་ཅད་དང། དམག་མྱི་ཕྲ་
(76) ཕྱོགས་སུ། སྔ་ཕྱིར་གཙིགས་བྱིན་ཞྀང་བསྒོ་བ། རྣམས་གུས་པར་སོམས་ཏེ༎ དགྲ་ལ་བརྒལ་ཞྀང་འདོར་
(77) པ་དང། དགྱེད་པ་ལ་སྩོགས་པ༎ ངས་རུ་མཚོན་ཇི་ལྟར་བསྒྱུར་བ་བཞྀན་གྱིས་ཤྀག༎ གནའྀ་མྱྀ་དངགས་
(78) ལས། བྱ་མོ་ཟེར་ན་ནྀ་ཁྱིམ་ཕུང། མོས་ཕོའྀ་དབང་ཕྲོགས་པ་ནྀ་སྲིད་ཤོར་ཞེས་༎ འབྱུང་སྟེ༎ ད་རྒྱལ་པོ་
(79) ཇིའུ་ཁབ་ཏར་ཀའྀ་ངག་མྱི་ལོན་ཏེ༎ ཇིའུ་གྀ་དབང། ཏར་གྱིས་ཕྲོགས་པས་པ+ས་ ༎ གནམ་ས་དང། སྐུ་བླ་དང་ཞལ་བུ་
(80) ལ་སྩོགས་པ་མཆོད་ཅིང། གསོལ་བའྀ་རིགས་པ་ཡང་ཡ+ང་ མྱྀ་མཆོད་མྱི་གསོལ༎ ཕུ་ནུ་དྲུང་གྀས་བློན་བཏབ་པ་ནྀ།
(81) བཟློག་སྟེ། ཤ་རུས་ནྀ་བསྲིངས༎ རྒྱལ་ཁམས་གཞན་ནས་ཉེས་པའྀ་མྱི་མཆུ་ཐོགས་པ། སྐྱོན་ཅན་རྀལ།
(82) བསོགས་ནས། ལས་སུ་བསྐོས་ཏེ། མྱི་འདྀ་དག་དང་བསྡོངས་ནས༎ ཆོས་ལུགས་ལས་འགལ་བ་མྱི་རིགས་པ་སྣ་
(83) ཚོགས་སྤྱོད་དེ༎ ཕྱི་ནང་འདྲ་བར་བརྫུན་སྒྱུ་ཤེ་དག་བྱེད་ཅིང། འབངས་སྟམས་ལས་བཅད་པས༎ བདག་
(84) གནམ་གྱྀ་ལུང་གུས་པར་ཉན་ཏེ༎ ཇྀའུ་ལ་དམག་དྲངས་པ་ཡིན་བས༎ དེང་ཐབ་མོ་བྱ་བ་ནྀ། བརྒལ་ཞིང་བསྙག་
(85) པ་ཡང་ཡ+ང་ ། འདོམ་བདུན་ལས་འདར་མྱི་རུང། སླར་ནུར་ཞིང་དགྱེད་པ་ཡང། འདོམ་བདུན་ལས་ནུར་དུ་མྱི་རུང་བས།
(86) ཕྱོགས་སུ་འཐུན་བར་གྱྀས་ཤིག༎ དམག་མྱི་ཕྱོགས་ཀྱང་སྲོག་སྤོངས་མ་འཚལ་བར༎ སྦྱུགས་སྤྱུགས་ ཏེ།
(87) དཔའ་ཞྀང་རྩལ་དབྱུང་བ་ནྀ། སྟག་དང་གུང་དང་དོམ་དང་དྲེད་དང་འདྲ་བར། བྱ་དགོས་སོ༎ ཕམ་གློ་བ་ཉེར་འོང་
(88) བ་ནྀ། མ་བགག་མ་བརྒལ་བར་ཐོང་ཤིག༎ ཕྱོགས་སུ་བསྒྲིམས་ལ། ལེ་ལོ་མ་བྱེད་ཅིག༎ ངའྀ་ཚིག་
(89) ལྟར་མྱི་བྱེད་པ་ནྀ། འཕྲལ་དུ་གསད་དོ༎
(90) ༄༅༎ དགྲ་ཆོས་དང། དཔའ་རྩལ་གྱྀ་དོན་འགྲུབ་པའྀ་ལེའུ་ལྔ་པ༎ རྒྱལ་པོ་འབུ་འྭང་གྀས། ཇེའུ་གི་སྲིད་
(91) བརླག་ནས༎ སླར་ལོག་སྟེ༎ བཀའ་སྩལ་པ༎ ངས་དགྲ་ཆོས་ལན་གཅིག་སྤྱད་པས༎ གནམ་མཐའ་འོག་
(92) བདེ་བར་འགྱུར་ཏེ༎ ཆམ་ལ་ཕབ་པས། ཕྱིན་ཅད་དགྲ་ཆོས་སྤྱད་མྱི་དགོས་ཏེ༎ དྲ་མའྀ་རྐྱེན་མྱྀ་དགོས་པས༎
(93) དམག་མྱི་བརྒྱགས་ཁལ་གནག་རྟ་རྣམས། རང་ཉམ་དུ་ཡན་པར་ཐོང་ཤིག་ཅེས་བསྒོ་ནས༎ གནག་རྟའྀ་རྣཾས་
(94) རྀ་ཧྭ་ཤན་ལ་ཡན་པར་བཀྱེའོ༎ ཇེའུ་གྀ་སྲིད་བརླག་པའྀ་རྗེས་ལ༎ ཨིན་ཏང་གྀ་[ཐང?]ཁྲིམས་རྩིས་མགོ་རྀལ་ར+ལ་ སྤྱ་
(95) ང་བྲིམས་ནས༎ ཇྀའུ་གྀ་ཡབ་མྱེས་ཡོན་ཏན་ཅན་གྱྀ་ཁྲིམས་བཟང་པོ་ནྀ་བཞག༎ ཇྀའུ་གྀ་ཁྲིམས་ངན་པ་ནྀ།
(96) བསལ་ཏེ༎ བོར་རོ༎ རྒྱལ་པོ་འབུ་འྭང་གྀས༎ ཇིའུ་ལ་དམག་དྲང་བར་ཆད་པའྀ་ཚེ༎ དཔྱིད་སླ་ར་བ་ཚེས་གཉིས་ཉ+ས་
(97) ཏེ༎ ཆུ་བོ་འབྲུགྀ་ཉི་མ་ལ༎ སླ་བ་ཚེས་གྱིས་ཀྱང། ད་དུང་གཤེད་ནག་པོས། ཁེབས་ཏེ། མྱི་མངོན་བས། ཞག་ཅིག་
(98) བསྟིས་ཏེ༎ ཚེས་གསུཾ་ཆ་ཆུ་ མོ་སྦྲུལ་གྱྀ་ཉི་མ་ལ་ལམ་དུ་ཞུགས་ཏེ། ཇིའུ་ལ་དམག་དྲང་བར་ཆས་ནས༎ དཔྱིད་སླ་ར་
(99) བ་ཚེས་ཉྀ་ཤུ་བརྒྱད་ལ། རྨ་ཆུ་ལ་རབ་མེང་ཆིན་དུ་བརྒལ་ནས༎ ཇིའུ་གྀ་སྲིད་བརླག་སྟེ༎ དབྱར་སླ་ར་བ་ཚེས་
(100) གསུཾ་སྟེ། སླ་བ་སོས་ཤིང་གསལ་བའྀ་དུས་སུ༎ ཤང་ཇིའུ་གྀ་ཡུལ་ནས། སླར ཡུལ བུང་དུ་ལོག་སྟེ༎ དགྲ་ཅའྀ་རྣཾ་
(101) རིལ་བསྙལ་ནས༎ སླན་ཅད་གཙུག་ལག་དང། ཡྀག་རྩིས་སྤྱོད་ཅིང། སློབ་དུ་སྩལ་ནས༎ དྲ་རྐྱེན་གྱི་རྟ་ནྀ་ཡུལ་
(102) ཧྭ་ཤན་དུ་ཡན་དུ་བཀྱེ༎ གནག་ནྀ་ཚལ་ཐྀ་འུ་ལིམ་དུ་བཏང་ནས༎ ད་ཕྱིན་ཅད་དགྲ་ཆོས་མྱི་སྤྱོད་པས༎
(103) དགྲ་ཅ་དང། དགྲ་རྐྱེན་གྱྀ་རྐང་འགྲོས་ལ་སྩོགས་པ༎ ཕྱིན་ཅད་མྱི་སྤྱད་པར་བྱའོ་ཞེས། བཀའ་སྩལ་ནས༎
(104) དབྱར་སླ་ར་བ་ཚེས་གཅིག་སྟེ། མྱེ་མོ་ལུག་གྀ་ཉི་མ་ལ༎ གདུང་རབས་བདུན་ཚུན་ཅད་གྱྀ་ཞལ་བུ་གསོལ་
(105) པའྀ་ཚེ༎ ཕོ་བྲང་ནས། ལྀ་[བར(/ནར)]ཉྀས་སྟོང་ཚུན་ཅད་གནས་པའྀ་རྒྱལ་པྲན་རྣམས་མ་བཀུག་པར། རང་ལྷ་འབྲས་
(106) དང་མཆོད་པའྀ་ཡོ་བྱད་འཚལ་ཏེ༎ ཞལ་བུ་གསོལ་བའྀ་སར་འདུས་ཏེ། གསོལ་ལོ༎ དབྱར་སླ་ར་བ་
(107) ཚེས་བཞྀ་སྟེ། ལྕགས་པོ་ཁྱྀའི་ཉྀ་མ་ལ། ཤིང་སྤུངས་པའྀ་ཁར། སྲོག་ཆགས་སྣ་གསུམ་བཞག་སྟེ། མྱེ་བཏང་
(108) ནས། གནམ་མཆོད་དེ༎ གནམ་གྱྀས་ལུང་སྩལ་པ་བཞིན་དོན་ཆེན་པོ་གྲུབ་སྟེ༎ ཇིའུ་གི་སྲིད་བརླག་ནས།
(109) བདག་གྀ་དོན་ཆེར་གྲུབ་ཅེས་གསོལ་ནས༎ ཆབ་འོག་དུ་འདུས་པའྀ་སྐུ་བླའོ་འཚལ་དང། རྀ་གཉན་པོ་དང།
(110) ཆུ་ཆེན་པོ་ལ་སྩོགས་པ། རྀལ་མཆོད་དེ༎ དབྱར་སླ་ར་བ་ཉ་བྲི་ནས༎ ཕྱོགས་བཞྀ་རྒྱལ་པྲན་དང།
(111) ཞང་ལོན་སྣ་ལ་གཏོགས་པ་ཡན་ཅད་རིལ་འདུས་ཏེ༎ རྒྱལ་པོ་ཇིའུ་འབུན་འྭང་གྀ་བཀའ་གུས་པར་
(112) ཉན་ནས༎ རིལ་ཆགས་འོག་དུ་འདུས་སོ༎ རྒྱལ་པོ་འབུན་འྭང། གདུང་བའྀ་ཚིག་གིས། རྒྱལ་
(113) པྲན་རྣམས་ལ་བསྒོ་བ༎ བདག་གི་ཡབ་མྱེས་སྔ་རབས། ཧེའུ་ཚིག་ནས༎ རྒྱལ་པྲན་གྱྀ་སྲིད་
(114) རྙེད་དེ༎ ཡུལ་ས་མཐོ་བའྀ་མགོ་ཡང་དེ་ནས་བྱུང༎ ཧིའུ་ཚིག་གྀ་ཡང་ཙ། ཀོང་ལེའུ་གིས་ཀྱང། ལེགས་
(115) པའྀ་ཡོན་ཏན་དང། གནའ་མྱྀ་སྤྱོད་ལམ་རྒྱས་ཤིང༎ གུས་པར་བྱེད་དེ༎ སྲིད་ཕྱིར་ཞྀང་དར་ནས༎ རྒྱལ་པོ་དེའྀ་
(116) འྭང་གིས། ཡབ་མྱེས་སྔ་རབས་ཡོན་ཏན་དང་ལྡན་བའྀ་རྗེས་སུ༎ རྒྱལ་པོ་ཆེན་པོར་བསྒྲུབ་པའྀ་སྲོལ་བཏོད་
(117) དེ༎ སྲས་གྱྭཱི་ལིག། སྒམ་ཞྀང་འབངས་ལ། འོ་བྱམས་ཤིང། ཆིས་མཁས་པའྀ་ཕྱིར༎ སྲས་བུན་འྭང་སྐྱེས་
(118) པ་ཡང། གནམ་གྱྀ་དགོངས་པ་དང་འཐུན་བར། དོན་ཆེན་པོ་བསྒྲུབ་པ་ལ་མཁས་པས༎ གནམ་མཐའ་བཞྀ།
(119) འངངས་འབངས་ ཀྱང་བདེ་བར་བྱས་སོ༎ འབུན་འྭང་སྒལ་དཀྱེལ་ཆེ་བས། ཆབ་སྲིད་བསྐྱེད་པའྀ་ཕྱིར། རྒྱལ་ཁམས་
(120) ཆེན་པོ་ནྀ་མཐུ་དང་བྱིན་གྱིས་མནན༎ ཁམས་ཆུ་ངུ་ནྀ་ལེགས་པའྀ་ཡོན་ཏན་[ལ?]མོས་ཞིང་འདུད་དུ་སྩལ་པ།
(121) ལས༎ དགོངས་པ་དོན་ཆེན་པོ་མ་གྲུབ་པར་ནོངས་སོ༎ རྒྱལ་པོ་ཇྀའུ་གི་སྲྀད་བརླག་པ། བདག་རང་གིས་
(122) བྱས་པ་མ་ཡིན་ཏེ༎ ཡབ་འབུན་འྭང་གྀ་ཞལ་ཆེམས་དང། རྒྱལ་པོ་ཇིའུ་མ་འོས་མ་རིག་པར། རྒྱལ་པོའྀ་
(123) ལུགས་ལས་འགལ་བར་བྱེད་པའྀ་ཕྱིར་རོ༎ ཇྀའུ་ལ་དམག་དྲངས་པའྀ་ཚེ་ཡང། འདྀ་ལྟར་འགལ་བར་བྱེད་
(124) པས། ངའྀ་ཡབ་མྱེས། ཆོས་ལམ་དང། རྒྱལ་ལུགས་བཞིན་བྱེད་པའྀ་བུ་ཙ། འབུ་འྭང་གིས༎ ཇིའུ་གྀ་སྲིད་
(125) བརླག་གོ་ཞེས། གནམ་ས་དང། ལྷ་ཀླུ་དང། སྐུ་བླ་དང། ཞལ་བུ་ལ་སྩོགས་པ་ལ་སྦྲན་ཏེ། གསོལ་ནས། དམག་མ+ག་
(126) ཕབ་བོ༎ རྒྱལ་པོ་ཇྀའུ་ཆོས་ལམ་ལས་འགལ་བར་བྱེད་པས༎ གནམ་ས་དང། སྐུ་བླ་དང། ཞལ་བུ་ལ་
(127) སྩོགས་པ༎ མངའ་m<th>nga' ཐང་བཅད་དེ། མཆོད་པའྀ་རིགས་པ་ལས༎ རིལ་མྱི་གསོལ་བར༎ གནམ་མཐའ་
(128) འོག་ཉེས་པ་བྱེད་པའྀ་སྐྱོན་ཅན། ཐམས་ཅད་བསྡུས་ཏེ༎ སྐྱབས་བྱས་ནས༎ ཉེས་བྱེད་པའྀ་མྱི་མྱི་རྙེད་མྱི་
(129) ཟིན་པའྀ། དཔེར་ནྀ། གཅན་ཟན་ནགས་ཙལ་དང། བྲག་ཕུགས་སུ་ཞེན་པ་དང། ཆུ་མྱིག་གྀ་ཆུ་རྩང་པོར་
(130) འདྲེས་ན༎ བཙལ་དུ་མྱྀ་རྙེད་པ་དང་འདྲའོ༎ བདག་རྒྱལ་པྲན་ཆུང་གིས། བློན་པོ འཛངས་པ ཡོན་ཏན་ཅན་དགུ་དང༎
(131) བུད་མྱེད་གཅིག་དང་བཅུ་རྙེད་དེ༎ བློན་པོ་འདྀ་རྣམས་དང། གནམ་གྱྀ་ཆོས་གུས་པར་བསྲུངས་ནས༎
(132) རྒྱལ་པོ་ཇིའུ། འཁྲུགས་པའྀ་ལམ་བཅད་དོ༎ ང་རྒྱལ་ཁམས་གཞན་དང་མྱི་འདྲ་བར་ཆེ་ཞིང། གཙུག་ལག་
(133) དང་ལྡན་བས༎ ལྷོ་བལ་ལ་སྩོགས་ཏེ༎ རྒྱལ་ཁམས་ཐམས་ཅད་ཆགས་ག+ས་ འོག་དུ་འདུས་ནས༎ བཀའ་ཀ+འ་ གུས་
(134) པར་ཉན་ཏོ༎ དང་པོ་ཇྀའུ་ལ། དམག་འདྲེན་བར་ཆས་པའྀ་ཚེ༎ ཡུལ་དེའྀ་མྱི་ཕོ་སྨོས་མང་དུ་འདུས་ནས།
(135) རྒྱལ་པོ་སྒམ་པོ་འབུ་འྭང་བྱོན་བས༎ བདག་ཅག་སླན་ཅད་སྡུག་བསྔལ་ལས་ཐར་པར་འགྱུར་རོ་
(136) ཞེས་གསོལ་ཏེ༎ ཟབ་དར་མང་དུ་བསྡུས་ནས། སྐྱེས་སུ་ཕུལ་ལོ༎ གནམ་གིས་ཀྱང་ཅྀའུ་གྀ་ལེགས་
(137) པ་འགྲུབ་པར་དགྱེས་ནས༎ དོན་ཆེན་པོ་གྲུབ་པ་ཡང་ཡ+ང་ ། གནམ་གྱིས་བསྟངསོ༎ ཇིའུ་དང་ནོལ་ཐབས་
(138) དཔྱིད་སླ་ར་བ་ཚེས་བརྒྱད་གྱྀ་ནུབ་མོ༎ གཡུལ་བཤམས་པ་ལས༎ ཆར་མོ་ཆེ་ཕབ་སྟེ། གནམ་གྱིས་
(139) བདག་ལ་སྟོང་ན་ནྀ་ཆར་པ་ཆད་པར་འགྱུར། ཇིའུ་ལ་སྟོང་ན་ནྀ་ཆར་པ་མྱྀ་འཆད་དོ་ཞེས་སྨྲས་པ་དང།
(140) ཆར་པ་མོད་ལ་ཆད་པ་ཡང། ལེགས་པ་གནམ་གྱིས་བསྟངས་ཤེས་བྱའོ༎ ཕྱི་དེ་ནང་པར་དཔྱིད་སླ་འབྲིང་
(141) པོ་ཚེས་བཞྀ་སྟེ༎ ཤྀང་པོ་བྱི་བའྀ་ནམ་ཀ་ཕན་ཕུན་ན༎ ཇིའུ་གིས་དམག་མང་པོ་ནགས་ཙལ་དང།
(142) བཤམས་ནས། བསྡོས་ཏེ༎ བརྒལ་b<s>rgal པ་ལས༎ ཅིའུ་ལ་ལྟ་ག་ལ་ཐུབ་སྟེ༎ ཇིའུ་གྀ་དམག་མྱི་ནང་གཅིག་
(143) གིས་གཅིག་བསད་ནས། ཁྲག་མང་པོ་ཕུབ་ཐེག་པ་ཙམ་དུ་ཕབ་སྟེ༎ བདག་གིས་གོ་གྱོན་ཏེ། དགྲ་ཆོས་
(144) ལན་ཅིག་སྤྱད་པ་ཙམ་གྱིས༎ གནམ་མཐའ་འོག་བདེ་བར་གྱུར་ཏོ༎ སྔོན་རྒྱལ་པོ་ཇྀའུ་ཕ་ཁུ་ཡོན་
(145) ཏན་ཅན། ཀྀ་ཙི་དང། བྱིད་དཀན་གྱིས༎ ཇྀའུ་ལ། བློན་དྲག་དུ་བཏབ་པ་ལས༎ བྱིད་དཀན་སྙིང་ཕྱུང་སྟེ་
(146) བསད་པ་དང། ཀྀ་ཙེ་ཕྱག་སྦལ་དུ་བཅུག་ཡང༎ ཕྱག་སྦལ་ནས་ཕྱུང༎ བྱིད་ཀན་ནྀ་བློན་པོ་ཆེད་པོའྀ་
(147) ཐང་དུ་ཤིད་བཏང༎ ཡོང་ལུ་ཞེས་བྱ་བ་འཛངས་པ་དབེན་ས་ན་གནས་ཏེ༎ ཇིའུ་གིས་ལས་སུ་མ་བསྐོས་པ་
(148) ཡང། ལས་སུ་བསྐོས༎ ཕྱག་མཛོད་ཆེན་པོ་ལོག་ཐེའྀ་དཀོར་དང༎ ཁུ་ཀེའྀ་སྩང་རྀལ་གྱིས་བཏོན་
(149) ནས༎ འབངས་ཕྱོགས་སུ་བྱ་དགའ་ག+འ་ ཆེར་བྱིན་ཏེ༎ འབངས་མང་པོ། བཀའ་དྲྀན་གྱིས་འདྀ་ལྟར་
(150) ཁྱབ་ཅེས། གཏང་རག་གཏོང་ངོ༎ སྔོན་གྱི་དུས་ན། རྒྱལ་པྲན་དང། བློན་པོ་རིམ་པ་ལྔ་ཡོད་
(151) དེ༎ བར་དུ་ཇྀའུ་གིས་མྱེད་པར་བྱས་པ་ཡང། སྔོན་གྱི་ལུགས་བཞྀན། ལས་གྱི་རྀམ་པ་ཡོད་པར་བྱསོ༎
(152) ཞིང་པའྀ་དབང་ཏང་རྣམ་གསུམ་ཡང་ཡ+ང་ ། སྔོན་གྱི་ལུགས་དང་མཐུན་བར་དགོངས་ཏེ༎ དམྱིགས་ཕྱེའོ༎
(153) ལས་སུ་བསྐོ་བ་ཡང་ཡ+ང་ ཤེས་པའྀ་ཡོན་ཏན་དང མྱྀ ལྡན་ན༎ ཉེ་ཞིང་བཤེས་གྱིས་ཀྱང་མྱྀ་བསྐོའོ༎ ཆུ་གང་དང་
(154) སྲི་ཞུའྀ་ལུགས་རྣམ་ལྔ་དང། ཤི་བདུར་དང་ལྷ་མཚུན་མཆོད་པའྀ་ལུགས་དང། ཞྀང་ཆོས་དང་མྱི་དྲང་
(155) པོ་གཞུང་ཅན་ལ་སྩོགས་ཏེ༎ གོང་ནས་སྨོས་པའྀ་རྣམས། གུས་ཤིང་ལྕི་བར་སྤྱོད་པས༎ འབངས་
(156) གྱི་ཆིས་ཡང་མྱི་མཛད་པར། ཕྱག་བརྐྱང་སྟེ། བཞུགས་གྱིས་ཀྱང༎ གནམ་མཐའ་འོག་གྀ་འབངས་ང+ས་
(157) རང་བཞྀན་དུ་སྐྱིད་པར་གྱུར་ཏོ༎
(158) ༄༅༎ ཞང་ཤུ་བམ་པོ་དྲུག་པ་རྫོགས་s.ho ས+ཧོ་ ༎