OTDO
Old Tibetan Documents Online

Pt_1042

Pelliot tibétain 1042
    photo
1. Content : Royal funeral rituals.
2. Note : Scroll. The beginning is missing. Recto, 148 lines with 3 Chinese characters Meng Dafu 孟大夫 at the bottom of the paper. Verso, a Chinese Buddhist text. Cf. Catalogue VI (62).
3. References :
Choix IV (20-24) [I.Translit.].
Lalou (1939-1961: II, 43) [P.Translit.],Lalou (1952) [I.Translit., I.Trans.],Haarh (1969: 327-328),Chu (1989: 20-28) [I.Translit., I.Trans.],Huo (1995),Ohara (1999: 43-44),Samosyuk (2002: 70-73).

Transliteration   (Change the Display Format)

(1) [---]གསོལ་[---]
(2) [---]གཤེན་གྱིས་[---]
(3) [---]གཤིན་ཕྱག་འཚལ་[---]
(4) [---]དང་ཟུག༎ སྐྱན་དེའི་འོག་དུ་ཞ་[---]
(5) [---]རྣམས་ཕྱག་འཚལ་ནས། ས་སར་དངར། དེ་ནས།
(6) [---]བཤམ་ངུད་ཀྱིས་གདབ༎ རྒྱལ་གྱིས་ཕྱག་བགྱིས།
(7) [---]པ་ལ༎ ཞང་ལོན་ཞལ་ཏ་པའ༎ ཟི་མོ་པའ།
(8) [---] [-]na དང་ཕྱག་ཙང༎ དེའི་འོག་དུ་སུག་ལས།
(9) [---]མཚོན་པ་དང། འོར་གྱེར་པ་རྣམས་ཀྱིས་ཕྱག།
(10) [---]ནས་གསར་གཡུ་བསེ་དུང། སྤུག་མཚལ། གླས་རྣམས་དང་སྨན།
(11) [---] སྐྱེམས་ཀྱི་ནང་དུ་ཡང་སྩལ་ནས༎ སོབས་ཏང་སྨན་གྱི་རབས་བགྱིས་ཏེ།
(12) [ཡམས?]གཅིག་གསོལ༎ དེ་ནས་ཕྲུ་སྩང་གསོལ་ཏེ་ཡམས་གཅིག། དེ་ནས་རྒྱལ་ལ་ལྷོས་དྲངསྟེ་དྲངས་ཏེ་
(13) ལྗགས་བྱང་གསོལ༎ དེ་ནས་རྒྱལ་གྱིས། མངའ་ཐང་དང། དབང་ཏང་བཅད༎ དེ་ནས་ཞང་གིས།
(14) རྒྱལ་ལ་དབོན་ལོབ་ཏང་སྣམ་རྟ་འདྲེན་བར་ཕྲིན་གྱིས་གསོལ༎ དེ་ནས་ཞང་དབོན་མཇལྟེ་མཇལ་ཏེ་
(15) དེ་ནས་ཐུགས་གུར་དང། དབོན་ལོབ་ཏང༎ རྟ་དོ་མ་གཡག་དོ་མ། སྣམ་རྟ་དང་གཡག་འཕྲལ་སྤྲེདེ།
(16) མཇལ་ནས། ཞང་གིས་འབན་སྐྱེམ་ལ། ཞུག་ཤང་གསེར་སྐྱེམས་ཀྱིས༎ ཡམས་གཅིག་ཕྱག་བགྱིས།
(17) ནས་ཞལ་ཏ་པ་རིམ་པ་བཞིན་ཞང་ལ་ཕྱག་བགྱིའོ༎ དེ་ནས་ནམ་རྟ་ནྀ་དོ་མའི་འོག་དུ་དངར་རོ། དེའི་འོག།
(18) དུ་གཉེན་འོ་བྱམས་ཀྱྀ་སྲིས། དེའི་འོག་དུ་རྒྱལ་ཐན་ཆགས་ཀྱི་དཀོར། དངར་རོ༎ དངར་ཚུགས་ནས།
(19) སྩང་པོ་དྲངས་ཏེ། སྐུ་གཤེན་གྱྀས་ཡོགས་བདའ། འབྲུམ་བཞི་གསོལ། སྒོ་བཙས་སྩལ། སྐུ་གཤེན་གཅིག་གིས།
(20) སྩང་པོ་གསོལ་ཏེ། ཡམས་གཅྀག། སྐུ་གཤེན་གཉིས་ཀྱིས་དཀར་མོ་མཇོལ་ཏེ་ཡམས་གཅིག། མཇོལ་
(21) བོན་པོ་ཕལ་གྱིས། ཆགས་བླངས་ཏེ་ཆེན་ཏགས་ལ་མཆི༎ ཆེན་ཏགས་མཇོལ་ནས་སྣང་མ་དང།
(22) སྤོས་ལམ་གསོལ་ཏེ་ཡམས་གཅིག༎ དེ་ནས་བཤུམ་ངུད་ཀྱྀས་ཀྱང་གདབོ་གདབ་བོ་ དེ་ནས་ནང་གི་གདན།
(23) ལ་གཤེགས་ཏེ༎ ཆོ་ག་དང་རིམ་པ་ནར་མ་དང་འདྲ་བར་མཛདོ་མཛད་དོ་ སྩང་ནན་ཡམས་གསུམ་གསོལ།
(24) པའི། དབུ་མ་ལ༎ ཕ་བ་མ་མ་དང། ཆིབས་ཡེ་རུ་འཕང་དང། དོ་མ་ཆེན་པོ་ཕམ་ཕབས་སྩལད་ཏོ། ཆིབས།
(25) སླད་ལོགས་ན་མཆིས་པའི་རྣམས༎ བཟང་ཡུགས་བགྱིས་ཏེ་སྤོས་ལམ་གསོལ༎ སྩང་ནན།
(26) ཐ་མ་ལ་ཞེས་ཕམ་བབས་སྩལད༎ དེའི་འོག་དུ་གྲོ་སྐྱེམས་ཡམས་གཅིག༎ རྒུན་སྐྱེམས།
(27) ཡམས་གཅིག༎ '[-]སྐྱེམས་ཡམས་གཅིག། འདི་གསོལ་ནས། སྩང་སྡེར་གྱུ། གསང་གིས།
(28) གདབ། དེ་ནས་ཐུགས་སྤུར་མཇལ་ཏེ༎ མཇལ་པའྀ་ཆོ་ག་དང་རིམ་པ་ལ༎ ཐུགས་ཀྱི་གཡས།
(29) གཡོས་སུ་ཕྱག་ཆ་དྲངས༎ ཐུགས་ཀྱི་སྣ་ལ་དུར་བོན་པོ་དང། ཕངས་བོན་པོ་ཆེན་པོས་དྲངས།
(30) དེའི་འོག་དུ། ཟོ་རིག། དེའི་འོག་དུ་ནམ་ཀའ། དེའི་འོག་དུ་སྨྲ་ཞལ༎ དེའི་འོག་དུ་ཞལ་དང་སྐུ་རྟེན།
(31) གཡས་གཡོས་སུ་མནབས་སྒྱེ༎ དེ་ནས་ཐུགས་གུར། དེའི་འོག་དུ་དབོན་ལོབ། དེའི་འོག་དུ།
(32) ཟི་མོ༎ གུར་གཉིས་ཀྱི་གཡས་གསོས་གཡོས་ སུ༎ ཞ་འབྲིང་ནང་པ་དང། ཞང་ལོན་ཞལ་ཏ་པའ། ཞལ་གྱི།
(33) སྡུན་གཡས་གཡོས་ཀྱི་ཟུར་ལ༎ གོ་ངན་དང། ཟུག་སྐྱན་ཚར་གཉིས༎ དབོན་ལོབ་ཀྱི་ཕྱི་ཟུར།
(34) གཡས་གཡོས་སུ། སྐུ་གཤེན་གཉིས་ཀྱིས་སྣ་དྲངས་ནས༎ ཕ་རོལ་ཚུ་རོལ་གྱི་ཐོག་མ།
(35) ཡེ་རུ་ཕང་རེ་རེ། དེའི་འོག་དུ། དོ་མ་ཆེ་ཆུང། དེའི་འོག་དུ་རྣམ་རྟ་ཆེ་ཆུང། དེའི་འོག་དུ་ཕང་སྒ་པ།
(36) ཕལ། དེའི་འོག་དུ་གཉེན་འོ་བྱམས་ཀྱི་སྲིས༎ དེའི་འོག་དུ་རྒྱལ་ཐན་ཆགས་ཀྱི་དཀོར་དེའི།
(37) འོག་དུ་རོལ་བཟངས་རྟ་རྒྱན་ཅན༎ དེའི་འོག་དུ། དོག་གཤེན་རེ་རེས་དྲངས་ཏེ། མཛོ་བང་སྒྱལ།
(38) དང་ལྕམ་མཇོ་མཛོ་ ཚར་གཉིས་ཀྱི། མཇུག་གི་དབུསུ་དབུས་སུ་ སྐུ་གཤེན་གཉིས་ཀྱིས་དྲངས་ཏེ། དཀར་མོ། དེའི།
(39) འོག་དུ། འདྲལ་ཆེན་གཉིས་ཀྱིས་དྲངས་ཏེ། དོ་མ་དང་གཡག་རོལ་དང། སྣམ་གཡག་ལ་སྩོགས་ཏེ།
(40) ཆེན་ཏགས་རྣམས་མཆི༎ ཕངས་བོན་པོ་ཆུ་ངུས། རིང་དང་རིང་གུར་དང། ཞལ་གྱི་སྤྱན་དྲངས་ཏེ༎
(41) སེའི་སྒོར་གཤེགས་ནས༎ ཐུགས་རྐྱེན་གྱི་རྣམས། ཞུགས་ཆད་ཏང། འོར་གྱེར་གྱིས་བཅད།
(42) ནས༎ ཐུགས་སྤུར་མཇལ་ཏེ༎ རིང་གྀ་ཞལ་དང། ཐུགས་ཀྱི་ཞལ༎ རིང་གི་གུར་དང། ཐུགས་ཀྱྀ་གུར།
(43) ལན་གསུམ་གཏུགས་ནས༎ མཇལ་སྐྱེམས་ཡམས་གཅིག་གསོལ༎ ནས་རིང་རྐྱེན་ནི་དེར་གཞེས།
(44) ཐུགས་རྐྱེན་གྱིས་གཡོན་འཁོར་དུ་དྲངསྟེ་དྲངས་ཏེ་ ཁོར་མོ་གསུམ་གྱི་ཆེ་ཕྱག་ཏབ་ཡམས་རེ་གསོལ༎
(45) རྟ་གྲབ་ཀྱི་རྣམས་ཀྱང། གཡས་གཡོས་ནས་དྲངས་ཏེ་ལན་གསུམ་བསྐོར་རོ༎ ལན་གསུམ་བསྐོར་ནས།
(46) གཡར་གོང་ནས། མདུང་ལན་གསུམ་བཏུད་དེ༎ གཤིན་ཕྱག་བགྱི༎ ཞལ་ཏ་པ་དང། ཟི་མོ་རྣམས་ཀྱང།
(47) བཤུམས་ངུད་ཀྱིས་གདབ༎ བཤུམས་ངུད་ཀྱིས་བཏབ་ལགས་ནས༎ སྐུ་གཤེམ་མཇོལ་བོན་པོ་རྣམས།
(48) ཀྱིས༎ དོ་མ་ལ་སྩོགས་ཏེ་རྐང་འགྲོས་ཀྱྀ་རྣམས་གཤོག་ཡུགས་ཀྱིས་གདབ༎ དེ་ནས་རིང་སེར་གཤེགས།
(49) པའི་རིམ་པའ་ལ༎ སྐུ་གཤེན་རིགས་གཤེན་དང། ཕངས་བོན་པོ་གཉིས་ཏེ་གསུམ་གྱིས་སྣ་དྲང། དེའི་འོག།
(50) དུ་ནམ་ཀའ༎ དེའི་འོག་དུ་ནང་གི་ཟོ་རིག། དེའི་འོག་དུ་སྨྲ་ཞལ། དེའི་འོག་དུ་གཡས་གཡོས་ཀྱི་མནབས།
(51) སྒྱེ། དེའི་འོག་དུ་ཞལ་དང་སྐུ་རྟེན༎ དེའི་འོག་དུ་ཐུགས་གུར། དེའི་འོག་དུ་རིང་གུར་དེའི་འོག་དུ།
(52) དབོན་ལོབ༎ སེར་གཤེགས་ནས་ཞལ་ཏ་པ་རིམས་ཀྱིས་ཕྱག་བགྱིས་ནས༎ ཉམ་པག་མ་འཆུགས།
(53) པར་གསོལ༎ རྒྱལ་གྱིས་ཀྱང། མངའ་ཐང་བཅད་མངའ་ཐང་དུ་འདུས་སོ་འཚལ༎ བཟང།
(54) ངན་རིམ་པར་པླགས་ཏེ༎ འོ་དོད་བོད༎ སྐུ་གཤེན་ཁ་གཙང་གཉིས་ལ། གཅིག་གིས༎ ཆིབས།
(55) ལས་གཅིག་བཅད་དེ། གཡང་རྟར་བགྲང༎ དཀར་མོ་དང། གཡག་ལས་གཅིག་བཅད་དེ། དོན་པོར།
(56) བགྲང༎ སྐུ་གཤེན་གཅིག་གི་དཀོར་ལས་སྣ་གཅིག་བཅདེ་བཅད་དེ་ ཕུགས་ནོར་དུ་བགྲང། དེ་ནས་སྐུ་གཤེན།
(57) སྐུ་གཤེན་ན་བཟ་ལས་རེ་རེ་སྩལད་ཏོ༎ དེ་ནས་ནུབ་ཀྱི་གདན་ལ་གཤེགས་ཀྱང༎ ཆོ་ག་ནར་མར།
(58) གསོལ༎ དེ་ནས་ནམ་ཚབ་ཚུབ་ན༎ སྙུན་བོན་པོ། སྨག་བོན་པོ། འཇོལ་བོན་པོ་རྣམས་ཀྱང། ས་སར།
(59) གྱེར་ལ་མཆི༎ ཆོ་ག་ནར་མ་ལ་ཐོ་རམ་དང་པོ་དུང་བུས་པ་དང༎ སྐུ་གཤེན་ཕངས་བོན་པོ་དང། རླད་བོན།
(60) པོ་དང། རིང་མཁན་དང། བཞེས་པའྀ་ཕྱག་ཙང་གཉིས། འདི་རྣམས་མཁན་སྤྲུས་བསངས་ཏེ༎ སྐམ་ཕྱག།
(61) དུ་འཚལ་ནས༎ རི་རིང་ མཁན་གྱིས། ཐུགས་གུར་རིང་གུར་དབོན་ལོབ། བཤུས་ནས། དྲུལ་ཕྱག་གིས་གདབ༎ སྐུ།
(62) གཤེན་ཕངས་བོན་པོས་བཞེངས་གསོལ། སྣང་མ་གསོལ༎ ཞལ་གྱི་རྣམས་ཀྱང་ཚུར་བསྒྱར་ཏེ། སོབས་ཀྱྀ།
(63) ཆ་རྐྱེན་དང༎ སྨན་གྱི་རྣམས། བུད་ཀྱང་བུད། སྐྱེམས་གྱི་ནང་དུ་ཡང་སྩལྟེ་སྩལད་ཏེ་ ཡམས་གཅིག་སྩོལད།
(64) མཐའ་སྐྱ་སྟེ། དུང་དབུ་མ་བུས་ན། ཞང་ལོན་ཞལ་ཏ་པ་དང། ཟྀ་མོ་རྣམས། གཤིན་ཕྱག་དུ་འཚལ། དེའི།
(65) འོག་དུ་སུག་ལས་མྱི་ཕལ་ཕྱག་འཚལ༎ དེའི་རྗེས་ལ་དགུང་ཀ་ཕན་ཕུན་ན༎ དུང་ཐ་མ་བུས་ནའ།
(66) ཕྱག་ཆ་ཡ་ཡོ་སྲོང་ཞེས་བོད། ཕྱ་ཆ་ཡོ་བསྲང། དགུང་སངས་ན༎ ཞ་འབྲིང་པ་དང། ཕྱག་འཚལ་བའ་ཕྱི་ནང།
(67) རིམ་པ་བཞིན་དུ་གཤིན་ཕྱག་དུ་འཚལོ་འཚལ་ལོ་ དེ་ནས་ཕྲུ་སྩང་གསོལ་ཏེ། ཡམས་གཅིག༎ དཀར་མོ་མཇོལ་ཏེ།
(68) ཡམས་གཅྀག༎ སྤུ་མཚལ་གསོལ་ཏེ་ཡམས་གཅིག༎ གདན་ཅུང་གསོལ་ཏེ་ཡམས་གཅིག༎ གྲོ།
(69) སྐྱེམས་གསོལ་ཏེ་ཡམས་གཅིག༎ དེ་ནས་དྲོའི་ནར་མ་ལ་གཤེགས་ཏེ། ཕྱག་ཤོལ་དྲང། འོག་རེ་བཏིང།
(70) གདུགས་ཚོད་དྲང༎ ཡོགས་བདའ། འབྲུམ་བཞི་གསོལ། སྒོ་བཙས་སྩལད༎ ཐུགས་ཉེན་ཕྱག་ཙང་བྲོ་ག།
(71) སྤྱལ། སྩང་ནན་དང་པོ་མངན་ཆོས་སུ་གསོལ༎ སྩང་ནན་དབུ་མ་ལ། ཕ་བ་མ་མ་དང་ཡེ་རུ་འཕང།
(72) ཕམ་ཕབས་སྩལད༎ སྩང་ན་ཐ་མ་ལ་ཞེས་ཕམ་ཕབས་སྩལད༎ དགུན་སྐྱེམས་ཡམས་གཅིག།
(73) སྦྲང་སྐྱེམས་ཡམས་གཅིག། འབྲས་སྐྱེམས་ཡམས་གཅིག༎ ཁྲེ་ཡུ་ཡམས་གཅིག༎ འདྀ་རྣམས།
(74) གསོལ་ནས༎ ཕྲུ་སྩང་སྡེར་གྱུ་ནས། གསང་གིས་གདབ་བོ༎ དེ་ནས་གུང་སྐྱེམས་ཏང༎ ཉམ་པག་མ།
(75) འཆུགས་པར་བགྱིས་ཏེ༎ སྐམ་ཕྱག་དུ་འཚལ་ཏེ་གསོལོ་གསོལ་ལོ་ དེ་ནས་ནུབ་ཀྱི་གདན་ལ་གཤེགས་ཀྱང། དྲོའི།
(76) ཆོ་ག་དང་འདྲ་བར་གསོལོ་གསོལ་ལོ་ སྩང་སྡེར་གྱུ་ནས། གསང་གིས་གདབོ་གདབ་བོ་ དེ་ནས་གྲོ་སྐྱེམས་གཅིག་འབྲས།
(77) སྐྱེམས། ཡམས་གཉིས། སྐམ་ཕྱག་དུ་འཚལོ་འཚལ་ལོ་ དེ་ནས་སྨན་བོན་པོས་སྨན་དྲངས་ལགས་ནས། ཕངས།
(78) བོན་པོས་མ་པང་གསོལ། ཕྲུ་སྩང་གསོལ། སྐྱེམས་ཡམས་གསུམ་གསོལ༎ དེ་ནས་ཞལ་ཏ་པའི་རྣམས།
(79) ཀྱིས་གསོན་ཕྱག་དུ་བགྱིས་ཏེ༎ སོ་སོར་མཆྀ༎ དེ་ན་སྐུ་གཤེན་གྱིས་བརྣལ་ཀབ་གསོལོ་གསོལ་ལོ་ མ་པང་གསོལ་བ།
(80) ནི་དགུང་སླ་ངོ་རེ་ལན་རེ་མ་འཆུགས་པར་འཚལོ་འཚལ་ལོ་ གཏོར་མ་ཆེན་པོ་བགྱིས་པའི་འོག་དུ༎
(81) མན་ཏོག་ཤ་དུས་ཁུ་གྲགས༎ ཉ་ཏོག་ཚེས་ཏོག། གསོལློ་གསོལ་ལོ་ མདད་ཅེན་པོ་ནི་ཐོག་མ་གྲོངས་ངོག་དུ།
(82) གྱུར་ནས༎ ལོ་གསུམ་གྱི་དུ་དུས་ སུ་བགྱི་འཚལ་ཏེ༎ མཛད་པའི་ཚེ། ཟླ་བ་དང་སྐར་མར་སྦྱར་ཏེ༎ ཟླ་བ་ཡར་གྱྀ་མྱི་ངོ།
(83) མར་གྱི་མྱི་ངོ། གར་མཛད་ཀྱང་རུང་སྟེ༎ དགུན་སླ་འབྲིང་པོ་ལ། གོར་འཁྱགས་ཤིང་འཁྱགས་ཏེ། མདད་ཤིད།
(84) བཏང་ཡང་ཕན་མྱི་ཐོགས་སོ༎ དབྱར་སླ་འབྲིང་པོ་ལ། གོར་སྔོ་ཤིང་སྔོའི་དབལ་ཏེ་སྨན་མྱི་ཐོགསོ་ཐོགས་སོ་ སྟོན་སླ།
(85) ཐ་ཆུངས་ཚེས་ཉི་ཤུ་གསུམ་ཕན་ཆད་ཏང༎ དགུན་སླ་ར་བ་ཚེས་གསུམ་ཚུན་ཆད། ཞག་བཅུ་ལ་མདད།
(86) ཤིད་བཏང་ན༎ ནམ་གྱི་མཐའ་ལ་བབ་སྟེ། མདད་བཏང་ན། འདའས་པ་ལ་ཡང་མྱི་སྨན༎ སླད་མ་ལ་ཡང་དངོ་སྡིག།
(87) དུ་མཆྀའོ༎ གཤིན་ལ་གཏད་དུ་མྱི་རུང་བའི་སྤུ་ལ༎ རྟ་ནག་པོ་ལྷིང་ནག། རྟ་ཁྲ་བོ། གཡག་རོག་པོ་ཁམ་པ།
(88) མཛོ་ཁམ་པ་དང་སྟག་རེ་རུ་ཡུར༎ གཡག་དཀར་པོ་ཐལ་ཀར༎ འདི་རྣམས་གཡེན་དགུ་ལསྩོགས་ལས་སྩོགས་ ཏེ༎
(89) མངའ་དབང་སོ་སོ་ན་མཆིས་པས༎ གཏད་ཀྱང་མཆིར་མྱི་བཏུབ་སྟེ། མྱི་སྨན་ནོ༎ དུར་དུ་སྩལད་དུ་མྱི་རུང་བའ།
(90) ལ་གཅན་ཟན་གཅན་དུ་གྱུར་ཏེ་མྱི་རུང༎ རིང་སྒྲོམ་འཁོར་དུ་ཁར་བ་ཆུའི་རིགས་ཏེ་མྱི་གཞག༎ རྐང།
(91) འགྲོས་ཀྱི་རྣམས་ཀྱང། སྔ་སླད་ཁྲམ་བཏབ་སྟེ༎ མྱི་འཆུགས་པར་བགྱི༎ བཤན་ལུག་བརྩྀ་བ་ནི། སེ་གྲུ་བཞི་ལ།
(92) ལུག་བཞི༎ རྒྱལ་ཐག་བརྒྱད་ལ་ལུག་བཞི༎ འདི་རྣམས་ནྀ་གྲངས་ལ་མ་གཏོགསོ་གཏོགས་སོ་ སྐྱིབས་ཏང། མཚལ།
(93) མ་ནི་གྲངས་ལ་གཏོགསོ་གཏོགས་སོ་ སྤྱི་གྲོངས་ངོག་དུ་གྱུར་པ་ལ། ཐོག་མའི་འོན་ཀུང། ཐ་མའི་གཏང་ཁུང་ལསྩོགས་ལས་སྩོགས་
(94) ཏེ་ས་ལན་གསུམ་ལས་ཐུར་དུ་རྐོར་མྱི་རུང་ངོ༎ རྟ་གཡག་མན་ཆད་ཆེ་ཆུང། མ་འཆུགས་པར་གསོལ།
(95) གཏོར་མ་ཕྲ་མོ་ལ་ཐུགས། དབབ་མྱི་འཚལ་ཏེ། གཤེགས་རབས་ཙམ་བགྱི༎ རྐང་འགྲོས་མཇོལ་དུ་རུང་ངོ༎
(96) ཐུགས་དབབ་པ་དང། སྙུན་ཤན་གདབ་པ་ཡང༎ ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་སྟེ། འདི་ལས་མངས།
(97) ན་ཡང་དྲགས༎ ཉུངས་ན་ཡང་ཆད་དེ་མྱི་རུང་ངོ༎ མདད་ཆེན་པོའི་ཚེ་ཡང༎ ཆོ་ག་གཞན་ནི་གཏོར་མ།
(98) ཆེན་པོ་དང་འདྲའོ༎ ཐུགས་གླུད་ལུ་གུ་ལུག་ དཀར་པོ་གཅིག།
(99) གླ་སྒང་བཅུ་གསུམ། མདའ་རྒྱུད་ཆེ་ཐང་ལསྩོགས་ལས་སྩོགས་ ཏེ༎ ཡུལ་ལྷ་ཡུལ་བདག་ཏང། ཡབ་མྱེས་ཡུམ་ཕྱི།
(100) དང་ཡོགས་ཆེ་ཐང་སྟེ༎ བཏོལ་ཆེད་པོ་བས་ཤས་རེས་བསྐྱེད༎ ལྷོས་ཆེ་ཐང་སྟེ། རྟ་ཤུ་བོ་ཞུར་པོ་རྟིང་ཀར།
(101) དང། བ་སྐྱ་མོ་གཅིག་གིས་བསྐྱེད༎ མདད་ཤིད་རྒྱལ་གྱྀས་མངའ་ཐང་བཅད་དེ༎ གཏད་ཏུ་གནང་བའི་རྣམས།
(102) བདུད་གཅདོ་གཅད་དོ་ གཏང་དུ་སྩོལད་པ་ནི། ན་བཟ་སྐྱེམ་ཀོར་མཚོན་ཆ་སྣ་ཚོགས། བྱེས་ཆ་སྟ་སྤྱད། ཞུགས་ཆ།
(103) ཐུགས་རག་པོས་ཕུལ་བའ། དམྱིག་མངས། རོལ་མོ་ཆ། འཕྲལ་དུ་མ་མཆིས་སུ་མྱི་རུང་བའི་དཀོར།
(104) ཆ་སྣ་ཚོགས། ཕྱག་ཙང་སྐྱེམ་མལ་པའྀ་ཆ་རྐྱེན། དང། བཤོས་ཀྱི་ཕྱག་ཙང་གི་ཆ་རྐྱེན། ཞལ་ཟས་ཏང་སྐྱེམས།
(105) ལས་སྩོགས་ཏེ། ཡོ་བྱད་དུ་འཚལ་བའི་ཆ་རྐྱེན། རིལ་གཏང་དུ་མཆི་འོ༎ རྒྱལ་གྱིས་ཐང་བཅད་དེ་ཁྲམ།
(106) གཉིས་བགྱིས་ཏེ༎ གཅིག་ནི་ཞ་འབྲིང་རྗེ་བོ་ཐང་ཆེན་པོ་ལ་གཏད༎ ཁྲམ་གཅིག་ནི་སྐྱིབས་ལུག་ལ།
(107) གཏད༎ སྐྱིབས་ལུག་གྀ་སྤུ་ནི། གྲོ་གར་དཔུང་མར་རུ་བྱར་གྱིས་བགྱི༎ རྒྱན་ནྀ་རྭ་གཡས་པ།
(108) གསེར་གྱི་ཁྲིན་བས་བསྐྲི༎ རྭ་གཡོན་པ་དངུལ་གྱི་ཁྲིན་བས་བསྐྲི༎ སྒྱིན་མ་གཡུ་ལ་བགྱི་རྨིག་པ།
(109) ལྕགས་ལ་བགྱིས་ཏེ་བརྒྱན་ནོ༎ གཡག་གི་ཆོ་ག་ནི་བཏོལ་ཆེན་པོ་དང་འདྲ་བར་མཛདོ་མཛད་དོ་ སླད་དྲོ་རྒྱལ་གྱྀས།
(110) མངའ་ཐང་བཅད་ནས༎ རྒྱལ་ལ་ཡང་གཏང་ཕུད་དབུལ༎ སྐུ་གཤེན་ཕངས་བོན་པོ་རྣམས་ཀྱིས་ཀྱང། གཏང་དུ་སྩོལད།
(111) པའི་རྣམས། སྤད་དེ་བདུད་བཅད་ནས། སྐུ་གཤེན་གཤོག་ཐབས་སྩལྟོ་སྩལད་ཏོ་ དགོངས་ཀྱྀ་གདན་ལ་གཤེགས་ནི་ནར།
(112) མ་དང་འདྲ་བར་གསོལ༎ གདུགས་ཟར་ཟེར་ན་སྐུ་གཤེན་རྣམས་ཀྱང་གསས་བཟུ་སྟེ༎ ཕངས་བོན་པོ་ཡང། དབོན།
(113) ལོབ་ཏང། མནབས་སྒྱེ་དང། གུར་དང། མཚར་ལྕམ་སྐྱོ་མ་ཉམ་པག་རྣམས་གསོལ་ཞིང་མཆྀ༎ མཇོལ་བོན་པོ་ཕལ།
(114) རྣམས་ཀྱང། ཆིབས་ཏང། མཛོ་བང་སྒལ་དང། ལྕམ་མཛོ་དང། ཞེས་ལསྩོགས་ལས་སྩོགས་ པ་ལ་གྱེར་དུ་མཆི༎ བོན་པོ།
(115) བསོགས་ཏང༎ འོར་གྱེར་ལ་སྩོགས་ཏེ༎ པྲ་ཕུད་འདྲེན་བའི། རྣམས་ཀྱང་གཡེན་གཅགས་ཏང། འགབ་སྲི་ལ།
(116) གྱེར༎ དུང་དང་པོ་བུས་ཏེ་ཐོ་རས་སློང་ན། སྐྱིབས་ཏང། སེ་ཆོང་ཡང་གཏད་ལགས། ཆིབས་ཀྱང་ཕྱག་མདའ།
(117) བཀུམ་ནས། ཁོ་རེ་མོ་བགྱིས་ལགས། འོར་གྱེར་གྱིས་ཀྱང། གཏར་ལྕགས་ལགས་པར་བགྱིས་ལ༎ སེ་གྲུ།
(118) བཞིའི་ནུབ་ཕྱོགས་ཀྱི་འབྲུམ་ཕྱེ་ལ། སེའི་གོང་དུ་དབྱམ་ཕྱིང་ཁྲ་བོ་བཏིང་ལ༎ སྐྱིབས་ལུག་འདིར་དྲངས། ཞལ།
(119) དང་ཆིབས་དྲངས་ཏེ་ཤུལ་བསྟན་ནས༎ ཐོག་མ་ཞལ་གྱི་དྲངས། དེའི་འོག་དུ་ཡེ་རུ་འཕང། དེའི་འོག་དུ་དོ་མ་དང།
(120) སྣམ་རྟས་བརྟན། ཆེན་ཏགས་ཀྱི་རྣམས། ཀྱི་སྣ་ལ། བང་སྒལ། ལྕམ་མཛོ། མཐའ་མ་གཡག་དོ་མས།
(121) བརྟན་ཏོ༎ དེ་ནས་དགུང་ཀ་ཕན་ཕུན་ན། ལུག་ཀྱང་ལ་བཟལ། རྟ་ཡང་ཡི་གཅད༎ ནས་སླར་སེ་སར་དངརོ་དངར་རོ་
(122) དེ་ནས་གདུགས་ཤར་བགབ་ན་གདན་ཅུང་གསོལ༎ ལགས་པར་བགྱིས༎ བགྱིས་ནས་སོར་གཤེགསྟེ་གཤེགས་ཏེ་
(123) གཤེགས་ཀྱི་རིམ་པ་ལ། ཐོག་མལ་ཡག་པ་བཞི། དེའི་འོག་དུ་ཕྱག་ཆ་མདུང་པ། དེའི་འོག་དུ་ཕྱག་ཆ་དགྲ་སྟ།
(124) པ། དེའི་འོག་དུ་གཤེན། དེའི་འོག་དུ་ཟོ་རིག། དེའི་འོག་དུ་ནམ་ཀ། དེའི་འོ་འོག་ དུ་སྨྲ་ཞལ། དེའི་འོག་དུ།
(125) ཞལ་དང་སྐུ་རྟེན། མནབས་སྒྱེ་ནྀ་ཐུགས་ཀྱི་སྔོན་ཟུར་གཡས་གཡོས། ཞལ་གྱི་འོག་དུ་ཐུགས་གུར།
(126) དེའི་འོག་དུ་རིང་གུར༎ དེའི་འོག་དུ་དབོན་ལོབ། དེའི་འོག་དུ་ཞ་འབྲིང་ནང་པའ། དེའི་འོག་དུ་ཟྀ་མོ།
(127) དེའི་འོག་དུ་རྐྱ་རོལ༎ ཐུགས་ཀྱི་གཡས་དངར་ཏེ་མཆི་བའ༎ ཚར་གཡས་གཡོས་འདྲ་སྟེ།
(128) ཡེ་རུར་འཕང། ཕང་སྒ་ཆེ་ཆུང། དེའི་འོག་དུ་དོ་མ་ཆེ་ཆུང། དེའི་འོག་དུ་སྣམ་རྟ་ཆེ་ཆུང། ཕང་སྒ།
(129) པ་རྣམས། དེའི་འོག་དུ་གཉེན་འོ་བྱམ་ཀྱི་སྲིས། དེའི་འོག་དུ་རྒྱལ་ཐན་ཆགས་ཀྱི་དཀོར། དེའི།
(130) འོག་དུ། རྟ་རྒྱན་ཅན། དེའི་འོག་དུ་རོལ་བཟངས་ཕལ༎ འྀའདི་འི་འདི་ རྣམས་ཀྱི་སྣ་ལ་སྐུ་གཤེན་རེ་རེས། དྲངོ་དྲང་ངོ་
(131) ཚར་གཡས་གཡོས་སྐུ་གཤེན་རེ་རེས་ཏེ༎ མཛོ་བང་སྒལ། ལྕམ་མཛོ། དེའི་འོག་དུ། སྐུ་གཤེན་རེ་རེས།
(132) སྣ་དྲངས་ཏེ་ཞེས་མཆི༎ སྐུ་གཤེན་གཅིག་གིས། དཀར་མོའི་སྣ་དྲངསྟེ་དྲངས་སྟེ་ རྐྱ་རོལ་གྱི་མཇུག་ལ་མཆི།
(133) སྐུ་གཤེན་གཅིག་གིས། ཆེན་ཏགས་ཀྱི་སྣ་དྲངས་ཏེ་དཀར་མོའི་མཇུག་ལ་མཆི༎ ཆིབས་ཀྱི་གཡས།
(134) གཡོས་སུ་རྟ་གྲབ་པ་མཆྀའོ༎ དེ་ནས་གཏང་ཀར་གཤེགས་ནས༎ ཐུགས་གུར་རྒྱལ་སྒོའི་གོང།
(135) གངས་བུར་གཤེག་སྟེ་གཤེགས་ཏེ་ དགུང་བཅུ་གཅིག་བཅུ་གསུམ། བཅུ་བདུ་བདུན། བཅུ་དགུ། སྐར་མ་གར་བཟང།
(136) བ་དང་སྦྱར་ཏེ༎ ཐུགས་བུ་ཅུང་ཕབ་ནས། ཐུགས་གུར་གྱྀ་སྟེང་ནས། ཕུབ་ཙམ་གཅིག་བཅདེ་བཅད་དེ་ བང་སོའི།
(137) ཐུགས་ཀང་དུ་གཞགོ་བཞག་གོ་ གཞའ་རིང་ཐུང་གྀ་ཕངས་ཆ། བང་སོའི་སྟེང་དུ་དྲངས་ནས། ཕུད།
(138) བྲམས་ཏེ། མནབས་སྐྱེར་སྩལ། ཤས་ཏང་སྐྱིབས་ཏང། མཚལ་མར་གྱི་བྲེང་ཡང་གཏང་ཏུ་སྩལྟོ་སྩལད་ཏོ་ གཏང།
(139) དུ་གཤེགས་ནས༎ སྐུ་གཤེན་གསུམ་གྱྀས༎ གཏང་བྱད་དཀོལ་ལོ༎ དེ་ནས་ཆིབས་སྤོས་པའི་རྣམས།
(140) མགྱོགས་གཡུ་སྒས་སྟོདེ་སྟོད་དེ་ དུར་དཀྱུས་བསྒྲལྟོ་བསྒྲལད་ཏོ་ ཞང་ལོན་ཞིག་མདོ་སྨད་ན་ཉམ་ནོངས་ལགས།
(141) པར་བཏང་ནའ༎ ཕངས་ཆ་རྀ་གང་དུ་གཤེགས་ཀར་གསོལ། རི་གང་དུ་གཤེགས་ནས། སྐུ་གཤེན་ཁ།
(142) གཙང་གཅིག་གིས༎ ཕྲུ་སྩང་དང་དཀར་མོ་དང། ཆེན་ཏགས་གྱི་རྣམས། ཞལ་བུའི་གཏང་རག་དུ།
(143) བསྒྱུར་ཏེ་གསོལ༎ མོ་བཙུན་ཞིག་གྲོངས་ངོག་དུ་གྱུར་ན༎ ཆོ་[?]གཞན་ནི་འདྲའ༎ སྐུ་རྟེན་གྱྀ།
(144) མདའ། མོང་རིངསུ་རིངས་སུ་ བསྒྱུར། ཐུགས་ཀྱི་ལུ་གུ་ལུག་ མོ་དང་བྱ་མོར་བསྒྱུར། གཡག་འབྲིར་སྒྱུར།
(145) མྱི་ཕོ་རྣལ་དང་དཀར་མོ་འདྲ་སྟེ། སྦྱོར་བས་གར་བདེ་བར་བསོ༎ སེ་ནས་བང་སོར་གཤེག་ཀར་རྟེའུ།
(146) གཡག་ཀྱང་དཔྲལ་སྤྲདོ་སྤྲད་དོ་ ༔། སྔོམ་དགེ་དཔལ་གྱིས་བྲིས༎
(147) ༄༅། ༔། མཆེན་དམར་གཏང་བ་འི་རབས་ལ༎
(148) ཡུར་ཤང་པོ་ཕྲེའུ་ལུང་གི་ནང་ན། མྱི་དཔུང་མེང་ཤི་འགི་དགེདཔལ་དགེ་དཔལ་ ལགས༎