OTDO
Old Tibetan Documents Online

Pt_1051

Pelliot tibétain 1051
    photo
1. Content : Divination probably with dice.
2. Note : Scroll. The beginning and the end are missing. Recto, 73 lines. Verso, 4 lines of writing exercise which are not included in this edition.
3. References :
Choix II (pls. 350-352, notice 12).
Lalou (1939-1961: II, 45) [P.Translit.],Macdonald (1971: 295-297),Yamaguchi (1987-1988: vol.1, 177-179) [P.trans.].

Transliteration   (Change the Display Format)

(1) དགྲ་ཕྱ་ལ་བཏབ་ན་དགྲ་མ་མཆིས༎ དོན་ཕྱ་ལ་བཏན་ན་ཅི་གཉེར་བ་གྲུབས་པར་མཆི༎ འདྲོན་པོ་ཞིག་དགའ་བའི་གཏམ་འོང་ངོ༎
(2) ནད་པ་ལ་བཏབ་ན་མྱུར་སོས། གསོལ་བ་ལ་བཏབ་ན་མྱུར་ད་དུ་ གནང༎ གདོན་ལན་མ་མཆིས་ཏེ་མོ་བཟང་ངོ༎ ༔། ༔༎
(3) ༄༅༎ ༔། ༔༎ མུ་སྨན་ནྀ་ཞལ་ན་རེ༎ ལྷ་རྀ་ནི་བྱང་རི་གཉིས༎ གཉྀ་ག་ནྀ་གཟེད་གི་རི༎ སྨན་རི་ནྀ་གཙུག་སྡིངས༎ ལས༎ མགྲིན་ཕྲན་
(4) ནྀ་རྩེ་འཇོས་ཤིང༎ གཟེད་པོ་ནྀ་སྟོང་སྒོ་རུ༎ མུ་སྨན་ནྀ་ཆབ་ལ་གཤེགས༎ གཟོད་པོ་ནྀ་གསོལ་པ་ལ༎ ཤ་འབྲི་ནྀ་གཅིག་གནང་ན༎ སྨན་
(5) དག་ནྀ་གང་ལས་གནང༎ ད་དུང་ནྀ་ལན་མ་ཐོབ༎ ཡ་རུས་ནྀ་ལྷ་མཆོད་ལ༎ མར་དུ་ནི་སྲི་གནོན་ཅིག༎ འདི་ནྀ་ཇེའུ་གནམ་སྨན་མྱྀ་དམྱིས་པའྀ་
(6) མོ་ལ་བབ་སྟེ༎ སྔ་ན་སྨན་ཆེན་པོ་ཞིག་གིས་སྲུང་སྲུང་བ་ལས། མྱི་ཁྱོད་ལ་བདག་གིས་ངན་པའྀ་བགེགས་ཆེད་པོ་ཞིག་བྱས་ཏེ༎
(7) སྨན་དང་ལྷ་མྱྀ་དགྱེས་སྟེ༎ འདྲི་ཡུལ་གདོན་ནམ་ཡུལ་གང་ཡང་མ་ཤེགས་པ་ཅིག་དུ་ཞུགས་ཏེ༎ ད་དུང་ཁྱེར་ཏེ་ཐོབ་པ་ནྀ་
(8) མ་ཡིན༎ མོ་ཕྱ་དག་གདམ་ཅིང་བོན་བྱས་ནི་[བགེགས(/བགྲེགས)]བརྩལ་ཏེ། སྨན་དང་ལྷ་དཔལ་མཆོད་ན་བཟང་ངོ༎ དེ་ལྟར་མ་བྱས་
(9) ན་མོ་ངན་ནོ༎ མོ་འདྀ་གཞན་ལ་ངན༎ རི་དགས་ཤོར་ནབ་དང་དོར་གཉེར་བ་དང། གཉེན་བྱ་བ་ལ་བཏབ་ན་གྲུབ་སྟེ་བཟང་རབ་
(10) བོ༎
(11) ༄༅༎ ༔། ༔༎ མཚོ་རོ་ནྀ་གཡུ་ཡུལ་ན༎ གཡུ་བཟང་ནྀ་ལྕང་ཏོག་ན། གཡུ་བྱེའུ་ནྀ་བཀའ་རྩེས་པ། བཀའ་སྩལ་ནྀ་བཟང་དགུར་
(12) སྙན༎ དེང་ཐོས་དག་སྐྱིད་པའྀ་ལྟས། མོ་འདི་སྡུག་ཅིང་ཕོང་པ་དང༎ ནད་དང་དགྲས་ཐེབས་པ་ལ་ས་ལས་ ལེགས་པའི་ནང་དུ་ཐར་ཏོ༎
(13) ནད་ཀྱང་སོས། སླན་ཅད་དགྲས་བཏབ་ན་ཡང་ནད་དུ་མྱི་འགྱུར་རོ༎ དེ་སྟེ་མ་ཡིན་ན༎ སྔན་ཅད་ཕོངས་ཤིང་དབའ་བ་ལ་
(14) འདུག་འདུག་པ་ལས༎ ལས་ཐབས་མཐོན་པོར་ཕྱིན་པ་འམ༎ དཔོན་པོ་འམ་བླ་མར་ཆུད་པའྀ་ལྷ་སྟེ༎ གདོན་གཉེར་ན་
(15) གྲུབ་བོ༎ གསོལ་བ་ལ་བཏབ་ན་ཡིད་ལས་སམ་བ་བཞིན་དུ་གནང༎ འདྲོན་པོ་ལ་བཏབ་ན་ཉེ་དྲུང་འམ་ཞིག་ནོར་གྲོགས་ཆེད་པོ་
(16) ཞིག་དང་གཏམ་བསྙན་པ་འོང་པར་ལྟ། ལྷ་ཡུལ་ས་དང་སྨན་ཞིག་འཆོས་ཤིང་སྟོན་གིས། ལྷ་མཆོད་ཅིག། ཕྱུགས་ཀྱི་
(17) གཡང་ཞིག་འོང་གིས༎ ཕྱུགས་ལྷ་དང་ཁ་རྗེ་དག་གསོལ་ཏེ་དུས་དུས་བསྐྱབ་ཅིང་བོས་ཤྀག༎ གཙང་ཆབ་དང་བགེགས་སྩོལ་
(18) ཅིག་མོ་བཟང་ངོ༎
(19) ༄༅༎ ༔། ༔༎ ཀྱེ་ལྷ་ཡུལ་༌ནི[*ni] གཉན་གཡུལ་དུ༎ གཤེགས་སུ་ནྀ་དགྱེས་པ་སྟེ༎ ས་སྲིན་ནྀ་དུན་འཕྱམ་གྀས། ཤུལ་གིས་ནྀ་མདོ་བཅད་
(20) པས༎ སྡིག་དགུ་ནྀ་སྔོན་དགུ་རུ༎ སྐུ་འྀ་ནི་བལ་ཁྲྀད་པས༎ ཕྱྭ་བྲོས་ནྀ་གཡང་མཉམ་ཏེ། ཉམས་ཆུང་ནྀ་དབུགས་རེ་ཕྲ༎ འདྀ་ནི་འདྲེ་མ་ཧ་
(21) འི་མོ་ལ་བབ་སྟེ༎ ང་ཅིས་ཀྱང་མ་འདྲངས༎ ཅི་ཐུང་ཀྱང་མ་ངོམས་ཀྱིས༎ ད་ནྀ་ཁྱོད་དང་ཕྲད་པས༎ ཤོར་སྙོམས་མ་བསེམས་ཤིག༎ ཁྱོད་
(22) ཀྱང་གནམ་ལ་ནི་ལོ་ཟད༎ ས་ལ་ནྀ་ཞག་ཟད༎ མྱི་ཁྱོད་བདག་ལྟོ་གང་གི་ཟོ༎ རྒྱབ་གང་གྀ་གྱོན་ཅིག༎ ཅེས་ཟེར་ནས༎ གདོན་
(23) ཆེད་པོས་བཅལ་ཁྱར་བ་དང་འདྲ་སྟེ༎ མྱྀ་བཟང༎ དོ་ཅིག་ཙམ་ལ་རིང་ན་ལོ་དུས་ཙམ་ཐོགས་ན། གནང་བ་ཆེ་སྟེ༎ དེར་ཡང་མྱི་
(24) ཐོགས་ཏེ༎ མ་མོ་ ངན་རབ་བོ༎ གཏན་གྀ་སྲིད་ཕྱྭ་ལ་ཡང་འདི་ལས་ངན་བ་མྱེད༎ ནད་པ་ལ་བཏབ་ན་ཡང་ངན་ནོ༎ གསོལ་བ་དང་འདྲོར་
(25) པོ་དང་དོན་ཕྱ་ལ་བསྩོགས་པ་ལ་ཡང་འདྀ་ལས་ངན་པ་མྱེད༎ མོ་འདི་བྱུང་ན་ཆོ་ག་དང་རིམ་གྲོ་བྱོས་ཤིག༎
(26) ༄༅༎ ༔། ༔༎ ཀྱེ་གསེར་ཡངས་༌ནི[*ni] ངོ་བཟང་ལ༎ གཡུ་འྀ་ནི་ཤ་སྨད་འབྲིམ། འཕྲུལ་ཀྱི་ནྀ་ལིང་ལས་བཟང། བདམ་ནི་འོག་དུ་བསྩལ༎
(27) དགྱེ་མགྱོགས་ནྀ་ཕྲར་ཞིང་འཕྱོ༎ གཡར་ན་ནྀ་ཚེ་འཚལ་བ་སྐུ་བླ་ནྀ་གཉན་མྱི་བཀྱོན༎ འདི་ནྀ་ཐེབ་ལ་ཉེན་གི་མོ་ལ་བབ་སྟེ༎
(28) ཁྱོད་ཀྱིས་མོ་འདྀ་གཉེ་དྲུང་བཟང་དང་ཕྲད་ནས་སྙིང་དགའ་བ་དང་འདྲ་སྟེ༎ མ་མོ་ འདི་ཇི་ལ་བཏབ་ཀྱང་མཆོག་དུ་བཟང༎ དོན་
(29) གཉེར་ན་ནོར་བཟང་པོ་དང་ཕྲད་དེ༎ བདག་འདོད་པའྀ་རྣམས་གྲུབ་ཤིང་ཐོབ་པ་ལྟ༎ གཉན་བྱ་ན་ཡང་གཉེན་དང་བྱན་མོ་བཟང་
(30) མོ་ཕན་ཐོགས་པ་རྙད་ཅིང༎ སྲིད་ཐོབ་བར་འོང་འོ༎ ནད་མྱེད། སྨན་དང་ལྷ་ཡུལ་ས་དང་དགྲ་བླ་འཆེས་པ་ཞིག་ཡོད་གྱིས།
(31) མཆོད་ཅིག། མོ་བཟང་རབ་བོ༎
(32) ༄༅༎ ༔། ༔༎ ཀྱེ་བ་རབ་དག་གསེར་བཟང་ན༎ [གསེར?]གྱྀ་ནི་ཆབ་འབྲོག་སྟེ༎ ཆབ་འབྲུག་དག་དཀའ་ཏེ་དགུ༎
(33) བཀའ་དགུ་དག་ཡན་པ་ལ༎ ཁྱི་གཤེགས་ནྀ་སྟོང་ཡང་འཕྱོ༎ ད་ཡང་ནྀ་སྐྱིད་གསུཾ་ལྟས༎ འདྀ་ནི་འདས་ལ་
(34) ཡན་གྀ་མོ་ལ་བབ་སྟེ༎ མྱི་ཁྱོད་ཀྱིས་སྙིང་ལ་བསམ་བོ་མོ་ མཆོག་ཀྱང་གྲུབས༎ བྱ་དགུ་ཀྱང་རུང༎
(35) གཉེན་བྱ་ཡང་ཕན་ཐོགས༎ སྲིད་མཐོ༎ ལས་ཞིག་བཙལ་ན་གོང་འཕང་མཐོན་པོ་ཞིག་དུ་ཕྱིན༎
(36) དགའ་ཞིང་སྡུག་པ་ཞྀག་དང་འམྱུར་དུ་ཕྲད་དེ༎ སྙིང་དགའ༎ དོན་ཞིག་གཉེར་ན་བསམ་བ་བཞིན་གྲུབ་སྟེ༎
(37) བཟང་རབ་བོ༎
(38) ༄༅༎ ༔། ༔༎ བྱང་རྀ་ནི་ཕང་བུང་ལ༎ དགོས་ཀྱྀས་ནྀ་ཁོངས་བསྐྱོས་ན༎ གསེར་ཀྱིས་ནྀ་སྦྲམ་དང་འཛལ༎
(39) རོམ་པོ་ནི་རྗ་ར་ན༎ གོར་ལ་ནྀ་བཅོད་བཏབ་ན༎ ནུ་མྱེན་ནི་འཕྲ་ཞིག་རྙེད༎ གསར་ལ་ནི་གཡུས་སྤྲས་ཞིང༎
(40) བཟང་མཐའ་ནི་ལྷོ་འི་དཀོར༎ མྱི་སྤྱད་ནྀ་ཕང་སུ་བགྱིས༎ འདྀ་ནི་སྨན་བེ་ཀོག་གྀ་མོན་གྀ་མོ་ལ་བབ་སྟེ༎
(41) མྱི་ཁྱོད་བདག་སྙིང་ཀར་བསམས་པ་བཞིན་དུ་འོང་ངོ༎ དོན་ཞིག་གཉེར་ན་ནོར་བཟང་པོ༎ ཞིག་རྙེད་པ་དང བཙལ་བ་དང༎ ཙུང་ཟད་དཀའ་སྟེ༎
(42) སྤྱིར་གྲུབ་པར་མཚི་མཆི་ གཉེན་ཞིག་གཉེར་ན་ཐོག་མ་བགེགས་བཅས་དཀའ་བ་ལ༎ ཕྱྀ་བསམས་བཞིན་འོང་ཏེ་བཟང་ངོ་
(43) ལས་བཟང་བཙལ་བ་དང༎ གསོལ་བ་བྱ་ན་ཡང་བཟང་རབ། སྔར་ཕྱིད་ལ་ཆེ་ན་ཡང་བཟང་ཞིང་མཐོན་པོར་ཞིག་རྙེད་དེ།
(44) གཞན་ཅི་ལ་བཏབ་ན་ཡང་བཟང་ངོ༎
(45) ༄༅༎ ༔། ༔༎ ཀྱེ་ཀྱུང་ལུང་ནྀ་རྔུང་མཁར་ན༎ རྡུལ་བྱེའུ་ནྀ་དཀར་ཡན་པ༎ ཛུལ་བྱེའུ་༌ནི[*ni] གཤོགས་རེ་དག༎ དགུང་སྔོ་ནྀ་མཐོ་
(46) ལ་གཤེགས། གཤེགས་གྀ་ནྀ་ཤུལ་ཡོག་སུ༎ འབྲས་དྲུག་ནྀ་ཚོ་མདམས་ཤིང༎ གསོལ་ཅིང་ནྀ་སྐུ་འི་ཚེ༎ རེ་སྐྱེད་ནི་
(47) རྫུལ་གྱི་བྱེའུ༎ འདི་ནྀ་འབོག་ཨ་པ་གནམ་གྱི་ཞིང་གི་མོ་ལ་བབ་སྟེ༎ མྱྀ་ཁྱོད་ཀྱི་མོ་འདི་ནྀ་ལྷ་དཔལ་ནྀ་དབྱར་གྱྀ་ལྷུམ་
(48) [---]བཞིན་དུ་སྐྱེ༎ འདྲེ་དང་བྱུར་ནྀ་དཔྱིད་ཀྱི་ཁ་བ་ལྟར་ཞུ་ཏེ༎ ལྷ་དཔལ་སྐྱབས་དགྲ་བླ་ནྀ་གཉན༎ དཔལ་བྱིན་པོ་ཆེས་
(49) [-]bs པས༎ བཟང་ངོ༎ སྲོག་ཕྱ་དང་དགྲ་ཕྱ་ལ་བཏབ་ན་བཟང་རབ༎ ལམ་རིང་པོར་མྱི་ཞིག་དགའ་བའྀ་གཏམ་
(50) དང་ནོར་ཞིག་དང་མྱུར་དུ་འོང༎ འཛྀགས་པ་དང་བག་ཚ་བ་ཅི་ཡང་མྱི་འོང་ཏེ༎ ལྷ་དཔལ་བཟང་པོ་ཆེས་ཞིག་ཡོད་
(51) གྱིས༎ རིམ་གྲོ་དང་ཆོ་ག་མ་ནོར་པར་གྱིས་དང༎ མོ་བཟང་རབ་བོ༎
(52) ༄༅༎ དྲུ་གུ་ནྀ་ཁྲྀ་ནང་ཞིག༎ མ་བཙལ་ནྀ་མཙིད་མཚལ་བུ༎ གློ་བ་ནྀ་གཡར་མྱྀ་བཟོ༎
(53) སྣང་ཙན་ནྀ་ཞ་བོ་ཞིག༎ ཆབ་ལ་ནི་ཁང་དབུབ་དུ༎ གདུང་ཕྱམ་ནྀ་ཁྱོད་མྱི་སྙོམས༎ ཐེའུ་ཤན་ནྀ་གཉན་གོང་དུ༎
(54) རྟ་དང་ནྀ་རྐྱང་འདྲེས་ན༎ མང་ཞག་ནྀ་གང་ལ་གདབ༎ སྤང་སྣར་ནྀ་གཡང་གོང་ན༎ གཡང་མོ་ནི་
(55) དཀར་དཀྲམ་བ༎ ཚོན་པོ་ནི་གང་ལ་བདམ༎ འདྀ་ནི་སྨན་ཡུང་མོ་ཆེ་འི་མུན་གྀ་མོ་ལ་བབ་སྟེ༎
(56) མྱི[my]i ཁྱོད་སྙིང་གཉིས་དང་ཐེ་ཙོམ་ཟ་བ་ཞིག་སྟེ༎ གར་བྱ་ན་ལེགས་ཀྱི་ཆ་མྱེད་ན༎ དོན་གཏམ་མྱེད་ཅིང་མ་གྲུབ༎
(57) སྟེ༎ ཕྱི་དལ་ཡོད་གིས་དོན་མྱི་གྲུབ་ཐོང་ཤིག༎ མོ་འདི་ཇི་ལ་བཏབ་ཀྱང་ཕྱི་དལ་ཡོད་ཀྱིས་མྱི་བཟང༎ དགྲ་ཕྱ་དང་
(58) སྲོག་ཕྱ་དང། སྲིད་ཕྱ་དང་ནད་པ་ལ་བཏབ་ན༎ བཟང་ངོ༎
(59) ༄༅༎ སྒང་ཀ་ནྀ་ཡ་བྱ་ལ༎ བཅུ་རུ་ནྀ་ཕན་པོ་སྐྱེས༎ རི་སྐྱི་ནྀ་བདུན་གིས་བསྐོར༎ མྱི་ཤོར་ནི་
(60) དམ་ཀོར་ལྟར༎ སྨན་དག་ནྀ་དགེའུ་ཅིག་མ༎ རྔོན་པ་ནི་གཅིག་ཀྱིས་སྐྱོར༎ བསྐོར་ཅིང་ནི་ཇི་རུ་མཆིས༎
(61) མོ་འདི་ནྀ་སྨན་རྒོད་ད་ཆེན་གི་འི་མོ་ལ་བཏབ་སྟེ༎ མྱི་ཁྱོད་ལ་ཡུལ་གདོན་དང༎ ཕོ་སྲིད་ཟ་འམ༎ མ་ལེགས་པ་དང༎
(62) མཆི་བར་འོང་ངོ༎ གདོན་འདི་ལྟར་ཟ་བས་སེམས་ཀྱང་ཁྱུགས་ཕྱྭ་དང་བྲོས་ཤིང་འདུག་སྟེ༎ བག་གྱིས་ཤིག༎
(63) ནད་པ་ལ་བཏབ་ན་ངན་རབ་སྟེ་མཆི་འོ༎ ཕར་དགྲ་བྱ་ཞིང་རྒོལ་ན་བཟང༎ ཆུར་དགྲ་ཕྱ་ལ་བཏབ་ན་ངན་གྱིས་
(64) བག་གྱིས་ཤིག༎ དགྲ་རྔོ་བྲུགས་ལ་དགྲ་+ལ་ བླ་རྗེད་ཅིག༎
(65) ༄༅༎ སྐར་རྗེས་ནྀ་སྨྱིན་དྲུག་ལ༎ གཟའ་བདུན་ནི་ཡས་ནས་འདུས༎ རྒྱ་རྒྱུ་ སྐར་ནི་ཁྲུན་དང་རྗེས༎
(66) གཟའ་བདུན་ནྀ་ཡར་ན་བརླག༎ སྨྱིན་དྲུག་ནྀ་ལྡེམ་སུ་ཤོར༎ འདི་ནྀ་ལྷ་བ་སྟང་མའི་མོ་ལ་བབ་སྟེ༎
(67) སྔར་ཉོན་མོངས་ཕོངས་པ་ལས༎ སླད་གིས་ལེགས་ཤིང་བཟང་པོ་དང་ཕྲད་པ་དང་འདྲེ་འདྲ་ སྟེ༎ བཟང༎ ནད་
(68) དམ༎ དགྲ་ཕྱ་ལ་བཏབ་པ་ཞིག་ན་ཡེན་འདྲོག་ལ་སྟེ༎ མཆོག་དུ་བཟང༎ འདྲོན་པོ་ལ་བཏབ་
(69) ན་མཆོག་དུ་བཟང་སྟེ་མྱུར་དུ་འོང་ཏེ༎ མོ་བཟང་ངོ༎
(70) ༄༅༎ ཀྱེ་ལྷ་རེ་རི་ ནྀ་བྱང་རི་ལ༎ མུ་སྨན་ནྀ་གཉན་གཉན་རོ༎ དཀའ་སྙན་ན་གསེར་གྱིས་དྲིལ༎ རྀ་བན་
(71) ནྀ་གཡུ་འི་རྀས༎ གཡུ་རྀ་ནི་སུམ་ཟུར་ལ༎ མུ་སྨན་ནྀ་གཉན་བཞུགས་པ༎ སྐྱིད་པའི་ནི་ཡ་བཙན་ཅན༎
(72) སྐྱེས་པའི་ནྀ་ལོ་འདས་གིས༎ ཟེད་པོས་ནྀ་ཁུས་མྱི་གདབ༎ འདི་ནྀ་དགྲོས་སྤངས་[-]e'u ཆུང་གི་མོ་ལ་བབ་སྟེ༎
(73) དགའ་བའི་དོན་གྲུབས༎ མདོད་པའི་ནོར་རྙེད༎ འདྲོན་པོ་ཞིག་ཀྱང་མྱུར་དུ་འོང༎ ནད་པ་ལ་བཏབ་ན་མྱུར་