1. Content : Divination with coins.
2. Note : Scroll. The beginning is missing. Recto, 94 lines. Verso, blank. Originally a single document which is divided into two parts: IOL Tib J 744 and Pelliot tibetáin 1055. The text continues from Pelliot tibetáin 1055 to IOL Tib J 744.
3. References :
Choix II (pls. 353-354).
Lalou (1939-1961: II, 46) [P.Translit.], Yamaguchi (1985: 533-534 [P.Trans.], Yamaguchi (1987: 174-175) [P.Trans.], Wang Yao and Chen Jian (1987: 134-148) [I.Translit.,I.Trans.].
(1) བ་ལ་བཏབ་ན་དོན་མྱི་འགྲུབ༎ དགྲ་པྱ་ལ་
(2) བཏབ་ན་དགྲས་མྱི་ཚུགས༎ འཕོ་སྐྱས་བྱ་
(3) ན་ངན༎ འདྲོན་པོ་ལ་བཏབ་ན་ཉེ་ཞོ་མྱེད་དེ་
(4) རེ་ཤིག་མྱི་འོང༎ མོ་གཞི། ༔་།
(5) ༄༅༎ དོང་ཙེ་བཞྀ་གན་ཏེ་གཞན་བུབ་ན། ཆུ་འི་
(6) ངོ་བྱུང་སྟེ༎ ལུས་ལ་གདོན་མྱེད༎ ཁྱིམ་
(7) པྱ་དང་སྲོག་པྱ་ལ་བཏབ་ན་བཟང༎ སྙིང་ལ་
(8) འཚེར་བ་ཡོད་ཀྱང་ཉེས་པ་མྱི་འབྱུང༎ བྱ་འོ་
(9) ཅོག་གྲུབ༎ གཉེན་བྱ་ན་བུ་ཙ་གཞིན༎ ཁང་
(10) ཁྱིམ་བྱ་ན་ཁ་དྲོ༎ ནད་པ་ལ་བཏབ་ན་སོས་
(11) པའི་ངོ༎ གདོན་པྱ་ལ་བཏབ་ན། དྲྀ་མོ་དང་
(12) ཐབ་རྒོད་ཆེ༎ དོན་གཉེར་ན་གྲུབ༎ དགྲ་པྱ་ལ་
(13) བཏབ་ན། དགྲ་མྱེད༎ བོར་རླག་བྱུང་ན་རྙེད་པའྀ་
(14) ངོ༎ འཕོ་སྐྱས་བྱ་ན་བཟང༎ ནད་པ་ལ་བཏབ་
(15) ན་སོས་པའི་ངོ༎ འདྲོན་པོ་ལ་བཏབ་ན།
(16) མྱུར་དུ་ཕྱིན་ཏེ་མོ་འདི་ཅི་ལ་བཏབ་ཀྱང་བཟང་
(17) རབ་བོ། ༔་།
(18) ༄༅༎ དོང་ཙེ་ལྔ་གན་ཏེ་གཞན་བུབ་ན། གསེར་
(19) གི་ངོ་བྱུང་སྟེ༎ ཁྱིམ་ཕྱ་དང་སྲོག་པྱ་ལ་བཏབ་
(20) ན༎ ནོར་རྫས་ཤིག་ལ་གདོན་ཆེ་སྟེ། བྱ་འོ་ཅོག་
(21) མྱི་གྲུབ༎ སྲོག་པྱ་ལ་བཏབ་ན་ཤི་བའི་ངོ༎ ནད་
(22) པ་ལ་བཏབ་ན༎ མྱུར་དུ་ས་མ་སྤོས་ན་ཤྀ་བའྀ་ངོ་
(23) གསོལ་བ་དང་ཤགས་བཀྱེ་ན་མྱི་གནང་སྟེ་ཕམ་
(24) བའི་ངོ༎ གཉེན་བྱ་ན་ཁྱིམ་ཏབ་ཤི་བའི་ངོ༎
(25) དགྲ་པྱ་ལ་བཏབ་ན། དགྲ་དང་ཕྲད་པའི་ངོ༎ ཞལ་
(26) ཅེས་བཏབ་ན་རེ་ཤིག་མྱི་འབྱང༎ སྲིད་པྱ་ལ་
(27) བཏབ་ན། སྲིད་མྱེད་པའི་ངོ༎ འདྲོན་པོ་ལ་བཏབ་
(28) ན། ཉེ་ཞོ་བྱུང་སྟེ། རེ་ཤིག་མྱི་འོང༎ བོར་རླག་ལ་
(29) བཏབ་ན་མྱི་རྙེད༎ མོ་འདི་ཅི་ལ་བཏབ་ཀྱང་
(30) ངན་རབ་བོ། ༔།
(31) ༄༅༎ དོང་ཙེ་དྲུག་གན་ཏེ་གཞན་བུབ་ན། ས་འི་ངོ་བྱུང་
(32) སྟེ༎ ཁྱིམ་པྱ་དང་སྲོག་པྱ་ལ་བཏབ་ན་བཟང། རབ་
(33) གསོལ་པ་དང་ཤགས་བཀྱེ་ན་གནང་ནས་བདག་རྒྱལ་
(34) བའི་ངོ༎ གཉེན་བྱ་ན་འཕྲོད་དེ་བུ་ཙ་གཞིན༎
(35) ཁང་ཁྱྀམ་བྱ་ན། དབང་ཏང་སྐྱེ་ཕྱུག་བཙན་བའི་ངོ།
(36) དོན་གཉེར་ན་གྲུབ༎ ནད་པ་ལ་བཏབ་ན་སོས།
(37) བོར་རླག་བྱུང་ན་རྙེད་པའི་ངོ༎ འཕོ་སྐྱས་བྱ་ན་
(38) བཟང༎ འདྲོན་པོ་ལ་བཏབ་ན་མྱུར་དུ་ཕྱིན་ཏེ།
(39) མོ་འདི་ཅི་ལ་བཏབ་ཀྱང་བཟང་རབ་བོ། ༔་།
(40) ༄༅༎ དོང་ཙེ་བདུན་གན་ཏེ་གཞན་བུབ་ན། ལྀའི་
(41) ངོ་བྱུང་སྟེ༎ སྲོག་པྱ་དང་ཁྱིམ་པྱ་ལ་བཏབ་ན་
(42) ངན༎ བླ་ནས་གྱོད་རྨས་སཾ་མྱི་རྨས་པ་ལ་བཏབ་ན་
(43) རྨས་པའི་ངོ༎ ནད་པ་ལ་བཏབ་ན་ཆོ་ག་མ་བྱས་
(44) ན་ཤྀ་བའི་ངོ༎ ལམ་རིང་པོར་འགྲོ་འམ་མྱི་འགྲོ་བ་
(45) ལ་བཏབ་ན། འགྲོ་སྟེ་ནེ་ཞོ་འབྱུང་བའི་ངོ༎ དགྲ་
(46) པྱ་ལ་བཏབ་ན། དགྲ་དང་ཕྲད་པའི་ངོ༎ གསོལ་བ་
(47) ལ་བཏབ་ན་མྱི་གནང༎ གདོན་པྱ་ལ་བཏབ་ན། རྩོག་
(48) དང་ཐབ་ཆེ་བའི་ངོ༎ གྲོག་པྱ་ལ་བཏབ་ན་གྲོག་མྱེད།
(49) འདྲོན་པོ་ལ་བཏབ་ན། རེ་ཤྀག་མྱི་འོང༎ མོ་འདི་
(50) ཅི་ལ་བཏབ་ཀྱང་ངན་རབ་བོ། ༔་།
(51) ༄༅༎ དོང་ཙེ་བརྒྱད་གན་ཏེ་གཞན་བུབ་ན༎ ས་དང་
(52) ཆུ་འི་ངོ་བྱུང་སྟེ། ལུས་ཀི་སྲོག་པྱ་ལ་བཏབ་ན་བཟང་
(53) རབ༎ ཁྱིམ་པྱ་དང་སྲིད་པྱ་ལ་བཏབ་ན། སྙྀང་ལ་འཚེར་ཚ+ར་
(54) བ་ཡོད་ཀྱང་ཉེས པ མྱི་འབྱུང་སྟེ་བཟང༎ དགྲ་པྱ་
(55) ལ་བཏབ་ན། དགྲས་མྱི་ཚུགས༎ ངོ་འཕྲལ་དང་ལས་
(56) གསོལ་ན་མྱི་གནང༎ དོན་གཉེར་ན་མྱི་གྲུབ། གཉེན་
(57) བྱ་ན་འབྱོར༎ ནད་པ་ལ་བཏབ་ན་མྱུར་དུ་འབྱང༎
(58) བོར་རླག་བྱུང་ན་རེ་ཤྀག་མྱི་རྙེད་དེ་གཞན་གིས་བྲིན་པའི་ངོ།
(59) འཕོ་སྐྱས་བྱས་ན་ཉེས་པ་མྱི་འབྱུང༎ ཁང་ཁྱིམ་བྱས་
(60) ན་གདོན་མྱི་ལྡང༎ འདྲོན་པོ་ལ་བཏབ་ན་ཉེ་ཞོ་མྱེད་ད་
(61) རེ་ཤིག་མྱི་འོང༎ གྲོག་པྱ་ལ་བཏབ་ན་གྲོག་ཕྱི་དལ༎
(62) གདོན་པྱ་ལ་བཏབ་ན་མྱི་ལྷ་དང་གདོན་ངོ་མཆིས་པའི་ངོ།
(63) ཕར་འགྲོ་འམ་མྱི་འགྲོ་བ་ལ་བཏབ་ན་མྱི་འགྲོ་སྟེ་མོ་
(64) གཞི། ༔།
(65) ༄༅༎ དོང་ཙེ་དགུ་གན་དེ་གཞན་བུབ་ན༎ ཀོང་ཙེ་འི་
(66) ངོ་འབྱུང་སྟེ༎ ཁྱིམ་པྱ་དང་སྲིད་པྱ་ལ་བཏབ་ན།
(67) ཟླ་བ་ཚེས་པ་བཞིན་སྟེ། ཡར་ཡར་སྐྱེ་ཞིང་བཟང་
(68) རབ༎ ནད་པ་ལ་བཏབ་ན་སོས་པའི་ངོ༎ འོང་ངམ་
(69) མྱི་འོང་བ་ལ་བཏབ་ན། ཉེ་ཞོ་མྱེད་དེ་མྱུར་དུ་འོང་
(70) བའི་ངོ༎ གྲོག་པྱ་ལ་བཏབ་ན། གྲོག་ཆེད་པོ་ཐོབ་
(71) པའྀ་ངོ༎ གསོལ་བ་དང་ཤགས་འགྱེད་ན། བདག་
(72) རྒྱལ་ནས་སྙིང་དགའ་བའི་ངོ༎ སྲིད་པྱ་ལ་བཏབ་
(73) ན་བཟང༎ ནད་པ་ལ་བཏབ་ན་མྱུར་དུ་སོས་པའི་
(74) ངོ༎ སྲོག་པྱ་ལ་བཏབ་ན་བཟང། འདྲོན་པོ་ལམ་
(75) དུ་ཞུགས་ཏེ་འགྲོ་བ་ལ་བཏབ་ན༎ བླ་མས་བསྐྱབས་
(76) མཛད་པའི་ངོ༎ མོ་འདི་ཅི་ལ་བཏབ་ཀྱང་བཟང་རབ་བོ་
(77) ། ༔། ༄༅། ༔། དོང་ཙེ་བཅུ་གན་ཏེ་གཞང་བུབ་
(78) ན༎ མྱེ་དང་སའི་ངོ་བྱུང་སྟེ༎ ལུས་ལ་ནད་མྱེད།
(79) སྲོག་པྱ་ལ་བཏབ་ན་བཟང། དོན་གཉེར་ན་དོན་གྲུབ།
(80) ངོ་འཕྲལ་དང་ལས་གསོལ་ན་གནང༎ ཁང་
(81) ཁྱིམ་དང་གཉེན་བྱེད་ན་བཀྲ་ཤིས༎ ནད་པ་ལ་
(82) བཏབ་ན། རྩྀ་སྨན་བྱ་མྱི་དགོས་པར་སོས༎
(83) ཞལ་ཅེས་བཏབ་ན་མྱུར་དུ་འབྱང༎ བོར་རླག་བྱུང་
(84) ན་རྙེད་དཀའ༎ འཕོ་སྐྱས བྱས ན་ཉེ་ཞོ་མྱི་འབྱུང།
(85) འདྲོན་པོ་ལ་བཏབ་ན་རེ་ཤིག་མྱི་འོང་སྟེ་མོ་
(86) གཞི། ༔། ༔། ༄༅༎ དོང་ཙེ་བཅུ་གཅིག་
(87) གན་ཏེ་གཞན་བུབ་ན༎ ཀི་ཝང་གི་ངོ་བྱུང་སྟེ་
(88) བླ་ནས་གྱོད་རྨས་སཾ་མྱི་རྨས་པ་ལ་བཏབ་ན།
(89) རྨས་པའི་ངོ༎ ཁྱིམ་པྱ་དང་སྲོག་པྱ་ལ་བཏབ་
(90) ན། གདོན་ཕུགས་སུ་ཞུགས་ཏེ་བྱ་དགུར་མྱྀ་རུང་
(91) ། གདོན་པྱ་ལ་བཏབ་ན། རྒྱལ་བྱིན་དང་ཐེའུ་རང་ཆེ་
(92) བའི་ངོ༎ ནད་པ་ལ་བཏབ་ན་ཤྀ་བའི་ངོ༎ ཤགས་
(93) བཀྱེ་ན་ཕམ་བའི་ངོ༎ འོང་ངམ་མྱི་འོང་
(94) བ་ལ་བཏབ་ན་མྱི་འོང༎ གྲོག་པྱ་ལ་བཏབ་ན་