OTDO
Old Tibetan Documents Online

Pt_1078

Pelliot tibétain 1078
    photo
1. Content : A contract for the borrowing of paper.
2. Note : Sheet. Complete text. Recto, 6 lines. Verso, 3 lines with a finger-measure of the debtor and a figure which looks like a simplified seal-mark.
3. References :
Choix II (pl. 422), Takeuchi (1995: pl. 15).
Takeuchi (1995: 57-58, 180-183) [I.Translit., I.Trans.], Takeuchi (2016: 57-58, 191-194 )[I.Translit., I.Trans.].

Transliteration   (Change the Display Format)

(r1) ༄༅། ༔། འབྲུག་གི་ལོའི་དཔྱིད། སྟོང་སར་གྱི་ཤོག་མཁན་ཤང་ཧེ་འདོས། བློན་རྒྱལ་ཟིགས་ལ་ཤོག་ཤོག་ཡུག་རིངས་ཡུག་ཉིས་བརྒྱའ་ཞིག་ཆགས་པ་ལས། འཇལ་དུ་མ་མཆིས་ཏེ།
(r2) སྐུ་ཡོན་འདྲི་བའི་ཤོག་ཤོག་ཡུག་རིངས་ཉིས་བརྒྱའ་བུང་ཛེ་ཝེང་གི་སུག་པ་ན་མཆིས་པ་སྔ་གཡར་+ར་ དུ་འཚལ་ཏེ། སླར་འབུལ་བའི་དུས་འབྲུག་གི་ལོའི་དབྱར་སླ་འབྲིང་པོ་ཚེས་ལྔ་ལ་འབུལ་
(r3) བར་དམ་བགྱིས་པ་ལས། ཁོ་ཏས་གྱ་གྱུ་དང། བགྱིས་ནས། མ་ཕུལ། བར་དུ་ཡང་ཙེ་ཝེང་བྲོ་ནད་ཀྱིས་བཏབ་སྟེ། <m>་བརྡའ་བའི་རྔོ་མ་ཐོག། སླར་ཀྱིས་ལུག་གི་ལོའི་དགུན་སླ་ར་བ་ལ་
(r4) ཧེ་འདོ་ལ་ཤོག་ཤོག་བརྡས་ན། ཁོ་ནའི་མཆིད་ནས། ལོ་གཉིས་སུམ་ཙམ་གྱི་བར་དུ་ཤོག་ཤོག་མ་ཕུལ་བ། རུབ་མ་པས་བྲོ་འཚལ་ཏེ་བརྡས་པ་ཡང་མ་མཆིས།
(r5) བདག་ཀྱང་མ་ཕུལ་བ་ནོངསྟེ། ཁྲི་ལན་ཡང་དུས་བགྱི་[?]གསོལ་ཞེས་མཆིའ་ནས། ཡང་དུས་བགྱིས་པ། ལུག་གི་ལོའི་དགུན་སླ་འབྲིང་པོ་ཚེས་བཅུ་ལ། ཡུག་
(r6) རིངས་ཉིས་བརྒྱའ་ཚང་བར་ཛེ་འྭེང་ལ་འབུལ་བར་བགྱིས། དུས་དེར་མ་ཕུལ་ལམ་གྱ་གྱུ་ཞིག་འཚལ་ན་བསྒྱུར་ཏེ། གྱུར་དང་བཆས་པར་ཁོ་ནའི་
(v1) སྒོ་ནས། ཕྱི་ཕྱུགས་ནང་རྫས་སུག་སྤྱད་ཅི་བབ་ཀྱང་རུངསྟེ། ཕྲོགས་ཀྱང་ཞལ་མཾཆིས་མ་མཆིས་ པར་བགྱིས་པའི་སྟེང་དུ་སྐུ་ཡོན་གཅོད་པའི་གྱུར་
(v2) lchag ཀྱང་གཞུ་བར་བགྱིས་པའི་དཔང་ལ། ཨིམ་གཙུག་ལེགས། ཇེའུ་ཙེ་ཝེང། དང་པིན་དང། ཧེ་འདོའི་སུག་རྒྱ་མ་མཆིས་
(v3) ཏེ། སུག་ཡིག་ཚད་གྱིས་བཏབ་པའ༎ ཡུག་རིངས་ཉིས་བརྒྱའི་ནང་ན་ལོ་ཐང་ཤོག་ཤོག་ཐེབ་གཅིག་ཕུལ། (inverted line<) ཤང་ཧེ་འདོའི་སུག་ཡིག་ཚད (>inverted line)