OTDO
Old Tibetan Documents Online

Pt_1095

Pelliot tibétain 1095
    photo
1. Content : A contract for the sale of an ox.
2. Note : Sheet. Complete text. Recto, 13 lines with six round vermilion seals. Verso, blank.
3. References :
Choix II (pl. 439) , Takeuchi (1990a: 45), Takeuchi (1995: pl. 4).
Yamaguchi (1985: 506-507) [I.Trans.], Takeuchi (1990a: 44-48)[I.Translit., I.Trans.], Takeuchi (1995: 27-29)[I.Trans.], Takeuchi(1995: 145-147 )[I.Translit., I.Trans.], Takeuchi (2016: 28-30)[I.Trans.], Takeuchi (2016:147-150 )[I.Translit., I.Trans.].

Transliteration   (Change the Display Format)

(1) ༄༅། ༔། ཡོས་བུ་ལོའི་དགུན་སླ་འབྲྀང་པོའི་ངོ་ལ༎ འ་ཞ་མ་ག་དོ་ཅིན་གྱྀ་སྡེ་ཟྀང་ནུ་ཀུ་སྤོང་
(2) ལས། ཝང་གྭང་ཧྀང་གྀས་གླང་གཅྀག་མཇལ་པའྀ་སྤུ་རྟགས་དང་རུ་ཚུགས་ལ༎
(3) གླང་ནག་པོ་ལ་རུ་ཙོག། བྲང་ཞོལ་བཀྲ་བ་གཅྀག་མཇལ་ཐེ༎ གླང་འདྀ་ལ་སླད་གྱིས་ལ་ལ་
(4) ཞིག་གྀས་ངོ་བཟུང་ངམ། ཞལ་མཅུ་གཅེས་ཕྲས་ཅྀ་བྱུང་ཡང་རུང་སྟེ། ནུ་ཀུ་སྤོང་མཅྀད་ཀྱིས་
(5) འཙལ༎ བརྒྱ་ལ་ཞལ་མཅུ་ཞིག་བྱུང་སྟེ། གླང་འདྀ་ངོ་ཤོར་པར་གྱུརད་ན་ཡང། གླང་
(6) འདྀ་ཚམ་ཕོད་པ་ལུས་གྱྀ་ཚོད། ནའྀ་འདྲ་གཅིག་གམ། རྀན་དུ་བ་སྨད་གཉིས་འཙལ་
(7) པའྀ་ཕེལ་རྒྱུད་ཚུན་ཆད། འཕྲལ་དུ་སླར་གྭང་ཧིང་ལ་འབུལ་བར་བགྱིས༎ ནུ་ཀུ་སྤོང་
(8) མ་མཆིས་ན༎ དམ་ཚིགས་གོང་ནས་སྨོས་པ་བཞྀན། ཁས་ལེན་ཁོ་ནའི་ནུ་བོ།
(9) ཟིང་ཤ་ཅུ་སྐྱེས་མཅྀད་གྱྀས་འཚལ་བར་བགྱིས་པའྀ་དཕང་ལ༎ བློན་ལྷ་བཟང་
(10) ལྷ་སྟོན་དང། ཝང་ཧིང་ཙེ་དང། ཨན་ཧེང་ཙེ་དང། ཅང་ཞུན་ཞུན་ལ་སྩོགས་པའྀ་དཔང་
(11) རྒྱ་དང། གླང་བདག་དང་ཁས་ལེན་གྱི་སུག་རྒྱས་བཐབ་ཕ༎ མཇལ་ཚོང་འདྀ་ལྟར་
(12) བགྱིས་པའྀ་འོག་དུ། ཚོང་ལོ་བ་ཞིག་མཆིས་ན། གང་སྔར་ལོ་བས། མྱྀ་ལོ་བ་ལ་ནས་ཁལ་བཞྀ་འཕྲལ་
(13) དུ་སྩལད་པར་ཡང། ཡལ་དམ་བགྱིས་སོ༎ (six round vermilion seals)