OTDO
Old Tibetan Documents Online

Pt_1287

Pelliot tib tain 1287
    photo
1. Content : Old Tibetan Chronicle.
2. Note : Scroll. The end is missing. Recto, 536 lines. Verso, Chinese Buddhist texts. Cf. Catalogue VI (96-100). Similar to IOL Tib J 1375.
3. References :
Choix II (pls. 557-578, notice 21-23, 25-31), Choix III (17-39) [I.Translit.].
Lalou (1939-1961: III, 2) [P.Translit.], Bacot et al. (1940-1946: 93-170) [I.Translit., I.Trans.], Róna-Tas (1955) [ P.Translit., P.Trans.], Satō (1958-1959: 171, 175-6 et passim.) [P.Translit., P.Trans.], Uray (1962: 229-230) [ P.Translit., P.Trans.], Petech (1968), Uray (1968), Haarh (1969: 401-406) [P.Translit., P.Trans.], Uray (1972) [P.Translit., P.Trans.], Bogoslovskij (1972: 31, 36 et passim.), Beckwith (1977: 177-258) [P.Translit., P.Trans.], Moriyasu (1984: 21-22, 29, 57) [P.Translit., P.Trans.], Yamaguchi (1985: 458-462, 463-466, 466-476, 485-489) [P.Translit., P.Trans.], Beckwith (1987: 11, 13 et passim.) [P.Translit., P.Trans.], Stein (1987: 176-182) [P.Trans.], Uray (1988: 1503), Wang and Chen (1992: 34-66, 112-141, 157-172) [I.Translit., I.Trans.], Gnya' gong (1995: 16-108, 361-402) [P.Translit.], Huang and Ma (2000: 140-151, 156-295) [I.Translit., I.Trans.], Hill (2006) [P.Translit., P.Trans.], Zeisler (2011)[P.Trans.].

Transliteration   (Change the Display Format)

(1) ༄༅། ༔། དྲྀ་གུམ་བཙན་པོ་སྐུ་ཆུང་བ་འྀ་ཚེ་མཚན་ཇྀར་གདགས་ཤེས༎ མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན། མ་མ་འྀ་མཆིད་ནས།
(2) སྐྱྀ་བྲག་མར་བ་ནྀ་རྙིལ་ཏམ་མ་རྙིལ། དང་མ་འབྲི་སྤངས་ནྀ་མྱེས་ཚིག་གམ་མ་ཚྀག། མཚོ་དམ་ལེ་དབལ་མཚོ་ནི་སྐམས་
(3) སམ་མ་སྐམས་ཤེས་མཆི། བྲག་མ་རྙྀལ། མཚོ་ཡང་མ་སྐམས་སྤང་ཡང་མྱེས་མ་ཚིག་ཅེས་བགྱིསྣ་བགྱིས་ན་ མ་མ་གྲོ་ཞ་
(4) མ། རྒས་ནས་རྣ་ལོག་པར་ཐོས་སྟེ། བྲག་ཀྱང་རྙིལ། སྤང་ཡང་མྱེས་ཚིག། མཚོ་ཡང་སྐམས་ཤེས་ཐོས་ནས༎
(5) འོན་ཏང་ཆུ་དགུམ་སྲི་དགུམ་གྱྀས། དྲྀ་གུམ་བཙན་པོར་མཚན་ཐོག་ཤིག་ཆེས་མཆི་ནས༎ དྲྀ་གུམ་བཙན་
(6) པོར་མཚན་བཏགས་ནས། མཚན་བཏགས་ནོངསྟེ་ནོངས་ཏེ་ ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱྀ་འི་མྱི་ཚུལ་ཏེ། མངོན་
(7) བར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱྀན་ཆེད་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ༎ བཙན་
(8) འདྲན་བདའ་ནས། ཡབ་འབངས་ཕ་དགུའ་དང། ཡུམ་འབངས་ཚན་གསུམ་ལ་དགྲ་རུ་རྒལ་གཡག་དུ་དྲུང་
(9) ཕོད་དམ་ཞེས་བཀའ་སྩལ་ན། སོ་སོ་ནས་ཀུན་གྱིས་མྱྀ་ཕོད་ཆེས་གསོལ་ཏོ། ལོ་ངམ་རྟ་རྫིས་ཀྱང་མྱི་ཕོད་
(10) ཅེས་གསོལ་པ་ལས་མ་གནང་སྟེ༎ འུང་ནས་ལོ་ངམ་གྱྀས་གསོལ་པ། དེ་ལྟར་མྱྀ་གནང་ན། ལྷ་འི་དཀོར་
(11) མདུང་རང་འདེབས་དང། རལ་གྱྀ་གྲྀ་ རང་གཅོད་དང། ཁྲབ་རང་གྱོན་དང། ཕུབ་རང་བཟུར་ལ་སྩོགས་པ། འཕྲུལ་གྱི་དཀོར་
(12) ཆེད་པོ་མངའ་བ་འྀ་རྣམས་བདག་ལ་སྩལ་ན་ཕོད་ཅེས་གསོལ་ཏོ། དེ་ནས་ལྷ་འྀ་དཀོར་ཐམ་ཤད་སྩལ་ཏོ།
(13) འུང་ནས་ལོ་ངམ་རྟ་རྫྀ་ཡང། མཁར་མྱང་རོ་ཤམ་པོར་སྔར་མཆྀས་སོ། བཙན་པོ་ཡང་མྱང་རོ་ཤམ་པོར།
(14) གཤེགས་ནས། མྱང་རོ་ཐལ་བ་ཚལ་དུ་གཡུལ་བྲེས་ནས། འུང་ནས་རྟ་རྫྀ་འི་མཆིད་ནས། དབུའ་འབྲེང་ཟང་ཡག་ཀྱང་
(15) གཆད་དུ་གསོལ། དབུའ་སྐས་སྟེན་དགུའ་ཡང་ཁ་ཐུར་དུ་བསྟན་དུ་གསོལ་ནས། དེ་རྣམ་གཉིས་ཀྱང་དེ་བཞིན་
(16) གནང་ངོ༎ འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ། གསེར་གྱྀ་མདུང་རྩེ་ཉིས་བརྒྱའ་རྭལ་རྭ་ལ་ བཏགས་ཏེ། རྒྱབ་དུ་ཐལ་
(17) བ་བཀལ་ནས། གླང་ནང་འཐབ་སྟེ། ཐལ་བ་གཐོར་ནས། དེ་འྀ་ནང་དུ་ལོ་ངམ་གྱིས་བརྒལ་ཏོ། བཙན་པོ་དྲི་གུམ་ལྡེ་
(18) བླ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱྀས་མཆན་ནས་སྤྲེ་འུ་པྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་ཙེ་གངས་
(19) རུམ་དུ་འཕངསྟེ་འཕངས་ཏེ་ གཤེགས་སོ༎ བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་བརྒྱའ་ཁ་སྤྲོད་གྱི་ནང་
(20) དུ་བཅུག་སྟེ་རྩང་ཆུ་འྀ་གཞུང་ལ་བཏང་ངོ། ཆབ་གཞུག་སེར་ཚངསུ་ཚངས་སུ་ ཀླུ་འོད་དེ་བེད་དེ་རིང་མོ་འྀ་ལྟོར་གཤེགས་སོ༎
(21) སྲས་གཉིས་ཀྱང་ཤ་ཁྱྀ་དང་ཉ་ཁྱྀར་བཏགསྟེ་བཏགས་ཏེ་ རྐོང་ཡུལ་དུ་སྤྱུགསྟེ་སྤྱུགས་ཏེ་ བཀྱེ་འོ༎ འུང་གྀ་རྗེས་ལ་rhya མོ་rhul བཞི་ཁུགས་
(22) དང། སྣ་ནམ་བཙན་བཞོང་རྒྱལ་གཉིས༎ སྲྀད་ཀྱི་ཁྱི་བོ་ཆེ་འོན་ཟུགས་ཡར་གྲགས་དང། འཇང་གྀ་ཟུ་ལེ་མ་འཇང་དང་
(23) འོན་རྐུ་གཉིས་ཀྱི་སྤུ་ལ་དུག་བསྐུསྟེ་བསྐུས་ཏེ་ འཕྲང་པོ་འི་བྲག་གཡའ་བོ་འདའ་ནས། ཕོ་ལ་ལྟསུ་ལྟས་སུ་ བལྟས་ན་ལྟས་བཟང་སྟེ་
(24) ཡུལ་མྱང་རོ་ཤམ་པོ་དྲུང་དུ་ལྷགས་ནས། ཐབས་ཀྱྀས་བསྒྱུད་དེ། ཁྱྀ་འི་སྤུ་ལ་དུག་ཡོད་པ་ད་ང་འྀ་རྟ་རྫིས་ཁྲིད་ནས།
(25) ཁྱྀ་བཟང་པོ་ལོ་ངམ་གྱི་ལགིས་ལག་གིས་ བྱུགས་པ་དང། ང་འྀ་རྟ་རྫྀས་ཁྱི་འྀ་སྤུ་ལ་དུག་བསྐུས་པས་ལག་པ་བྱུག་སྟེ་བསད་དེ།
(26) ཤ་བླན་ནོ༎ འུང་གྀ་འོག་དུ་བཀྲགས་ཀྱྀ་བུ་ལྷ་བུ་རུ་ལ་སྐྱེས་ཕ་ཚན་དང༎ rhya ཕ་ཚན་དུ་འཐབས་སོ། rhyas
(27) བཀྲགས་རབས་བཆད། དུད་སྣ་ཕོ་ལོ༎ བཀྲགས་ཀྱྀ་ཆུང་བ་གཆིག་བྲོས་ཏེ། ཕ་མྱིང་གྀ་ཡུལ་དུ་ཐར་ཏོ། ལྟོ་ན་བུ་ཁྱེར་ཏེ་
(28) སོང་བ་བྱུང་ངོ༎ བུ་སྤུས་ལ་འགྲེང་ནུས་ཙམ་ནས། མ་ལ་མྱྀ་གང་བྱ་གང་ལ་རྗོ་བོ་ཡོད་ན་ང་འི་རྗོ་བོ་གར་རེ། མྱི་གང་
(29) བྱ་གང་ལ། ཕ་ཡོད་ན་ང་འི་ཕ་ག་རེ་ཞེས་ཟེར་ཏོ། ང་ལ་སྟོན་ཆིག་ཅེས་མཆི་ན། མ་འྀ་མཆིད་ནས། མྱྀ་འུ་ཆུང་ཁ་
(30) མ་ཆེ་ཤིག། རྟེ་འུ་ཅུང་ཁ་མ་དྲག་ང་མྱྀ་ཤེས་ཤེས་བྱས་ན། སྤུས་ཀྱྀ་བུ་ངར་ལེ་སྐྱེས་ཀྱི་མཆིད་ནས། ང་ལ་མྱི་
(31) བསྟན་ན་ཤྀར་འགྲོ་ཞེས་བགྱིས་པ་དང། མས་ཀྱང་གདོད་བསྟན་ཏེ། ཁྱོད་ཀྱི་ཕ་ནྀ་rhyas བསད་དོ། ཁྱོད་ཀྱི་ཇོ་བོ་
(32) བཙན་པོ་ནི། ལོ་ངམ་རྟ་རྫྀས་བཀྲོངསྟེ་བཀྲོངས་ཏེ་ སྤུར་ནི་ཟངས་བརྒྱའ་མ་ཁ་སྤྲོད་ཀྱྀ་ནང་དུ་བཅུག་སྟེ། རྩང་པོ་འི་
(33) གཞུང་ལ་བཏང་ངོ། ཆབ་གཞུག་སེར་ཚངས་སུ། ཀླུ་འོ་དེ་རིང་མོ་འི་ལྟོར་གཤེགས་སོ༎ སྲས་མཆེད་
(34) གཉིས་ནྀ་ཤ་ཁྱི་དང་ཉ་ཁྱྀར་བརྟགསྟེ་བརྟགས་ཏེ་ རྐོང་ཡུལ་དུ་སྤྱུགསྟེ་སྤྱུགས་ཏེ་ བཀྱེ་འོ༎ འུང་ནས་སྤུས་ཀྱི་བུ་ངར་ལ་སྐྱེས་
(35) ཀྱི་མཆིད་ནས། ང་མྱྀ་རླགི་ནི་རྗེས་གཅོད། ཆུ་རླག་གི་ནི་དབྲེས་ཚོལ་དུ་འགྲོ་ཞེས་མཆི་ནས། ཆསྟེ་ཆས་ཏེ་ སོང་ངོ།
(36) རྐོང་ཡུལ་བྲེ་སྣར་དུ་སྲས་ཤ་ཁྱྀ་ཉ་ཁྱི་དང་ཡང་མཇལ་ལོ༎ ཀླུ་འོ་དེ་བེད་དེ་རིང་མོ་དང་ཡང་མཇལ་ལོ༎ བཙན་
(37) པོ་འི་སྤུར་ཇྀ་འདོད་པས་བླུ་ཞེས་བྱས་ན། གཞན་ཇྀ་ཡང་མྱྀ་འདོད། མྱི་འྀ་མྱིག་བྱ་མྱྀག་ལྟར་འདུག་པ་འོག་ནས་འགེབས་
(38) པ་གཆིག་འདོད་ཅེས་ཟེར་ནས༎ སྤུས་ཀྱི་བུ་ངར་ལ་སྐྱེས་ཀྱིས། གནམ་མཐའ་བཞིར་བཙལ་ཀྱང་མྱི་འི་མྱིག་
(39) བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་མ་རྙེད་ནས། བརྒྱགས་ཆད་ལྷམ་བུགསྟེ་བུགས་ཏེ་ སླར་མ་འྀ་གན་དུ་འོངས་
(40) ནས། མྱྀ་རླག་གི་ནྀ་རྗེས་ཆོད། ཆུ་རླགྀ་རླག་གྀ་ ནི་དབྲེས་ཀྱང་རྙེད་དོ། སྲས་ཤ་ཁྱི་ཉ་ཁྱྀ་དང་ཡང་མཇལད། ཀླུ་འོ་དེ་རིང་
(41) མོ་དང་ཡང་མཇལ་ན། སྤུར་གྱི་གླུད་དུ། མྱྀ་འི་མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་གཆིག་འདོད་
(42) ཆེས་ཟེར་ན་མ་རྙེད་ཀྱྀས། ད་དུང་ཚོལ་དུ་འགྲོ་དགོས་ཀྱིས། བརྒྱགས་ཐོག་ཤིག་ཅེས་མཆི་ནས་སོང་ངོ༎
(43) གང་པར་འཕྲུན་གྱི་འོག་དུ་པྱིན་ན། ཆོ་མྱི་བྱ་འྀ་བུ་མོ་ཞིག་ཡུར་བ་བྱེད་པ་འྀ་གན་དུ་སོང་ན། བུ་ཁུ་ལྗོ་ན་
(44) འདུག་པ་ཞིག། མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་གཆིག་འདུག་ནས། དེ་བླུ་ན་ཇི་འདོད་
(45) ཅེས་མ་ལ་དྲྀས་ན། མ་ན་རེ་གཞན་མྱྀ་འདོད། ནམ་ནམ་ཞ་ཞར། བཙན་པོ་རྗེ་དབྱལ་ཞིག་ནོངས་ན། ཐོར་ཏོ་འཕྲེན་
(46) མོ་ནི་བཅིངས། ངོ་ལ་མཚལ་གྱིས་བྱུགས། ལུས་ལ་ནི་བཞགས། བཙན་པོ་འི་སྤུར་ལ་ནྀ་འཚོག། མྱྀ་ལ་འཕྲོག་
(47) [-]om/ ཟས་ལ་ནྀ་ཟ་འཐུང། དེ་ལྟར་བྱ་འམ་མྱི་བྱ་ཞེས་མཆི་ནས། དེ་བཞིན་བགྱི་བར། མནའ་བཆད་མཐོའ་
(48) བཆད། དམ་བགྱྀས་ཚྀག་བགྱིས་ནས་+ས་ ཆོ་མྱྀ་བྱ་འྀ་བུ་མོ་ཁྲིད་དེ་སོང་ངོ༎ ཀླུ་འོ་དེ་རིང་མོ་འི་ལྟོར་སྤུར་གྱྀ་ཀླུད་དུ་
(49) བཅུག་སྟེ་བཏང་ངོ། ཉ་ལྷ་གཉྀས་ཀྱིས་བཙན་པོ་འི་སྤུར་བཟུང་ངོ། གྱང་ཏོ་བླ་འབུབས་ཀྱི་མགུར་དུ་བང་སོ་བརྩིགསོ་བརྩིགས་སོ་
(50) གཅུང་ཉ་ཁྱྀ་ནྀ་ཡབ་ཀྱི་མདད་གཏོང་ངོ། གཅེན་ཤ་ཁྱྀ་ནི་ཡབ་ཀྱྀ་སྐུ་མཚལ་གཉེར་དུ་གཤེགསོ་གཤེགས་སོ་ ཉ་ཁྱི་ནི་
(51) རྐོང་དཀར་པོ་ལགསོ་ལགས་སོ་ དམག་སུམ་སྟོང་སུམ་རྒྱ་ཞིག་དང་ཆསྟེ་ཆས་ཏེ་ གཤེགསོ་གཤེགས་སོ་ མཁར་པྱིང་བར་གཤེགསོ་གཤེགས་སོ་ ཡུལ་ཡབ་
(52) ཀྱི་རྗེ་མྱི་བཞུགས་ན། པྱི་འབྲོག་གདེངས་པྱོལ་པྱོལ་གྱི་ཆ་འོ། དོག་ཡབ་ཀྱི་ཆར་མ་མཆིསྣ་མཆིས་ན་ ས་འོན་བུ་སྤུར་
(53) ཁོག་ཁོག་ཅེས་གསུངས་སོ། མེན་པ་འཕྲེང་བ་འྀ་ལ་འདའསོ་འདའས་སོ་ ཏིང་སྲབ་རོང་རྀངས་འདའས་སོ། བ།
(54) ཆོས་གུང་དང་དུ་གཤེགས་སོ། མྱང་རོ་ཤམ་པོར་གཤེགས་ན། ལོ་ངམ་ཕོ་བརྒྱའ་ནྀ་ཟངས་བུ་བརྒྱའ་གླད་ལ་
(55) ཕུབ་ནས་ལྕེབསཱོ་ལྕེབས་སཱོ་ ལོ་ངམ་མོ་བརྒྱའ་ནྀ་སླང་ང་བྲང་ལ་བཆར་ཏེ་ངོག་གོ། མྱང་རོ་ཤམ་པོ་ཕབ་བོ།
(56) འགྲེང་ནྀ་བཙོན་དུ་བཟུང༎ དུད་ནྀ་མནངསུ་མནངས་སུ་ བཆད་ནས། བ་ཆོས་གུང་དང་དུ་གཤེགསོ་གཤེགས་སོ་ མགུར་འདྀ་ཞེས་
(57) གསུངསོ་གསུངས་སོ་ འ་བ་ཉི་ཉེ་པ་ཉིད། བྱ་རོ་རོ་ན་མདུང་གྀ་རྩེ་རང་ནིག། ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག། བརླའ་
(58) བརྡུངས། སྤུར་བཏབ། ཝོ་དེ་མྱེད་སྤུ་དེ་མྱེད་ཆེས་གསུངས་སོ། སླར་པྱིང་བ་སྟག་རྩེར་གཤེགས་སཱོ།
(59) ཡུལ་ཡབ་ཀྱི་རྗེ་རུ་གཤེགས་སོ། ཡུལ་པྱི་འབྲོག་གདེངས་མྱི་པྱོལ་གྱི་ཆ་འོ། དོག་ཡབ་ཀྱི་ཆབ་མཆིས་
(60) ཀྱྀས། ས་འོན་བུ་སྤུར་མྱྀ་ཁོག་གྀ་ཆ་འོ། དེ་ཞེས་མགུར་གསུངསོ་གསུངས་སོ་ སྒྱེད་པོ་འོག་གཟུགས་ན། ཟངས་རྡོ་
(61) བླ་ནས་ཕབ་སྟེ། རྗེ་རུ་གཤེགསོ་གཤེགས་སོ་ བཤོས་ན་ནྀ་སྤུ་དེ་གུང་རྒྱལ། གྲོངས་ན་ནྀ་གྲང་མོ་གནམ་བསེའ།
(62) བརྩིག། འགྲེང་མགོ་ནག་གྀ་རྗེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགསཱོ་གཤེགས་སཱོ་
(63) ༄༅། ༔། བཙན་པོ་ལྡེ་པྲུ་བོ་གནམ་གཞུང་རྩན་གྱྀ་རིང་སླན་ཆད༎ བློན་ཆེ་བགྱིས་པ་འྀ་རབས་ལ༎ གནའ་ཐོག་
(64) མ་འདའར་ཀྱྀ་བུ་སྟོང་དང་རྗེས་བྱས་ཏེ༎ འཛངས་ལ་དཔའ་འོ༎ གློ་བ་ཡང་ཉེ་འོ༎ དེ་འྀ་འོག་དུ་རྔེགས།
(65) དུད་ཀྱྀ་རྗེས་བྱས་སྟེ༎ དཔའ་ལ་འཛངསོ་འཛངས་སོ་ དེ་འྀ་འོག་དུ་ཁུ་ལྷ་བོ་མགོ་གར་གྱིས་བྱས་ཏེ༎ དགྲ་ལ་ད་པའ་+འ་
(66) ཞྀང་སྙིང་ཤེས། མྱིག་རྣོ༎ དེ་འྀ་འོག་དུ་ལྷོ་ཐང་འབྲིང་ཡ་སྟེངས་ཀྱིས་བྱས་ཏེ༎ པྱི་འི་དགྲ་ཐུབ༎
(67) ནང་གྀ་ཁབ་བསོ་མཐོའ༎ དེ་འི་འོག་དུ་རྔེགས་ཐང་ཡོང་ཐང་རྗེས་བྱསྟེ་བྱས་ཏེ་ དཔའ་ཞིང་འཛངས་སོ༎
(68) དེ་འི་འོག་དུ་གནུབས་སྨོན་ཏོ་རེ་སྦུང་བརྩན་གྱིས་བྱས་ཏེ༎ སྙྀང་ཤེས་མྱིག་རྣོ༎ དེ་འྀ་འོག་དུ་མཐོན་མྱི་འབྲིང།
(69) པོ་རྒྱལ་བཙན་ནུས་བྱས་ཏེ༎ དཀུའ་ཆེད་པོ་བྱས་ནས༎ ཁོ་ན་འི་སྲིང་མོ་མཐོན་མྱྀ་ཟ་ཡར་སྟེང། དུག་བསྐུར།
(70) ཏེ་བཏང་བ་ལས༎ མོ་ན་དུག་འཐུངས་ནས༎ བཙན་ནུ་བཀུམ་བ་ལགསོ་ལགས་སོ་ དེ་འྀ་འོག་དུ་སྣ་ནམ༎
(71) [འབྲིང?]ཏོག་རྗེས་བྱས༎ དེ་འི་འོག་དུ་གནུབས་ཁྲྀ་དོ་རེ་མཐོང་པོས་བྱས༎ དེ་འྀ་འོག་དུ་གནུབས།
(72) ཁྲི་དོག་རྗེ་གཙུག་བློན་གྱིས་བྱས༎ དེ་འྀ་འོག་དུ་གནུབས་མཉེན་ཏོ་རེ་ངན་སྣང་གིས་བྱས༎ དེ་འི་འོག་
(73) དུ་ཤུད་པུ་རྒྱལ་ཏོ་རེ་ང་མྱིས་བྱས་ཏེ༎ འདྀ་ཡན་ཆད་ཀྱི་བློན་པོ་འཕྲུལ་དང་ལྡན་ཏེ། ལྟག་བརྙན་དང་འདོམ།
(74) སྟེ༎ འཛངས་ཀྱང་ཚད་མྱེད་དོ༎ མྱྀ་དེ་ལྟེ་བུ་མ་སྐྱེས་པ་ཙམ་གྱི་ཚོད་དོ༎ དེ་འི་འོག་དུ་མོང།
(75) ཁྲི་དོ་རེ་སྣང་ཚབ་ཀྱིས་བྱསྟེ་བྱས་ཏེ་ འཛངས་ཀྱི་ཚད་ནྀ། རྩང་བོད་ཀྱི་ཇོ་བོ་མར་མུན་བརླགས་[ཏེ?]
(76) དཀུའ་ཆེད་པོ་བློད་པ་འྀ་ཚེ༎ དེང་ཕོ་ཉ་ཞྀག་རིངས་པར་འོང་བ་སྙམ་གིས༎ ཕོ་ཉ་འི་ལན་མྱུར་དུ།
(77) བགྱི་འཚལ་ཞེས་མཆི་ནས༎ ཕོ་ཉ་འྀ་ལན་ཇི་ལ་མ་རག་པར་བྱས་པ་ལས༎ འུང་གྀ་རྗེས་ལའ༎
(78) ཕོ་ཉ་མཆིས་ནས༎ གསོད་གཟོད་ བྱ་མྱི་དགོས་པར༎ སྔར་སུག་ལས་བགྱིས་ལགསྟེ་ལགས་ཏེ་ འུང་ཙམ་མོ༎
(79) དེ་འི་འོག་དུ༎ མགར་ཁྲི་སྒྲ་འཛྀ་རྨུན་གྱིས་བྱསྟེ་བྱས་ཏེ་ འཛངས་རྒྱ་དང་ལྟག་བརྙན་ནྀ༎ འདྲོན་པོ་མྱི།
(80) གསུམ་འགྲོགས་ཏེ་འགྲོ་ན༎ འདྲོན་པོ་ཐོག་མ་འི་སྙིང་ལ་འདྀ་སེམས༎ བར་མ་འི་སྙིང་ལ་འདྀ༎
(81) སེམས། ཐ་མ་འྀ་སྙིང་ལ་འདྀ་སེམས་ཤེས༎ གྲོགས་པོ་ལ་གཏམ་བྱས་པ་དང༎ བདེན་ནམ་བརྫུན།
(82) འདྲོན་པོ་གསུམ་ཁ་བཀལྟེ་བཀལད་ཏེ་ རྨས་ན༎ ཁྲྀ་སྒྲ་འཛྀ་རྨུན་མཆི་བ་བཞིན་མད་དེ༎ འཛངས་ཀྱང༎
(83) ནྀ་དེ་ཙམ་མོ༎ དེ་འྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གིས་བྱས་སོ༎ བཙན་པོ་ཡབ་ཁྲི་སློན་བཙན༎
(84) དགུང་དུ་གཤེགས༎ སྲས་ཁྲྀ་སྲོང་བརྩན་གྱི་རིང་ལ༎ མྱང་མང་པོ་རྗེ་ཞང་སྣང་གྀས༎ སུམ་ཁམས་
(85) ཐམས་ཤད་འབངས་སུ་དགུག་པར་བཀའ་སྩོལ་ཏོ༎ མྱང་མང་པོ་རྗེ་ཞང་སྣང་གྀས༎ འཛངས་ཀྱི་
(86) བློ་སྒྱུ་གཉྀས་ཀྱིས༎ མྱྀ་རྟ་གཉིས་ཚེགས་མ་བྱུང་བར༎ དཔྱའ་ཕབ་ལུག་རྟུག་གི་སྒྱུ༎ ལྕེ་ཐོར་ཏོ་
(87) ལ་བརྗོད་དེ༎ འབངས་གཉུག་མ་བཞིན་དུ་བཀུག་སྟེ་འུང་ཙམ་མོ༎ དེ་འི་འོག་དུ་མགར་མང་
(88) ཞམ་སུམ་སྣང་གྀས་བྱས་སོ༎ མང་ཞམ་སུམ་སྣང་དང། ཁུ་ཁྲི་སྙ་དགྲུའ་ཟུང་གཉིས༎ རལ་གྱི་གྲི་ དང་བརྡའ་
(89) པྲད་ཆེས་བགྱིས་ཏེ༎ གནའ་བཙན་པོ་འབྲོ་མཉེན་གྱི་རིང་ལ༎ མཐོན་མྱི་འབྲིང་པོ་རྒྱལ་བཙན་
(90) ནུས་བློན་ཆེ་བགྱིས་པ་ན་ཡང༎ གློ་བ་རྀངས་པར༎ མགར་མང་ཞམ་སུམ་སྣང་རལ་གྱྀ་གྲི་ དང།
(91) བརྡའ་པྲད་དེ་ཚོར་བ་སྐད་དུ་བགྱིས་ནས༎ བཟུང་སྟེ་བཀྱོན་ཕབ་པ་ན་ཡང༎ གཤེད་མ་མང་ཞམ་སུཾ༎
(92) སྣང་གིས་བགྱྀས་ཏེ༎ བཀུཾ་ནས༎ མགོ་བཆད་པ་ཐོག་ཆེས་བླངས་ཏེ༎ སྣམ་པྲག་དུ་བཅུག་ནས༎
(93) གོམ་པ་ལྔ་དྲུག་ཙམ་བོར་བ་དང་འགྱེལ་བ་སྐད་བྱ་འོ༎ དེ་འྀ་འོག་དུ་ཁྱུང་པོ་སྤུང་སད་ཟུ་ཙེས།
(94) བྱས་པ་ལས༎ འོ་མ་ལྡེ་ལོད་བཙན་དང་རེགས་མ་མཇལ་ནས༎ མཁར་ཁྲི་བོམས་སུ་མཆྀས་ཏེ༎ ཁྲི་བོམས་
(95) དཀུའ་གང་པུབ་ནས། བཙན་པོ་སྲོང་བརྩན་སྟོན་མོ་གསོལ་བར་བྱས་ཏེ༎ གློ་བ་རིངས་པ། མགར་ཡུལ་ཟུང་
(96) གྀས་ཚོར་ནས། རང་གྀ་མགོ་བཆད་དེ་གུམ་མོ༎ སྤུང་སད་ཟུ་ཙེ་འཛངས་ཀྱད་ཀྱི་ཚད་ནི༎ རྩྀས་གྲ་གསུམ་
(97) ཞལ་ཅེ་གྲ་བཞྀ་ཡང་རྣ་བས་ཉན་ཞིང་གཆོད། མྱིག་མངས་གྲ་ཆིག་ཀྱང་ཟླལ་ཟླ་ལ་ རྩེ་ན། རྒྱལ༎ བྱ་པུག་རོན་
(98) ཁྱུ་གཆིག་ནམ་ཀ་ལ་འཕྲུར་འཕུར་ བ་ཡང། གཆིག་གཉྀས་གསུམ་བཞི་ལྔ་དྲུག་ཆེས་བགྲགས་བགྲངས་ བྱ་པྱིར་འཕུར་
(99) བ་ཡང་བགྲངས་པ་ལས༎ བྱ་ཆིག་མ་ཚང་ན༎ ཁྲས་བསད་པ་འདྲའས་ལྟོས་ཤེས་མཆི་ནས༎ མྱི་
(100) ཡོངས་ཀྱིས་བལྟས་པ་ལས༎ བྱ་ཆིག་ཁྲས་བཀུམ་སྟེ༎ སྤུང་སད་ཟུ་ཙེ་ལྟེ་བུ། ཚོར་སྐྱེན་ལ་དཀུའ་ཆེ༎
(101) སྙིང་འཛངས༎ མྱྀ་ཆིག་ལ་ཚོགས་དགུ་ཚོགས་ན༎ ཟུ་ཙེ་ལྟེ་བུ་སུ་ག་ལ་ཡང་མྱེད་དོ༎ དེ་འི་འོག་དུ་
(102) མགར་སྟོང་རྩན་ཡུལ་ཟུང་གྀས་བྱས་སོ༎ ཡུལ་ཟུང་རྒས་ནས༎ འོ་མ་ལྡེ་ལོད་བཙན་བཅུག་གོའ༎
(103) རྀང་པོ་མ་རག་པར་གློ་བ་རིངས་ནས་བཀུཾ་མོ༎ འུང་ནས་བློན་སྟོང་རྩན་སླར་བཅུག་སྟེ། ལོ་དྲུག་བགྱིས།
(104) ནས༎ རྒས་ཏེ་གུཾ་མོ༎ སྐྱིན་བར་ཞང་ལོན་པྲ་མོ་དང་འབངས་ཀྱིས་དཔྱའད་པ་ནྀ༎ དབའས་སུམ་སྣང།
(105) བཅུག་ཀྲང་ཞེས་དཔྱད་དོ༎ རྗེ་བློན་གསངས་སྟེ་བཀའ་བཏགས་པ་ནྀ༎ མགར་བཙན་སྙ་ལྡོམ་བུ་རྟ་དང།
(106) མཚུངས་རྀགས་ཀྱིས་བློན་ཆེར་བཅུག་གོ༎ བློན་ཆེ་འྀ་ལུགས་སློབ་པ་འི་འོག་པོན། དབའས་སུམ་
(107) སྣང་གིས་བྱས་ཏེ། སུམ་སྣང་གུམ་ནས༎ བློན་བཙན་སྙ་ལྡོམ་བུས་བྱས་སཱོ༎ དེ་འྀ་འོག་དུ་ཁུ་མང་པོ་
(108) རྗེ་ལྷ་ཟུང་གྀས་བྱས་སོ༎ ལྷ་ཟུང་བཀྱོན་ཕབ་ནས༎ དབའས་ཁྲྀ་གཟིགས་ཞང་ཉེན་གྱིས་བྱས་སོའ༎
(109) དེ་ནས་མགར་ཁྲྀ་འབྲིང་བཙན་བྲོད་ཀྱིས་བྱས་སོ༎ དེ་འི་འོག་དུ་དབའས་ཁྲི་སུམ་རྗེ་རྩང་བཞེར་གྱིས།
(110) བྱས་སོའ༎ དེ་འི་འོག་དུ་རྔེགས་མང་ཞམ་སྟག་ཚབ་གྱིས་བྱས་སོ༎ དེ་འི་འོག་དུ་དབའས་སྟག་
(111) སྒྲ་ཁོང་ལོད་ཀྱིས་བྱས་ཏེ༎ བཀྱོན་ཕབ་ནས༎ འབྲོ་ཅུང་བཟང་འོར་མང་གིས་བྱས་སོ༎ དེ་འི་འོག་
(112) དུ་འབལ་སྐྱེ་ཟང་ལྡོང་ཚབ་ཀྱིས་བྱས་སོ། སྐྱེ་ཟང་ལྡོང་ཚབ་བཀྱོན་ཕབ་ནས༎ དབའས་སྣང་བཞེར་
(113) ཟླ་བརྩན་གྱིས་བྱསོ་བྱས་སོ་ དེ་འི་འོག་དུ་མགོས་ཁྲི་བཟང་ཡབ་ལག་གྀས་བྱས་སོ༎ དེ་འི་འོག་དུ།
(114) མཆིམས་ཞང་རྒྱལ་ཟྀགས་ཤུ་ཏེང་གྀས་བྱས་སོ༎ དེ་ནས་ངན་ལམ་སྟག་སྒྲ་ཀླུ་གོང་གིས་བྱསོ་བྱས་སོ་
(115) དེ་འི་འོག་དུ་སྣ་ནམ་ཞང་རྒྱལ་ཚན་ལྷ་སྣང་གིས་བྱས་སོ༎ དེ་འི་འོག་དུ་འབྲོ་ཁྲི་གཟུ་རམ་ཤགས་+ས་
(116) ཀྱིས་བྱསོ་བྱས་སོ་ དེ་འི་འོག་དུ་དབའ་མང་རྗེ་ལྷ་ལོད་ཀྱིས་བྱས་སོ༎ དེ་འི་འོག་དུ་འབྲོ་ཁྲི་སུམ་རྗེ་སྟག་
(117) སྣང་གྀས་བྱས་སོ༎ དེ་འི་འོག་དུ་དབའས་རྒྱལ་ཏོ་རེ་སྟག་སྙས་བྱས་སོའ༎
(118) ༄༅། ༔། མཁར་པྱྀང་བ་སྟག་རྩེ་ན་ནྀ་རྒྱལ་སྟག་བུ་སྙ་གཟྀགས་བཞུགས༎ ཉེན་ཀར་རྙིང་པ་ནྀ་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས༎
(119) སྡུར་བ་འྀ་ཡུ་སྣ་ན་ནི༎ ཟྀང་པོ་རྗེ་ཁྲི་པངས་སུམ་མཆིས༎ འུང་ནས་ཟྀང་པོ་རྗེ་སྟག་སྐྱ་བོ་ལྟ་ཞིག༎ ཇྀ་ལ་ཡང་
(120) ལོག་པ་གཤྀན་པྱོགས་ཤེ་དག་བྱེད་དེ༎ ཉེས་པ་ནྀ་ལེགས་པར་བཅུག། ལེགས་པ་ནི་ཉེས་པར་བཅུག་གོ༎ འཛངས་+ས་
(121) པ་སྙྀང་ཉེ་བ༎ ལེགས་པ་འི་སྲིད་བྱས་བློ་བསྟན་པ་ནྀ་མྱི་ཉན༎ མྱྀ་གཅམ་བུ་གསགྀ་གསག་གྀ་ ངོ་ཟ་རི་བྱེད་པ་འྀ་ཚིག་ནི༎
(122) ཆེད་དུ་ཡང་ཉན་ཏོ༎ མྱྀ་འདྀ་ལྟེ་བུ་འི་ཡུས་བྱུང་ངོ༎ མྱྀ་འཛངས་པ་དྲང་མཁྲང་བྱེད་པ་དང༎ དཔའ་བོ་ཆུ་གང་བྱེད་པ།
(123) ལ་སྡང་སྟེ། རྀ་མོ་བསྐྱུངས༎ མ་འོས་པ་འྀ་ཆད་པ་ནྀ་ནན་ཆེ་འོ༎ མྱི་མཁོའ་བ་འྀ་ལས་ཀྱི་སྣ་གྲངས་ནྀ་མངས་སོ༎
(124) འུང་ལྟར་ཟྀང་པོ་རྗེ་སྟག་སྐྱ་བོ༎ ཆོས་ལོག་ཆིང་སྲྀད་གྱུར་པས༎ རྗོ་བོ་ཉེས་དགུའ་བྱེད་པའ༎ མྱྀག་གིས༎
(125) མཐོང་ཡང༎ ཉེས་པ་འྀ་བློ་གདབ་དུ་མ་འོས་པ་འྀ་ཆད་པ་ནན་ཆེས། ཚིག་དྲག་གྀས༎ ཇྀ་ག་སུས་ཀྱང་བློ་གདབ།
(126) མ་ཕོད་དོ༎ རྗོ་བོ་ནི་བླ་ན་གཐུམ་མོ༎ ཁོལ་པོ་ནྀ་འོག་ན་སྐྲག་གོ༎ རྗོ་བོ་ནི་བླ་ན་སྨྱོ། ཁོལ་པོ་ནི་འོག༎
(127) ན་གྲམ་མོ༎ གཆྀག་ལ་གཆིག་སྙིང་མྱྀ་བརྟན་ཏེ༎ ཐ་དད་དུ་སེམས་སོ༎ ཇོ་བོ་ཟིང་པོ་རྗེ་ངན་ཞན་ཏེ༎
(128) ཇྀ་ལ་ཡང་ལོག་པ་གཤྀན་པྱོགས་ཉེས་དགུར་བྱེད་པས༎ ཡུལ་གྱི་སྲིད་ཀྱང་དམའས་སོ༎ མྱྀ་ཡོངས་ཀྱང་རྗོ་བོ།
(129) ལ་འཁང་ངོ༎ འུང་ནས་ཟིང་པོ་རྗེ་སྟག་སྐྱ་བོ་འི་བློན་པོ༎ མཉན་འཛྀ་ཟུང་ནག་པོས༎ རྗོ་བོ་ལ་གསོལ་པའ་+འ་
(130) རྗོ་བོ་ཇི་ལ་ཡང་ལོག་པ་གཤྀན་པྱོགས་མཛད་པས༎ སྐོལ་ཀྱྀ་སྲིད་ནྀ་སྲིད་དུ་མ་རུང། ཆོས་ནྀ་ཆོས་སུ་
(131) མ་རུང་སྟེ། ཡུལ་གྱྀ་མྱི་དབུལ། ཉམས་ཀྱྀ་སྲིད་དམའ་སྟེ། ན་མོ་བརླག་ཟིན་ན་ཇྀ་ནོངས་ཤེས་གསོལ་ནས།
(132) འུང་ནས། ཟྀང་པོ་རྗེ་སྟག་སྐྱ་བོ་ཉན་དུ་མ་རུང་སྟེ༎ འདྀ་སྐད་ཟེར་བ་ཉེས་སོ་ཞེས༎ འཛྀ་ཟུང་བློན་པོ་ལས།
(133) པྱུང་ངོ༎ འུང་ནས་འཛྀ་ཟུང་མ་རངས་སྟེ༎ ཟྀང་པོ་རྗེ་ཁྲི་པང་སུམ་ལ་ལྟས་ནས༎ ནག་པོ་འཁུསྟེ་འཁུས་ཏེ་
(134) སྐྱ་བོ་བསད། དྲེ་འུ་རྒལ་ཏེ་བསེའ་སྒ་བཆག་གོ༎ སྟག་སྐྱ་བོ་འི་ཡུལ། ཡུལ་ཡེལ་རབ་སྡེ་བཞི་དང་+ང་
(135) ཀླུམ་ཡ་གསུམ༎ ཟྀང་པོ་རྗེ་ཁྲི་པང་སུམ་གྱྀས། འདུས་སོའ༎ དེ་འྀ་དཀུའ་འགེལ་དུ་མཁར་
(136) སྡུར་བས་བཆད་དེ། ཀླུམ་ཡ་སུམ་གྱི་སྨད༎ མཉན་འཛྀ་ཟུང་གི་བྲན་དུ་དངར་ཏོ༎ བྲན་གྱི་ས་
(137) རྀས་ཀྱི་ནང་དུ༎ མྱང་ནམ་ཏོ་རེ་ཁྲུ་གྲུ་དང། སྨོན་ཏོ་རེ་ཙེང་སྐུ་སྤད་ཀྱང༎ འཛྀ་ཟུང་གྀ་བྲན་དུ་བཆད་དོ༎
(138) འུང་ནས། འཛྀ་ཟུང་གི་ཆུང་མ་པ་ཙབ་ཟས། མྱང་བྲན་བྱེད་པ་ལ༎ དྲེགས་བཀུར་ཏེ༎ སྡྀག་བསྣོལ། སྟུ་བསྟན།
(139) ནས། མྱང་ཙེང་སྐུ་མ་རངས་ཏེ༎ ཟྀང་པོ་རྗེ་ཁྲི་པང་སུམ་ལ༎ མཉན་གྱྀ་བྲན་བྱེད་མྱི་ཕོད་ཆེས་འཁངས།
(140) སྟེ་གསོལྟོ་གསོལད་ཏོ་ ཟྀང་པོ་རྗེ་ན་རེ༎ མཉན་འཛྀ་ཟུང་ལས་ང་ལ་སྙིང་ཉེ་མྱེད་པ་འྀ་བྲན་དུ༎ ཁྱོན་འདའ་མ་
(141) རན་ལ་མྱེད་དོ༎ རྗོ་མོས་སྡིག་བསྣོལ་སྟུ་བསྟན་བ་བས༎ ཁར་གླན་ཡང་རྗོ་མོ་དབང་གིས། ཉེས་པ་
(142) མྱེད་དོ་ཞེས་བསྒོ་སྟེ། གསོལ་བ་མ་གནང་ངོ༎ འུང་གྀ་ཚིག་དེས་ཙེང་སྐུ་ཤིན་དུ་མ་རངས་སྟེ་ཡི་ཆད་དོའ༎
(143) འུང་གྀ་རྗེས་ལ༎ ཟྀང་པོ་རྗེ་འི་མངན་དབའས་བཤོས་ཏོ་རེ་ཁྲུ་གུ་དང༎ གཤེན་ཁྲི་བཞེར་འདྲོན་ཀོང་གཉིས།
(144) འཕྲེན་བ་འྀ་རྫིང་ཀར་འཐབས་ནས༎ གཤེན་ཀྱིས་དབའས་བསད་དོ༎ དབའས་ཀྱྀ་ཕོ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས།
(145) ཟྀང་པོ་རྗེ་ལ། ནུ་བོ་གཤེན་ཀྱིས་བསད་པ་འྀ་སྟོང་ཇི་གནང་ཞེས་གསོལ་ནས༎ ཟྀང་པོ་རྗེས༎ གཤེན་ཁྲི་བཞེར།
(146) ཁོལ་ཚབ་ནང་བློན་བྱེད་པའྀ་ངོ་མ་ཆོད་དེ༎ དགེ་བས་མྱི་དགེ་བ་བསད་ན། བསད་དུ་ཟད་དོ་ཞེས་བསྒོ་འོ༎
(147) འུང་གྀ་ཚིག་དེས༎ དབྱྀ་ཚབ་ཤིན་དུ་མ་རངས་སྟེ་ཡི་ཆད་དོ༎ འུང་ནས་མྱང་དབའས་གཉི་གཉིས་ ཡི་ཆད་དེ། འགྲོགས།
(148) སྟེ་དོང་ངོ༎ དབྱྀ་ཚབ་ནི་སྔ། ཙེང་སྐུ་ནྀ་འཔྱི་སྟེ༎ ཁྱིམ་དུ་དོང་ངོ༎ ཙེང་སྐུ་གཆིག་པུ་པྱི་ན་ཚུར་སྨྲ་སྟེ། ཆབ་ཆབ་
(149) ནྀ་ཕ་རོལ་ན། ཡར་ཆབ་ནྀ་ཕ་རོལ་ན༎ མྱྀ་འི་ནི་མྱྀ་བུ་སྟེ། ལྷ་འྀ་ནི་སྲས་པོ་བཞུགས༎ རྗེ་བདེན་ནི་བཀོལ།
(150) དུ་དགའ། སྒ་བདེན་གྱིས་ནྀ་བསྟད་དུ་དགའ་ཞེས་སྙིང་ལ་སེམས་པ་ཁར་ཏོར་ཆེས་བྱུང་ནས༎ དབྱི་ཚབ་སྔུན་
(151) ན་འགྲོ་བ་འྀ་རྣ་བར་ལྷངས་ཤེས་ཐོས་སྟེ༎ དབྱི་ཚབ་ཀྱིས་ཚྀག་དེ་ཏོག་ཅེས་བླངས་ནས༎ ཙེང་སྐུ་ཁྱོད་
(152) ཟེར་བ་ལས་བདེན་བ་མྱེད་དོ༎ ཁོ་བོ་ཡང་འདྀ་ལས་མ་རངས་པ་མྱེད་ཀྱིས༎ ཁྱོད་སེམས་པ་དང་མྱི་འདྲའ་
(153) རེ་ཞེས་མནའ་བོར་རོ༎ འུང་ནས། མྱང་དབའས་གཉྀས་ཟིང་པོ་རྗེ་ལས་འཁུས་ཏེ༎ བཙན་པོ་སྤུ་རྒྱལ་
(154) ལ་གློ་བ་ཉེ་བར་བྱས་ནས། མནའ་མཐོའ་ཡང་ཆེར་བཆད་དོ༎ འུང་གྀ་འོག་དུ་དབའས་དབྱི་ཚབ་ཀྱིས༎ ཞང་
(155) པོ་མནོན་བཟང་ཏོ་རེ་སྲོན། བློ་ལ་བཏགས་ཏེ༎ མནའ་མཐོ་བཆད་པ་ལས༎ བཟང་ཏོ་རེ་ཤི་ནས༎ བུ་པང་
(156) སུམ་འདྲོན་པོ༎ ཟྀང་པོ་རྗེ་འི་ནང་ཀོར་བྱེད་པ་བློ་ལ་བཏགསྟེ་བཏགས་ཏེ་ མནའ་མཐོའ་བཆད་དོ༎ མྱང་སྨོན་ཏོ་རེས།
(157) ཚེས་པོང་ནག་སེང་བློ་ལ་བཏགས་ཏེ། མནའ་མཐོ་བཆད་དོ༎ འུང་ནས་མྱང་དབའས་མནོན་དང་གསུཾ་གྱིས།
(158) ཚེས་པོང་ནག་སེང་ལས་པྲིན་ཀྱྀས༎ སྤུ་རྒྱལ་སྟག་བུ་འྀ་སྙན་དུ་བོན་ནས༎ བཙན་པོ་འི་ཞལ་ནས། ང་འི་སྲིང་
(159) མོ་ཞིག་ཀྱང། ཟྀང་པོ་རྗེ་འི་ག་ན་འདུག་མོད་ཀྱི༎ ཁྱེད་ཟེར་བ་བཞིན་བྱ་འོ་ཞེས་བཀའ་སྩལ་ནས༎ མྱང་
(160) དབའས་མནོན་དང་གསུམ༎ བྲོ་ལེན་ཆིང་མཁར་པྱིང་བར་མཆྀས་ནས༎ ཉིན་ཞིང་ནྀ་ཕག་ཚལ་གྱི་ཤིང་
(161) ཁུང་ན་སྐུགསོ་སྐུགས་སོ་ མཚན་ཞིང་ནྀ་པྱིང་བར་མཆི་སྟེ༎ དབུ་སྙུང་བྲོ་མནའ་གཅོད་པ་འི་ཚེ༎ ཡར་མྱྀ་འབངས་
(162) ཀྱིས་དཔྱད་པའ༎ མྱྀ་བཟངས་ནྀ་རྟ་བཟངས་ཤིག༎ ཉྀན་ཞིང་ནྀ་ཕག་ཚལ་ན། མཚན་ཞིང་ནྀ་པྱིང་
(163) བར་མཆྀའ། དགྲའ་འམ་ནྀ་ཟིན་ཅི་འུ་ཞེས་དཔྱད་དོ༎ འུང་གྀ་རྗེས་ལ། ཟྀང་པོ་རྗེ་ལ་དྲ་མ་མ་དྲངས་པར་+ར་
(164) རྒྱལ་སྟག་བུ་དགུང་དུ་གཤེགསོ་གཤེགས་སོ་ གདོད་མ་རྒྱལ་སྟག་བུ་འི་སྙན་དུ་ནྀ། པྲིན་ཚེས་པོང་ནག་སེང་གིས།
(165) བགྱིས་སོ༎ དེ་ཚུན་ཆད་ནྀ་ཚེས་པོང་ནག་སེང་གི་བྲན༎ སྤུག་གྱིམ་ཏང་རྨང་བུས་བགྱིས་སོ༎ སྤུང་སྤུག་ གྱིམ་
(166) ཏང་རྨང་བུ་བློ་ལ་བཏགས་ན། གཉྀད་ལོག་པ་ན་བརྡོལ་གྱིས་དོགས་ནས༎ ཁྱོ་མོ་དང་མྱྀ་ཉལ་བར་རི་ལ་
(167) ཉལ་ཞིང། ནུབ་རེ་མལ་རེ་འཕོའ་འོ༎ ཁྱོ་མོལ་མོ་ལ་ ཡང་[ངལ(/ང་ལ)]མཚར་གྱི་ཡྀ་དགས་ཤིག་བབ་ཀྱིས༎ གསང་
(168) ཐུབ་པར་གྱི་ཤིག་ཆེས་བཏམསོ་བཏམས་སོ་ འུང་ནས་ཇྀ་ཞིག་བྱེད་བྱེད་ནས༎ ཁྱོ་མོ་དང་གཉྀག་ཀ་འཐབསོ་འཐབས་སོ་ འུང་ནས་
(169) ཁྱོ་མོ་ན་རེ༎ ཁྱོད་ལྟོ་བོ་ཆེ་ལ། ཡྀ་དགས་མ་བབ་ཀྱི༎ ལྟོ་སྦྱོར་དུ་ངེས་སོ་ཞེས་བྱས་སོ། འུང་ནས་དེ་འི་
(170) ནུབ་མོ་ནས་མོད་ལ་ངོ་བྱས་སྟེ། མཛའ་ནས། ནུབ་གཉིས་སུམ་ལྷན་ཆིག་ཉལ་བ་ལྟར་བྱས་སྟེ༎
(171) ཁྱོ་མོ་འི་ལྕེ་སོས་བཏབ་སྟེ༎ དམུར་དམུར་ཏེ་བཆད་ནས༎ ཁྱོ་མོ་ཡང་ཤི་འོ༎ འུང་གི་འོག་དུ་
(172) ཟིང་པོ་རྗེ་ལ་མ་དྲངས་པར༎ གྱིམ་ཏང་རྨང་བུ་ནད་ཀྱིས་བཏབ་སྟེ་རབས་ཆད་དེ་ཤི་འོ༎
(173) ༄༅༎ བཙན་པོ་སློན་མཚན་དང། སློན་ཀོལ་མཆེད་གཉྀས་ཀྱིས༎ མྱང་ཙེ་ཙེང་ སྐུ་དང། དབའས་དབྱྀ་ཚབ་དང། དབའས་མྱེས།
(174) སྣང་དང། དབའས་པུ་ཚབ་དང། མནོན་འདྲོན་པོ་དང། ཚེས་པོང་ནག་སེང་དྲུག༎ བྲོ་སྩལ་པ་འྀ་ཚིག་ནྀ༎ དེང་ཕན་ཆད། ཟིང་
(175) པོ་རྗེ་རྒྱབ་དུ་མྱྀ་དོར་རེ། སྤུ་རྒྱལ་པང་དུ་མྱྀ་ལེན་རེ༎ བཙན་པོ་སྤུ་རྒྱལ་ལ་གློ་བ་འདྲྀང་རེ༎ མཐང་གྲང་རེ། མན་ངག་ཐུབ་པར་མྱི་
(176) འཚལ་རེ། པྱྀ་མ་ནང་འཚལ་རེ། སོམ་ཉི་བགྱྀད་རེ༎ བརྟུལ་ཕོད་པར་མྱྀ་འཚལ་རེ༎ སྲོག་སྤོངས་འཚལ་རེ༎ བཙན་པོ་
(177) སློན་བཙན་གྱིས༎ བཀའ་ཇྀ་སྩལད་པ་བཞྀན་མྱི་ཉན་རེ། གཞན་སུས་བསླུས་ཀྱང་ཉན་རེ་བར་བྲོ་སྩོལ་ཏོ༎ མྱང་
(178) ཙེང་ཅུང་དང། མྱང་མུ་གསེང་དང། ཚེས་པོང་ན་གུ་དང། དབའས་མྱེས་སྣང། དབའས་པུ་ཚབ་རྣམས་བྲོ་ལ་གཐོགསོ་གཐོགས་སོ་
(179) དེ་ནས་དགུང་ཐུས་བགོས་སྟེ། སླར་མཆིས་སོ༎ གཅུང་སློན་ཀོལ་དང། ཡུམ་སྟོང་ཙུན་གཉྀས་ནྀ། སླད་ན་ཡུལ་འཚོའ༎
(180) ཞྀང་བཞུགས་སོ༎ བཙན་པོ་ཁྲི་སློན་བཙན་གྱིས། ཞབས་ཀྱྀས་བཙུགས་ཏེ། དམག་ཁྲྀ་དང་ཆསྟེ་ཆས་ཏེ་ དྲངས་སོ༎ མྱང་ཙེང་སྐུ༎
(181) དང། མནོན་འདྲོན་པོ་གཉིས་ནྀ༎ སྟག་པ་ཤ་རུ་ལ་ཚུན་ཆད། བྱ་གཆོད་ཆིང་ཉན་རྣར་བཀྱེའོ༎ དབའས་དབྱྀ་ཚབ་དང༎
(182) ཚེས་པོང་ནག་སེང་གཉིས་ནྀ། བཙན་པོ་འི་སྤྱན་འདྲེན་ནོ༎ ཆུ་བོ་ནི་རབ་དུ་བཏོད་དོ། དྲ་ལ་ནྀ་དབྱེ་རུ་བཏྀང་ངོ། མཁར་ཡུ་
(183) སྣ་ནྀ་ཕབ་བོ༎ དགུ་གྲྀ་ཟིང་པོ་རྗེ་ནྀ་བརླག་གོ༎ མང་པོ་རྗེ་སུམ་བུ་ནྀ་དྲུ་གུ་ཡུལ་དུ་བྲོས་སོ། ཕགྀ་ཕག་གྀ་ ཡུང་བ་སྣ་མན་ཆད༎
(184) རྐོང་བྲེ་སྣར་ཡན་ཆད། བཙན་པོ་པྱག་དུ་བོན་ཏོ༎ བཙན་པོ་ཁྲི་སློན་བཙན་གྱྀས། བཀའ་སྩལ་ཏེ། ཡུལ་ངས་པོ་ལས༎
(185) འཕན་ཡུལ་དུ་མྱྀང་སྤོས་སོ༎ མྱང་དབའས་ཀྱིས༎ མཆྀད་བླངས་པ༎ གཟུས་ནྀ་ལྷ་བོན་ཏོ། སློན་མཚན་སློན་ཀོལ།
(186) གཟུས་ནྀ་ལྷ་བོན་ཏོ༎ པྲིན་བྱ་རྒོད་ཀྱིས་བཏགསྟེ་བཏགས་ཏེ་ ཚེས་པོང་ནག་སེང་གིས་བཏགས་སོ། རྗེ་བདེན་གྱྀས་ནྀ་བཀོལ་ཏོ།
(187) སྒ་བདེན་གྱྀས་ནི་བསྟད་དོ༎ མྱྀ་སྨོན་རུམ་དུ་བྱུང་ངོ༎ མཚེ་གཟུགས་རུམ་དུ་འཁྲུངས་སོ༎ དེ་ནས་ཡུལ་ངས་པོ་འི།
(188) འབངས༎ དབའས་དབྱྀ་ཚབ་ལ་སྩོགས་པས༎ བཙན་པོ་འི་མཚན་གསོལ་པ༎ ཆབ་སྲིད་གནམ་བས་མཐོ༎
(189) དབུ་རྨོག་རི་བས་བརྩན་ཏེ༎ གནམ་རྀ་སློན་མཚན་དུ་བཏགསོ་བཏོགས་སོ་ མྱང་དབའས་མནོན་དང་གསུམ་གྱིས༎
(190) ཟྀང་པོ་རྗེ་འྀ་སྲིད༎ བཙན་པོ་སྤུ་རྒྱལ་གྱི་པྱག་དུ་དངར་ཏོ༎ དེ་ནས་གནམ་རི་སློན་མཚན་གྱྀས་པྱག་ལྕག་གིས༎
(191) དྲས་ཏེ༎ མྱང་ཙེང་སྐུ་འྀ་བྱ་དགའར༎ མཉན་འཛྀ་ཟུང་གི་མཁར་སྡུར་བ་དང། བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལྟོ་སྩལད་ཏོ་
(192) དབའས་དབྱི་ཚབ་ཀྱྀ་བྱ་དགའར༎ ཟ་གད་གཤེན་ཀྱི་ཡུལ་ས་དང། མལ་ཏྲོ་པྱོགས་ནས་བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལ་ཏོ༎ མནོན་འདྲོན་
(193) པོའི་བྱ་དགའར། ཁོ་ན་འྀ་པུ་ནུ་པོ་མནོན་ལ་སྩོགས་པ་བྲན་ཁྱྀམ་སྟོང་ལྔ་བརྒྱའ་སྩལ་ཏོ༎ ཚེས་པོང་ནག་སེང་གྀ་བྱ་དགའར།
(194) འོན་ཀྱྀ་སྨོན་མཁར་ནས༎ བྲན་ཁྱིམ་སུམ་བརྒྱའ་སྩལ་ཏོ༎ མྱང་ཙེང་ཅུང་དང། ཕ་སྤུན་པོ་མུ་གསེང་གཉྀས་ནྀ་དཀུ་ལ༎
(195) གཐོགས་སྟེ། དཀུ་རྒྱལ་པ་འི་ནང་དུ་ཡང་གཐོགས་སོ༎ དབའས་དབྱྀ་ཚབ་ཀྱི་ཚ་བོ༎ སྟག་པོ་རྗེ་མྱེས་སྣང་དང། མང་པོ་
(196) རྗེ་པུ་ཚབ་གཉྀས་དཀུའ་རྒྱལ་ལ་གཐོགས་སོ༎ ཚེས་པོང་ནག་སེང་གྀ་ནུ་བོ་ན་གུ་དཀུའ་རྒྱལ་ལ་གཐོགས་སོའ༎
(197) འུང་ལྟ་སྟེ། མྱང་དབའས་མཐོན་མནོན་ དང་གསུམ། ཚེས་པོང་པྲིན་དང་བཞིས༎ གློ་བ་ཉེ་ནས། བྲན་ཁྱྀམ་མང་པོ་དང༎
(198) ཡུལ་ཆེད་པོ་སྩལ་ཏོ༎ བཙན་པོ་འི་བློན་པོར་བཅུག་གོ༎ རྒྱལ་པོ་འདྀ་འི་རིང་ལ༎ ཁྱུང་པོ་སྤུང་སད་ཀྱིས།
(199) རྩང་བོད་ཀྱི་རྗོ་བོ་མར་མུན་མགོ་བཆད་དེ༎ རྩང་བོད་ཁྱིམ་ཉི་གྲི༎ བཙན་པོ་འི་པྱག་དུ་པུལྟེ་པུལད་ཏེ་ ཟུ་ཙེ་གློ་བ་ཉེ་འོ༎
(200) འུང་ནས། བཙན་པོ་སློན་བཙན་གྱྀས༎ རྩང་བོད་ཁྱིམ་ཉི་གྲྀ༎ ཟུ་ཙེ་གློ་བ་ཉེ་བ་འི་བྱ་དགའར་སྩལ་ཏོ༎ འུང་གྀ་འོག་དུ༎
(201) བཙན་པོ་མཆེད་གཉིས་ལ༎ མོང་སྔོན་པོ་གློ་བ་རྀངས་པ། ཟུ་ཙེ་གློ་བ་ཉེ་བས་དཀུའ་བེལ་ནས༎ བཙན་པོ་མཆེད་
(202) གཉྀས་ཀྱི་སྐུ་ལ་མ་དར་པར༎ མོང་སྔོན་པོ་བཀུཾ་སྟེ༎ ཟུ་ཙེ་གློ་བ་ཉེ་འོ༎ ཟིང་པོ་རྗེ་སྲིད་བརླག་པ་འྀ་བློ་ལའ།
(203) གཐོགས་ཏེ༎ ཟུ་ཙེ་གློ་བ་ཉེ་འོ༎ འུང་གྀ་རྗེས་ལ་དགས་པོ་འབངས་སུ་མངའ་བ་ལས་ལོག་གོ༎ འུང་ནས་རྗེ་
(204) བློན་ཡོངས་སུ་འདུས་ཏེ༎ དགས་པོ་ལྷ་དེ་དགུག་པ་འྀ་བཀའ་གྲོས་མཛད་ནས། དམག་པོན་སུས་བྱ་ཞེས་བློད་ན༎
(205) སེང་གོ་མྱི་ཆེན་གྱྀས༎ ཁོ་བོས་རྔོ་ཐོག་ཆེས་ཁས་བླངས་སོ༎ འུང་ནས་ཁྱུང་པོ་སྤུང་སད་ན་རེ༎ ཁྱོ་འདའས།
(206) དམག་པོན་འོང་ངམ། མྱྀ་འཛངས་པ་གོ༎ སྒྱེ་འུ་ནང་དུ་སྨྱུང་བུ་བཅུག་པ་དང་མཚུངས་ཤེས་བྱ་ན༎ ཁྱོ་འདའ།
(207) བཙན་པོ་འི་སྣམ་པྱྀ་པར་བཀའ་སྩལ་ནས༎ ལོ་དུ་མ་ཞིག་ལོན་ན༎ འཛངས་རྔོ་ཐོག་གོ་ཞེས༎ མྱྀ་ཆིག་གྀས།
(208) བསྟོད་པ་ཁོ་བོས་མ་ཐོས་ན༎ ཁྱོ་འདའས་མྱྀ་འོང་བ་ལ་བསྒྲེ་བསྒྲེ་སྟེ༎ འབངས་ཆབ་འཚལ་བར་མཆི་འོ༎
(209) ཞེས་བྱས་སོ༎ མྱྀ་ཆེན་ན་རེ༎ མྱི་ཡོངས་ཀྱིས་ཁོ་བོ་ལ་སྙན་དུ་མྱི་བརྗོད་པ་ཡང་བདེན་ནོ༎ ཁོ་བོ་སྔོན་
(210) སྒྱེ་འུ་ནང་དུ་ཞུགས་ཀྱང་མ་ཞུགས། རྩེ་མོ་པྱིར་མ་བྱུང་བ་ཡང་བདེན་ནོ༎ ཁོ་བོ་སྔོན་སྒྱེ་འུ་ནང་དུ་ཞུགས་
(211) སུ་ཟིན་ན༎ རྩེ་མོ་བས་ཡུ་བ་ཕན་ཆད་པྱུང་སྟེ་སོང་ཟིན་ནོ༎ འུང་གྀས་དེང་ཁོ་བོས་གསོལ་བ་ཡང༎
(212) སྔོན་ཇི་འི་ནང་དུ་ཡང་མ་ཞུགས་པས༎ གདོད་འཇུག་པར་གསོལ་བ་ཡྀན་ནོ་ཞེས་བྱས་སོ༎ འུང་ནས༎
(213) བཙན་པོས་ཀྱང། མྱི་ཆེན་གསོལ་བ་བཞིན་གནང་ནས༎ དགས་པོ་འབངསུ་འབངས་སུ་ དགུག་པ་འྀ་དམག་པོན་དུ་བཀའ།
(214) སྩལ་ཏོ༎ འུང་ནས་མྱི་ཆེན་གྱིས༎ དགས་པོ་ལྷ་དེ་ལ་བརྒལ་ཏེ༎ དགས་པོ་ཡོངས་སུ་བཀུག་སྟེ༎ མྱི་ཆེན་
(215) གྱི་བྱ་དགའར༎ གསེར་ཁུང་རེ་འུ་རྒལ་གྱི་མྱི་དང་འབྲོག་དུ་བཆས་ཏེ་སྩལ་ཏོ༎ འབྲོང་ཆེ་པོ་རྔུལ་གྱི་རྭ་མྱི།
(216) ཡོངས་ཀྱི་ཁ་ན་ནས་ བརྗོད་ན༎ སོང་འགོ་སེང་གོ་ མྱི་ཆེན་གྱྀས༎ དགས་ཀྱི་བསེན་མཁར་ལ༎ མདུང་མོ་ཐབས།
(217) གཆིག་གྀས། འབྲོག་མོ་ཐང་གང་ཐོབ༎ པྱོགས་རྔེག་སུམ་བརྩན་སྐྱ་བོ་རེང་གིས། དཔའ་བ་འྀ་པུལ་
(218) པྱིན་ན༎ ཉྀན་ཆིག་ལ་དགས་པོ་མྱི་བརྒྱའ་བསད་ཆེས་འུང་སྐད་དོ༎ འུང་གྀ་རྗེས་ལ། མྱང་སྨོན་ཏོ་
(219) རེ་གློ་བ་ཉེ་བའྀ་བུ༎ ཞང་སྣང་བཙན་པོ་འི་ཞ་འབྲྀང་སྣང་མ་པ་འཚལ་ཞྀང་མཆིས་སོ༎ འུང་གྀ་རྗེས་ལའ༎
(220) བཙན་པོ་རྗེས་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་ལོ༎ འུང་གྀ་ཚེ་ཁྱུང་པོ་སྤུང་སད་ཀྱིས་ཀླུ་བླངས་པ་འྀ༎
(221) ཚིག་ལ༎ མོན་ཀ་འྀ་ནི་སྟག་ཆིག་པ། སྟག་བཀུམ་ནྀ་ཟུ་ཙེས་བཀུམ། གུང་བཀྲོས་ནྀ་པྱག་དུ་པུལ། སླ་ལྦོ་ནི།
(222) ལྷེ་ལྷོ་ རྔེགས་སྩལད༎ རྩང་བྲང་ནྀ་ཡ་སྟོད་ཀྱི་ཐང་པྲོམ་ནྀ་རྒོད་ལྡིང་བའ༎ རྒོད་བཀུཾ་ནྀ་ཟུ་ཙེས་བཀུམ༎ རྒོད་
(223) གཤོག་ཤོག་ ནྀ་པྱག་དུ་པུལ། གསབ་གསོབ་ནྀ་ལྷོ་རྔེགས་སྩལད༎ ན་ནྀང་ནི་གཞེ་ནྀང་སྔ༎ ཏྀ་སེ་ནི་གངས་དྲུང་
(224) ནས༎ ཤ་དང་ནྀ་རྐྱང་བྱེར་བའ༎ ཤམ་པོ་ནྀ་རྩ་ལ་བྱེར༎ དྀ་རིང་ནྀ་སང་ལྟ་ན་ཤམ་པོ་ནི་གཉན་གྱྀ་རྩ༎ ཤ་རྐྱང་
(225) ནྀ་ཚས་མ་ངན༎ ཤ་རྐྱང་ནྀ་ཚས་ངན་ན༎ ཏི་སེ་ནྀ་གངས་ཀྱིས་[བླུན(/བྲུན)] ན་ནིང་ནྀ་གཞེ་ནིང་སྔོན། མ་པང་ནྀ་མཚོ་
(226) འགྲམ་ནས། ངང་དང་ནྀ་ངུར་བྱེར་བ༎ དང་ཀོ་ནི་མཚོ་ལ་བྱེར༎ དྀ་རིང་ནྀ་སང་ལྟ་ན། དང་ཀོ་ནི་ལྷ་འྀ་མཚོའ༎
(227) ང་ངུར་ནྀ་ཚས་མ་ངན། ང་ངུར་ནྀ་ཚས་ངན་ན། མ་པང་ནྀ་མཚོ་འིས་[བླུན(/བྲུན)] ལྷོ་རྔེགས་ནྀ་འཕན་གྱི་སྣོན།
(228) སེ་ཁྱུང་ནྀ་འཕན་གྱིས་བཏབ༎ སྔ་ན་ནྀ་འཕན་བ་ལ། ད་ཙམ་ནྀ་སྤྱན་ཡང་ཡས། དབུ་པྱིང་ནྀ་གྲོ་བོ་ལ།
(229) ཐ་མ་ནི་གཡགྀས་གཡག་གྀས་ བསྐོརད། ཟུ་ཙེ་ནི་སྩལ་ལགས་ཀྲང། ཀླུ་དེ་ཞེས་བླངསོ་བླངས་སོ་ འུང་ནས་བཙན་པོ་འི་
(230) ཐུགས་ལ་དགོངས་པ༎ བློན་པོ་ལྷོ་རྔེགས་གཆིག་གྀས་ལན་བླན་བར་ཐུགས་རེ་བ་ལས། སུས་ཀྱང་མ་
(231) བླན་ཏོ༎ འུང་ནས་ཞང་སྣང་པེ་འུ་ཟུར་འབྲིང་པོ་བཆས་པ་ཙམ་ཞིག༎ སྣང་མ་ལྟོམ་ཞིང་མཆིས་པ་ལ༎
(232) ཁྱོད་ཕ་སྙིང་ཉེ་བ་འྀ་བུ་ན༎ ཀླུ་ཤེས་སམ་ཞེས་རྨས་པ་དང༎ ཞང་སྣང་གིས་མཆིད་འཚལ་ཞེས་གསོལ་ཏོ༎
(233) ཞང་སྣང་གྀས་ཀླུ་བླངས་པ༎ ཀྱེ་ན་ནིང་ནྀ་གཞེ་ནིང་སྔ༎ ཆབ་ཆབ་ནྀ་ཕ་རོལ་ན༎ ཡར་ཆབ་ནྀ་ཕ་རོལ་ན།
(234) དགུ་གྲྀ་ནི་ཟིང་པོ་རྗེ༎ ཉ་ལས་ནྀ་ཁམ་དུ་བཀོད། ཁམ་ལས་ནྀ་རྨེག་དུ་བཏའ༎ སྐྱི་ནས་ནྀ་ཉ་འདོན་པ།
(235) དབྱི་ཚབ་ནྀ་པངས་ཏོ་རེ༎ ཀླུམ་ན་ནྀ་ཆབ་གཆོད་པ། ཙེང་སྐུ་ནྀ་སྨོན་ཏོ་རེ། ཁུར་ར་ནྀ་རགས་ཐོགས་ཤྀང་
(236) དོག་གྀ་ནི་ས་སྐྱེད་པ༎ པང་སུམ་ནྀ་འདྲོན་པོ་ཞིག། ཐང་ལ་ནྀ་རྩེ་བཆད་ཆིང། ཤམ་པོ་ནི་རྨེད་དུའ།
(237) བསྣན༎ ཡུ་སྣ་འྀ་ནི་མཁར་པབ་ཆྀང་པྱིང་བ་འྀ་ནྀ་སྣོན་དུ་བགྱིས། སྔ་ན་ནྀ་མཐོ་བ་ལ། ད་ཙམ་ནི་
(238) དགུང་ལ་རེག༎ ངས་པོ་ནི་སྒང་དྲས་ཤྀང། ཡར་མོ་ནི་ཁོལ་དུ་སྩལད། སྔ་ན་ནྀ་ཆེ་བ་ལ་ད་ཙམ་ནི་
(239) མཐའ་ཡང་ཡས༎ ལྷོ་རྔེགས་ནི་འཕན་གྱི་སྣོན། ལྡོང་ཏོང་ནྀ་འཕན་གྱིས་བཏབ། སྔ་ན་ནྀ་འཕན་བ་
(240) ལ། ད་ཙམ་ནི་སྤྱན་ཡང་ཡས། ན་ནྀང་ནི་གཞེ་ནིང་སྔ༎ ཕོ་མ་འྀ་ནི་འབྲོང་བཀུཾ་བ། ལྷོ་ཤིང་ནི་
(241) སྨྱུག་མོ་རྒྱལ༎ ལྕགས་ཀྱྀས་ནྀ་མ་དྲལ་ན༎ སྨྱུག་གྀས་ནི་རེ་མྱི་པུགས༎ རྒོད་ཀྱིས་ནི་
(242) མ་བསྒྲོན་ན། འབྲོང་ལ་ནྀ་རེ་མྱི་འཇེན༎ ངས་པོ་ནི་ར་ཡུལ་གྱི། ཀོམ་ཙེ་ནི་གཟིག་མོ་
(243) རྒྱལ༎ ཁབ་ཀྱིས་ནྀ་མ་པུག་ན། རྒྱུས་ཀྱིས་ནྀ་རེ་མྱི་པུགས། རྒྱུས་ཀྱིས་ནི་མ་
(244) དྲངས་ན། ཀོམ་ཙེ་ནྀ་ཉིད་མྱི་འཇོ་ཞེས་གླུ་བླངས་ནས༎ ཚིག་དེས། བཙན་པོ་
(245) ཐུགས་བཉེསྟེ་མཉེས་ཏེ་ མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོ་འི་མཚན་མར་
(246) ཡང་རྔུལ་དངུལ་ གྱི་པུག་བུ་ཆུང་སྩལྟོ་སྩལད་ཏོ་
(247) ༄༅། ༔། འུང་གྀ་རྗེས་ལའ༎ དབའས་ཕངས་ཏོ་རེ་དབྱི་ཚབ་རྒས་ཏེ། ཉྀ་མ་འདེ་ཞིང་མཆིས༎ བཙན་པོ་ཁྲྀ་སྲོང་བརྩན།
(248) ཉེན་ཀར་ནས། སྐྱི་ལུང་དུ་གཤེགས་ཀར༎ ཕངས་ཏོ་རེ་དབྱི་ཚབ་གྱིས༎ པྲྀན་སྙ་ཏོ་རེ་གཙུག་བློན་ལས་གསོལ་ཏེ༎
(249) གནའ་ཟྀང་པོ་རྗེ་རྒྱབ་དུ་བོར༎ སྤུ་རྒྱལ་ཕང་དུ་ལེན་ལེན༎ ཆབ་སྲིད་ཆུར་ནྀ་བསྲིངས། ཞེང་དུ་ནྀ་བསྐྱེད་བསྐྱེད་ན༎
(250) མྱང་གྀས་སྲིད་མ་ཐུབ་སྟེ༎ བཀྱོན་ཕབ་ནས། བདག་ཆག་སྤད་མཚན། བླར་གློ་བ་མ་རིངས། མཐང་མ་གྲང་ཞིང་
(251) མཆྀས་ན༎ ད་རོ་ལས་བལྟས་ན་ནི་ཉམ་ཆུང༎ རྨ་ལས་བལྟས་ན་ཕོག་སྙ་ཆེ་ཞིང་མཆྀས་ན༎ བདག་རྒན་པོ་ཙམ་
(252) ཞྀག་མ་གུམ་བར༎ དབུ་སྙུང་ཁུད་པ་ཙམ་གསོལ༎ བདགྀ་བདག་གྀ་ བུ་ཚ་བྲོ་ཁུད་བར་སྩལད་པར་ཇྀ་གནང༎ བཙན་པོ་ཡབ་
(253) ནྀ་བདགྀ་བདག་གྀ་ མཆིས་བྲང་དུ་གདན་བཏིང་ཡང་གནང་ན༎ ད་ཤུལ་ཡོགས་སུ། ལ་མོ་ཆག་པ་པྲུམ་དུ་པྱག་ཐབ་ཙམ་
(254) ཞྀག་གསོལ་དུ་ཇི་གནང་ཞེས་གསོལ་ནས༎ དེ་ཙམ་ན་མྱང་དང་ཅོག་རོ་སྟོད་རྀམས་ལ་བཀྱོན་དབབ་པར་བགྱིས་སྟེ༎ ཁྲ་ཁྲུག་
(255) གྀ[g?]I རྗེས་ལ་བབ་པས༎ གསོལ་དགུང་ཡང་གནང་སྟེ༎ བཙན་པོ་ཞ་སྔ་ནས༎ བཀའ་སྩལད་པའ༎ མྱི་དྲིན་
(256) [---]མྱྀ་ནི་སྙིང་མྱྀ་གཆད༎ རྟ་ལྟེ་འུ་རྟ་ནྀ་སྒལ་མྱི་དབྱུང༎ སྔ་ན་ང་འྀ་ཡབ་ཀྱི་རྀང་ལ༎ འབྲིང་ཐོ་རེ་སྦུང་བརྩན།
(257) དང༎ ཕངས་ཏོ་རེ་དབྱི་ཚབ་དང་ཁྱེད་གཉྀས༎ ཆབ་ཕ་རོལ་ཚུ་རོལ་གྱི༎ གུང་བློན་འཚོལ་ཆིག་པར་དགོད།
(258) དགོད་པ་ལས། འབྲིང་ཏོ་རེ་སྦུང་བརྩན་ནྀ་ཤི༎ ཁྱོད་ནྀ་རྒས་སྟེ་ཉྀ་མ་འདེར་གནང་སྟེ་བཞག༎ མྱང་ཞང་
(259) སྣང་བློན་ཆེར་བསྐོས་ཏེ་བཞག་ན༎ ཡབ་ནོངས་ནས། མྱང་གིས་ཀྱང་གློ་བ་རིངསྟེ་རིངས་ཏེ་ བཀྱོན་ཕབ་པའ།
(260) ཡྀན་ནོ། ད་ཁྱེད་དབའས་ཕ་ཆྀག་ནི༎ གདོའ་ཐག་གཉྀས་སུ། གློ་བ་མ་རིངས་པས༎ ལ་མོ་ཆག་པ་པྲུམ་དུ་
(261) པྱག་ཐབ་ཀྱང་གསོལ་ཆིག༎ དབུ་སྙུང་ཡང་གནང་ངོ་ཞེས་བཀའ་སྩལ་ཏོ༎ ལ་མོ་ཆག་པ་པྲུམ་དུ༎ རྩང་
(262) པྱེད་པུབ་སྟེ༎ པྱག་ཐབ་གསོལ་ཏོ༎ སྐུ་རྟེན་དུ་ཁྲབ་བསེའ་སྣ་བཅུ་དང། ལྡོང་པྲོམ་གྱི་རལ་གྱྀ་གྲྀ་ མདོར་ཅོད།
(263) གཉིས་གསོལ་ཏོ༎ བཙན་པོས་དབུ་སྙུང་ཡང་གནང་ངོ༎ དབའས་དབྱི་ཚབ་སྤུན་མཚན་བདུན་ཡང་བྲོ་
(264) སྩལ་ཏོ༎ བཙན་པོས་བཀའ་སྩལད་པ༎ དབྱྀ་ཚབ་གློ་བ་ཉེ་བས༎ གུམ་ན་མཆད་པྱག་དར་ཏེ་བརྩིག་པར་གནང།
(265) རྟ་ནྀ་བརྒྱའ་དགུམ་བར་གནང༎ བུ་ཚ་གང་རུང་བ་གཆིག༎ གསེར་གྱྀ་ཡི་གེ་མྱྀ་ཆད་པར་སྩལད་པར་བཀའ།
(266) སྩལ་ཏོ༎ བཙན་པོ་ཞ་སྔ་ནས༎ མགུར་བླངས་པའ༎ ཡར་མོ་ནི་ཆུ་ཐུངས་ཀྱིས༎ མདོ་ནས་ནྀ་རྩང་དུ།
(267) བསྲིང། ཡར་མོ་ནི་ཞེང་ཆུངས་ཀྱིས། ལྷོ་ནས་ནྀ་བྱང་དུ་བསྐྱེད༎ འཐམ་འཐམ་ནྀ་འདུ་འདུ་ན། ངག་རྗེས་ནྀ་མྱིས་
(268) མྱྀ་བརྗོད༎ འགྲོ་འགྲོ་ནི་འཆམ་འཆམ་ན༎ ཆགས་ལྷམ་ནྀ་ཆུས་མྱྀ་སྣང། ད་ནས་ནི་ཕན་ཆད་དུ། ཁྱོད་
(269) ཀྱྀས[kyI?]s ནྀ་ང་མ་གཏང། ང་འྀས་ནི་ཁྱོད་མྱྀ་གཏང༎ ང་འྀས་ནི་ཁྱོད་བཏང་ན༎ དགུང་མཐའྀ་ནི་སྲུང་དུ་རུང༎ ཁྱོད་ཀྱིས་ནྀ་
(270) [?]བཏང་ན༎ ངས་པོ་ནྀ་རྨད་དུ་རུང་ཞེས་བཀའ་སྩལ་ཏོ༎ དེ་ནས་དབའས་དབྱི་ཚབ་ཀྱིས་མཆྀད་བླངས་པ།
(271) བཙན་དུ་ནྀ་བདག་འཚལ་ན། ཆུང་ན་ནི་རྗེ་ཁུར་ཆིག༎ པྱུག་དུ་ནྀ་བདག་འཚལ་ན༎ ལྷ་རྀ་ནི་གཡང་སྐྱོང་
(272) ཤྀག༎ རྗེ་འྀས་ནི་བཀའ་སྩལ་ན་གཞའ་མ་ནྀ་ཡུན་ཀྱི་སྲིད༎ བྱ་འྀས་ནི་ཞུ་པུབ་ན་ལ་པྱི་ནི་གདངས་སུ་དྲོ༎
(273) ཞེས་མཆིད་བླངས་ནས༎ སྤད་མཚན་བདུན་གྱྀས་གཏང་རག་ཆེད་པོ་བཏང་ངོ༎ དབུ་སྙུང་གནང་བ་འི་གོར་
(274) མ་པྱག་དུ་བོན་པ་ནྀ༎ རྒྱལ་འབྲྀང་ལན་ཏོན་གྱིས་བླངསྟེ་བླངས་ཏེ་ པྱག་དུ་གསོལ་ནས། གོར་མ་དཀར་པོ་དངོས་
(275) ནྀ༎ དབྱྀ་ཚབ་ཀྱི་མཆད་པ་འྀ་རྨང་དུ་བརྩིགསོ་བརྩིགས་སོ་ ཞང་ལོན་ཞ་འབྲིང་དུ་བྲོ་འདོར་འདོར་བ། ཁུ་ཁྲྀ་དོ་རེ་སྨྱང་
(276) ཟུང་དང། གནུབས་སྙ་དོ་རེ་གཙུག་བློན་དང། རྔེགས་རྒྱལ་འབྲིང་ལན་ཏོན་དང། ཚེས་པོང་ཁྲི་བཙན་ཁོང་སྟོ།
(277) དང། འོ་མ་ལྡེ་ཁྲི་བཟང་ལོད་བཙན་དང། ཁུ་སྨོན་ཏོ་རེ་ཕངས་ཚབ་དང། རྗེ་བློན་བདུན་གྱིས་དེ་ལྟར་དབུ་སྙུང།
(278) གནང་ངོ༎ དབུ་སྙུང་གནང་བ་འྀ་ཚིག་ནི། ད་པྱིན་ཆད་ཁྱེད་སྤད་མཚན་གྱིས༎ བཙན་པོ་སྤུ་རྒྱལ་གྱི་ཞ།
(279) སྔར། གློ་བ་མ་རྀངས་མཐའང་མཐང་ མ་གྲང་ན༎ ནམ་ནམ་ནམ་ནམ། ཞ་ཞ་ཞ་ཞར་ཡང། དབྱྀ་ཚབ་གྱི་བུ་ལ་
(280) མ་ཉེས་པར་བཀྱོན་དབབ་རེ། འཕྲའ་མ་མྱི་དག་གསན་རེ། འཕྲའ་མ་ཞིག་གསན་ན་ཡང། ཤགས་བྱ་སྟེ།
(281) ཡུས་བཀྲོལ་ནས༎ བཀའས་མྱྀ་གཆད་རེ༎ དབྱྀ་ཚབ་ཀྱི་བུ་ཚ་ལ་ལ་ཞིག་གིས། མ་བསམས་སྟེ་སྙིང་
(282) རྀངས་ན་ཡང༎ གང་སྙིང་རྀངས་པ་ཉི་ཙེ་འི་སྒོར་མྱི་བཀྱོན་རེ༎ གཞན་བློ་ལ་མ་གཐོགས་པ་རྣམས་
(283) ལ། བཀྱོན་རེ། ཕག་དང་མཚུངས་མཚོན་གྱིས་མྱྀ་དགར་རེ། བྱ་དང་མཚུངས་ཁྱུས་བདའ་རེ། མ་ཉེས་
(284) པ་ཞྀག་གིས་རྔོ་ཐོག་ན༎ བསྐྱུང་རེ་སྨད་རེ༎ དབྱི་ཚབ་ཀྱི་བུ་གཆིག་ལ། གསེར་གྱི་ཡྀ་གེ་ལས་སྨད་རེའ༎
(285) ཁོལ་ཡུལ་ཡང་མ་ཉེས་པར་དཔྲོག་རེ༎ སྙྀང་མ་རིངས་པར་རབས་ཆད་ན། ཁོལ་ཡུལ་བཞེས་རེའ༎
(286) ཁྱེད་གློ་བ་རིངས་ན་དབུ་སྙུང་ལ་མ་གཐོགས༎ ཁྱེད་ཀྱིས་ཁོལ་ཡུལ་ཞིག་བརྗེས་སམ་པུལ་ན། དབུ་
(287) སྙུང་ལ་མ་གཐོགས། ནམ་ནམ་ནམ་ནམ། ཞ་ཞ་ཞ་ཞར། སྲས་དབོན་གྱི་ཞ་སྔར་འདྀ་བཞིན་དུ་
(288) གནང་ངོ༎ དབྱྀ་ཚབ་སྤད་སྤུན་བྲོ་སྩལད་པའ། བཙན་པོ་སྤུ་རྒྱལ་ཁྲྀ་སྲོང་བརྩན་ཡབ་སྲས་དང།
(289) གདུང་རྒྱུད་ལ། གློ་བ་འདྲིང་རེ། ནམ་ནམ་ཞ་ཞར་ཡང༎ དབོན་སྲས་རྒྱལ་པོ་གང་མཛད་པ་ལ། གློ་བ་འདྲྀང་
(290) རེ༎ གཞན་མྱྀ་འོ་ཆོག་ལ་རྗོ་བོ་ལྷག་པ་ཚོལ་རེ༎ གཞན་གློ་བ་འདྲྀང་བར་སེམས་པ་དང་བློད་རེ།
(291) ཟས་ཀྱྀ་དོན་བཞག་པ་དང། དུག་དུ་བསྲེ་རེ། བཙན་པོ་ཁྲི་སློན་བཙན་ལ། ངག་སྣ་ཆིག་འཚལ་རེའ༎
(292) བདགྀ་བདག་གྀ་ ཕུ་མ་ནུ་དང། བུ་ཚ་ལ་ལ་ཞིག་གྀས༎ སྙིང་རྀངས་སུ་བྱེད་ན༎ སྙིང་རིངས་སོ་ཞེས་ཀྱང་མྱི་འཐོལ་
(293) རེའ། པུ་ནུ་སྙྀང་རིངས་པ་འྀ་གྲོགས་བྱེད་རེ༎ བཙན་པོ་ལ་གཞན་ཞིག་སྙིང་རིངས་པར་ཚོར་ན་ཡང།
(294) མྱྀ་འཐོལ་རེ། པུར་མྱྀ་མ་ནོངས་པ་ལ༎ འཕྲའ་མ་དང་འཕྲག་དོག་མཆི་རེ། དཔོན་དུ་བཅུག་ནའ།
(295) འབངས་སོ་ཆོག་ལ་སྙིང་སྙོམས་པར་མྱྀ་འཚལ་རེ༎ བཙན་པོས་བཀའ་ཇྀ་སྩལད་པ་གཟུངས་སུ་
(296) མྱྀ་འཛིན་རེ་ཞེས་བྲོ་སྩལད་ཏོ༎ བྲོ་བོར་བ་ནྀ། དབྱི་ཚབ་དངོས་དང། བུ་བསེ་དོ་རེ་ཉ་སྟོ། སྣང་ཏོ་རེ་སུམ་
(297) སྣང། ཁྲྀ་སུམ་རྗེ་ཅུང། མང་རྗེ་བཙན་ཟུང༎ ཚ་བོ་སྟག་པོ་རྗེ་མྱེས་སྣང། མང་པོ་རྗེ་པུ་ཚབ། དང་བདུན་
(298) གྱིས་བྲོ་བོར་རོའ༎
(299) ༄༅༎ བཙན་པོ་སྲོང་བརྩན་སྒམ་པོའི་རིང་ལ༎ ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག༎
(300) གཉེན་ཞང་ཞུང། མཛོ་སུམ་པ༎ ཉག་ཉྀ་དགས་པོ༎ རྐོང་པོ། མྱང་པོ་ཀུན་ཀྱང་ལོག༎ ཡབ་གནམ་
(301) རྀ་སློན་མཚན་དུག་བོན་ཏེ་བཀྲོངས་སོ༎ སྲས་སྲོང་བརྩན་སྐུ་གཞོན་མ་ཕན་ཏེ༎ གཟོད་མ་
(302) དཀུའ་བ་དང། དུག་པ་རྣམས་རབས་བཆད་དོ༎ དེ་འི་རྗེས་ལ། དེ་འྀ་མྱི་ལོག་ཀུན་འབངསུ་འབངས་སུ་ སླར་བཀུག་
(303) གོའ༎ འུང་གྀ་འོག་དུ་མྱང་མང་པོ་རྗེ་ཞང་སྣང་གྀས། སུམ་པ་མཐའ་དག་དམགིས་དམག་གིས་ གདབ་མྱི་
(304) དགོས་པར། ལུག་རྟུག་གིས་སྒྱུ་ཕབ་སྟེ། ལྕེ་འྀ་ཐོར་ཐོ་ལ་བརྗོད་ནས། ཁྱྀམ་གྲངས་མ་ཤོར་པར་
(305) ཡོངས་ཀྱིས་འབངས་རྣལ་མར་བཀུག་གོ༎ འུང་གྀ་འོག་དུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ༎
(306) བྱང་ལམ་དུ་མ་བྱུང་མ་དྲངས་པར༎ རྒྱ་དང་འ་ཞས་དཔྱའ་གཅལ་ལོ༎ ཐོག་མ་འ་ཞ་དེ་ནས་འབངས་
(307) སུ་མངའ་འོ༎ འུང་གྀ་འོག་དུ་བཙན་པོ་སྲོང་བརྩན་དང། མང་པོ་རྗེ་ཞང་སྣང་རྗེས་འབངས་
(308) ཀྱི་བར་དུ༎ ཁྱུང་པོ་སྤུང་སད་ཀྱིས་འཕྲའ་མ་བཅུག་སྟེ། བཙན་པོ་ཞ་སྔར། ཞང་སྣང་གློ་བ་མྱི་འདྲྀང་དུ་
(309) ནྀ་འདྲིང་ཞེས་གསོལ་ཏོ༎ ཞང་སྣང་ལ་བཙན་པོ་མྱི་བཀྱོན་དུ་བཀྱོན་ཞེས་བྱས་སོ༎ འུང་ནས།
(310) ཞང་སྣང་གྀ་གློ་བ་ལ། ཁྱུང་པོ་སྤུང་སད་བདག་དང་ཤག་རག་པོ་སྟེ། སྤུང་སད་ཟེར་བ་བདེན་སྙམ་ནས།
(311) བཙན་པོ་འི་བཀའ་བྱུང་ན་ཡང། ན་ཞེས་བྱ་སྟེ། མཁར་སྡུར་བར་ཐེན་ཏེ་མཆིར་མ་རུང་ངོ༎ འུང་
(312) ནས༎ བཙན་པོ་ཞ་སྔ་ནས༎ ཞང་སྣང་གློ་བ་འདྲྀང་ཡང་དག་ཆེས་བཀའ་སྩལ་ནས། ཞང་སྣང་
(313) གྀ་མཁར་སྡུར་བ་ཡང་བསྡིགས་སོ༎ འུང་ནས་ཞང་སྣང་གི་བྲན། པ་ཚབ་གྱིམ་པོ་འཁུསྟེ་འཁུས་ཏེ་
(314) ཞང་སྣང་བརླག་གོ༎ མཁར་སྡུར་བ་ཡང་བཤིག་གོ།
(315) ༄༅༎ འུང་གྀ་འི་འོག་དུ༎ ཁྱུང་པོ་སྤུང་སད་ཟུ་ཙེས༎ མྱང་ཞང་སྣང་བཙན་པོ་ལ་གློ་བ་རིངས་པ༎ ཟུ་ཙེས་དཀུའ་བེལ་ཏེ༎ ཞང་སྣང་བཀུམ་སྟེ༎ ཟུ་ཙེ་
(316) གློ་བ་ཉེ་འོ༎ བཙན་པོ་འི་བློན་པོ་འི་ནང་ན༎ ཁྱུང་པོ་སྤུང་སད་ཟུ་ཙེ་ལས་གློ་བ་ཉེ་བ་སྔོན་ཆད་མ་བྱུང་ངོ༎ ཟུ་ཙེ་འཛངས་ཤེ་ན་འཛངས༎ དཔའ་
(317) ཞེ་ན་དཔའ་འོ༎ ཆུ་གང་ཆེ་ཞེ་ན་ཆེ༎ ཡང་བ་རྀང་ཞེ་ན་རིངོ་རིང་ངོ་ མྱྀ་ཆིག་ལ་ཚོགས་དགུའ་ཚོགས་ན༎ སྤུང་སད་ཟུ་ཙེ་འོ༎ འུང་གྀ་འོག་དུ།
(318) བཙན་པོ་འདྀ་འི་རིང་ལ༎ ཁྱུང་པོ་སྤུང་སད་ཟུ་ཙེ་ལྟ་ཞྀག༎ རྒས་ཏེ་ཉི་མ་འདེར་གནང་ངོ༎ བཙན་པོ་ཞ་སྔར་ཁྱུང་པོ་སྤུང་སད་ཀྱིས་གསོལ་པའ།
(319) སྔོན་བཙན་པོ་འི་ཡབ་གནམ་རྀ་འི་རིང་ལ༎ བདགྀས་བདག་གྀས་ རྩང་བོད་འབངས་སུ་བཀུག་པ་ལྟ་ཞིག༎ ཡབ་ཀྱིས་སྤྱན་གྱྀས་མ་གཟིགས༎ ཞབས་
(320) ཀྱྀས་མ་བཆགས་ན༎ བཙན་པོ་སྲས་ཀྱྀས་སྤྱན་གྱྀས་གཟིགས༎ ཞབས་ཀྱྀས་བཆགསྟེ་བཆགས་ཏེ་ བདགྀ་བདག་གྀ་ སྡུམ་པ་ཁྲྀ་བོམསུ་བོམས་སུ་ དགྱེས་སྐྱེམས།
(321) སྟོན་མོ་གསོལ་དུ་ཇྀ་གནང་ཞེས་གསོལ་ནས༎ བཙན་པོས་སྤུང་སད་གསོལ་བ་བཞིན་གནང་སྟེ༎ མགར་ཡུལ་ཟུང་ཕོ་བྲང་ས་འདྲིར་
(322) བཀའ་སྩལ་ནས༎ ཡུལ་ཟུང་ཁྲི་བོམས་སུ་མཆིས་ཏེ། བརྟགས་ན༎ དཀུ་གང་པུབ་པར་ཡུལ་ཟུང་གྀས་ཚོར་ནས༎ ཡུལ་ཟུང་སླར་བྲོསྟེ་བྲོས་ཏེ་
(323) བཙན་པོ་འི་སྙན་དུ་གསོལ་ཏོ༎ ཡུལ་ཟུང་སླར་བྲོས་པ་འྀ་རྗེས་ལ༎ ཁྱུང་པོ་སྤུང་སད་རང་ལྕེབསྟེ་ལྕེབས་ཏེ་ གུམ་ནས། མགོ་བཆད་དེ༎ བུ་ངག་
(324) རེ་ཁྱུང་བསྐུར་ནས༎ སྐུར་མཁར་པྱིང་བར་མཆྀས་སོ༎ བཙན་པོ་འི་སྙན་དུ་ངག་རེ་ཁྱུང་གྀས་གསོལ་པའ༎ བདགྀ་བདག་གྀ་ ཕ་རྒས་ཀྱི།
(325) ལ་གར༎ བཙན་པོ་འི་ཞ་སྔར་གློ་བ་རྀངས་ནས༎ ཚམས་བསྡལ་བར་ཆད་པའ༎ མགར་ཡུལ་ཟུང་ལ་འཐོལ་བར་བགྱིས་པ་ལས།
(326) ཡུལ་ཟུང་གྀས་ཀྱང་ཚོར་ཏེ། ཡུལ་ཟུང་ནྀ་སླར་མཆིས༎ བདགིས་བདག་གིས་ ཕ་བཀུམ་ནས༎ མགོ་བཆད་དེ་མཆིས་ན༎ སྲིད་མྱི་བརླག་
(327) པར་ཇྀ་གནང་ཞེས་གསོལད་ཏོ༎ བཙན་པོ་ཁྲི་སྲོང་བརྩན་གྱིས་ཀྱང༎ ངག་རེ་ཁྱུང་གིས་གསོལ་པ་བཞིན་གནང་སྟེ༎ སྲྀད་མ་བརླགོ་བརླག་གོ་
(328) ༄༅། ༔། བཙན་པོ་ཁྲི་འདུས་སྲོང༎ སྐུ་ཆུང་ནས་གཞོན་གྱིས་ཀྱང༎ ཕག་རྒོད་ལ་བཤན་གྱྀས་མཛད། གཡག་རྒོད་སྒོག་དུ་བཅུག༎
(329) སྟགྀ་སྟག་གྀ་ རྣ་བ་ལ་བཟུང་བ་ལ་སྩོགས་པའ༎ ཐུགས་སྒམ་བ་འྀ་སྟེང་དུ། སྐུ་རྩལ་ཆེད་པོས་བསྣན་ཏེ། མྱྀ་དང་མྱི་འདྲའ་བར་འཕགས་
(330) པས༎ ཉྀ་ངོག་རྒྱལ་པོ་ཐམས་ཆད་དང། འབངས་མགོ་ནག་པྱོགས་ཀྱིས༎ མཚན་བླ་དགས་འཕྲུལ་གྱི་རྒྱལ་པོ་ཞེས།
(331) བཏགསྟེ་བཏགས་ཏེ་ བཀའ་མཆིད་ཀྱི་དཔེར་བརྗོད་དོ༎ མགར་ལ་སྩོགས་པ་བློན་པོ་ཁ་ཆིག་གློ་བ་འདྲྀང་ན༎ ཐུགས་སྒམ་བ་དང།
(332) དབུ་རྨོག་བརྩན་པོས་གཉེར་ནས༎ གློ་བ་རྀངས་པ་ཐམས་ཆད་བཀྱོན་ཕབ་སྟེ༎ པྱག་ན་ཆབ་སྲིད་སྔོན་བས་ཀྱང།
(333) མཐོ༎ དྲུ་གུ་ལ་སྩོགས་སྟེ་ཉྀ་ངོག་གཞན་འབངས་སུ་བཀུག་ཅིང། དཔྱའ་ཕབ་པ་དང། མཁར་སྲ་བ་ཕབ།
(334) ཡུལ་པྱུག་པོ་བཅོམ་སྟེ་ཆབ་སྲིད་ལེགས་པ་མང་པོ་ནི་འདི་འི་ནང་དུ་མ་གཐོགས༎ འུང་གྀ་འོག་དུ་འཇང་
(335) ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱའ་ཕབ༎ མྱྭ་ནག་པོ་འབངསུ་འབངས་སུ་ བཀུག་པ་ལ་སྩོགསྟེ་སྩོགས་ཏེ་
(336) རྒྱལ་པོ་འདྀ་ལས༎ དབུ་རྨོག་བརྩན་ཞིང། ཆབ་སྲྀད་མཐའ་སྐྱེས་པ་ནྀ་སྔན་ཆད་གདུང་རབས་ཀྱིས་
(337) མ་མཛད་དོ༎
(338) ༄༅༎ རྒྱལ་པོ་ཁྲི་ལྡེ་གཙུག་བརྩན་གྱྀ་རིང་ལ༎ རྗེད་གཤྀན་ཆིས་འཇམ་སྟེ། མྱྀ་ཡོངས་ཀྱིས་སྐྱྀད་དོ༎ བློན་ཆེ་སྟག་སྒྲ་
(339) ཁོང་ལོད་དང་། རྗེ་བློན་མོལ་ནས༎ རྒྱལ་པོ་ཞབས་ཀྱྀས་བཙུགས་ཏེ༎ རྒྱ་ལ་ཆབ་སྲིད་མཛད་ན༎ རྒྱ་འི་
(340) མཁར་ཀྭ་ཅུ་ལ་སྩོགས་པ་ཕབ་སྟེ༎ དེ་ཙམ་ན་རྒྱ་འི་སྲིད་ཆེས་ནས༎ བྱང་ཕྱོགས་ཀྱི་དྲུ་གུ་ཀུན་ཀྱང་འདུས་ལ༎
(341) ཏ་ཟྀག་ལ་ཐུག་པ་མན་ཆད་རྒྱ་འྀ་ཁམས་སུ་གཐོགས་སྟེ༎ རྒྱ་འྀ་ནོར་མང་པོ་སྟོད་པྱོགས་སུ་འདོན་པ་རྣམས༎ ཀྭ་
(342) ཅུ་ན་ཚོགས་བྱས་པ་ལས༎ ཐམས་ཆད་བོད་ཀྱིས་ཕབ་སྟེ་བཞེས་པས༎ བླར་ཡང་དཀོར་མང་པོ་བརྙེས༎ འབངས་
(343) མགོ་ནག་པོས་ཀྱང། རྒྱ་དར་བཟང་པོ་ཁྱབ་པར་ཐོབ་བོ༎ ལྷོ་པྱོགས་ཀྱྀ་སྨད་ན་འཇང་དུམ་མྱྭ་དཀར་པོ་ཞེས་
(344) བྱ་བ་འི་རྒྱལ་པོ་སྡེ་མྱྀ་ཅུང་བ་ཞིག་འདུག་པ༎ རྒྱལ་པོ་ཐུགས་སྒམ་པོ་འི་རླབས་དང་ཐབས་ཀྱིས་བཀའ་སྩལ་ཏེ།
(345) མྱྭ་འྀ་རྒྱལ་པོ་ཀག་ལ་བོང་ཞེས་བྱ་བ༎ འབངས་སུ་པྱག་འཚལ་ནས། ཐབས་གཅུང་སྩལ་ཏེ། མྱི་མང་གྀ་
(346) སྣོན་བཏབ། ཡུལ་ཆེ་འྀ་ནི་འདབ་བསྐྱེད་དོ༎ འཇང་གྀ་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས་པས༎ རྒྱ་འྀ་ཆབ་སྲིད་
(347) ལ་ཡང་ཤྀན་དུ་དམའ་ཞྀང། མྱྀ་བདེ་བར་བྱས་སཱོ༎ འཇང་མྱྭ་འྀ་རྒྱལ་པོ་ལྟ་ཞྀག་རྒྱ་ལ་ལྟ་ལྟ་བ་ལས༎ རྒྱ་རྗེས་
(348) དགྲར་བླངསྟེ་བླངས་ཏེ་ བཙན་པོ་ཁྲྀ་ལྡེ་བཙུག་བརྩན་གྱི་ཞ་སྔར་གློ་བ་ཉེ་ནས༎ རྒྱ་ཡུལ་ཕབ་ཀྱིས་ནྀ་ཡུལ་དང༎
(349) མཁར་དུ་བཆས་ཏེ་ཕུལ༎ གཡུལ་སྤྲད་ཀྱིས་ནྀ། རྒྱ་བཙོན་ལུག་ལྟར་བསྐྱངས་སོའ༎ འུང་ནས་བཙན་པོ་
(350) ཁྲྀ་ལྡེ་གཙུག་བརྩན་གྱི་ཞ་སྔར༎ ཕང་དང་གྀ་ཁང་མོ་ཆེར༎ ཀག་ལ་བོང་གི་བློན་པོ། དྭན་ཅུང་ཀོག།
(351) པྱག་འཚལ་བ་འྀ་ཚེ༎ བཙན་པོ་རྗེས་འབངས་ཀྱིས་མགུར་བླངས་པ་འྀ་ཚིག་ལ༎ དགུང་སྔོ་ནི་བདུན་རིམ་
(352) གྱྀ༎ ལྷ་ཡུལ་ནི་གུང་དང་ནས༎ ལྷ་སྲས་ནྀ་མྱི་འི་མགོན། མྱྀ་ཡུལ་ནྀ་ཐམས་ཆད་དང། མྱི་མཚུངས་
(353) ནྀ་མྱི་འདྲའ་སྟེ༎ ཡུལ་མཐོ་ནི་ས་གཙང་བས༎ བོད་ཡུལ་ནྀ་གཤང་དུ་གཤེགས༎ མྱྀ་ཡུལ་ནྀ་ཀུན་ཀྱི་
(354) རྒྱལ༎ ཆོས་བཟང་ནྀ་གཙུག་ཆེ་བས༎ རྒྱལ་པྲན་ནྀ་ཀུན་ཀྱང་འདུམ༎ ན་ནིང་ནྀ་གཞེ་ནིང་སྔ། ཆབ་
(355) ཆབ་ནྀ་མ་གཞུག་ནས༎ ལ་བོང་ནི་རྗེ་དང་སྐོལ། བློ་ཆེ་ནི་དཀྱེལ་མཁས་ལ༎ རྒལ་མཁས་ནི།
(356) ཁོང་དཔའ་བས༎ རྒྱ་རྗེ་ནྀ་བསམ་ལང་ལ། དགྲའ་བཞེར་ནྀ་གཡུལ་སྤྲད་ཅིང། དགྲ་ཟྀན་ནྀ་གསར་
(357) སྤངས་པས༎ སྲྀད་ཀྱི་ནི་མགོ་བཟུང་ཞྀང། ཕ་སྐྱབས་ནྀ་སྡུག་བཙལ་པའ༎ ལྷ་སྲས་ནྀ་བཙན་ལ།
(358) བཙལ༎ ལྷ་སྲས་ནྀ་གཙུག་ཆེ་ལ༎ ཆོས་བཟང་ནྀ་རྗེད་གཤིན་ཞྀང་བཀའ་དྲང་ནྀ་གསུང་རྟག་ལའ།
(359) ལ་བོང་ནྀ་སྲིད་གསོལ་བའ་+འ་ མྱྀ་སྲྀད་ནྀ་ལྷས་མཛད་ཀྱིས། སྲྀད་ཆེ་ནི་མཐའར་མྱི་འགྱུར། ལ་བོང་ནྀ་རྗེ་དང་
(360) སྐོལ། དཔའ་འྀ་ནི་ལས་བྱས་པའ༎ རྒྱ་མཁར་ནྀ་མཐོའ་བཤིག་ཅིང། རྒྱ་འབངས་ནྀ་མང་བསྡུས་ནས།
(361) ཡུལ་དང་ནྀ་སྡེར་བཆསྟེ་བཆས་ཏེ་ བོད་ཡུལ་ནི་ཐིལ་མཐིལ་ དུ་བགྱིས། ཡར་ཏེ་ནྀ་གནམ་ཡང་དགྱེས། མར་ཏེ་ནྀ་ས་ཡང་
(362) དགའ། ལ་བོང་ནྀ་རྗེ་དང་སྐོལ། ཇེ་ཉེ་ནྀ་ཇེ་ཉེ་འོ། ལྷ་ཉེ་ནི་གུང་དང་ཉེ། ཇེ་བརྟན་ནྀ་ཇེ་བརྟན་ན། ཤམ་པོ་ནི་གཉན་
(363) ལ་བརྟན། དྀ་རིང་ནི་སང་ལྟ་ན། ཅུང་ཀོག་ནྀ་དཔོན་དང་གཡོག། གནམ་ས་ནྀ་ཡིད་སྦྱོར་བ། ན་བུན་ནི་ལྷ་འི་
(364) སྦུབས། འགེང་གང་ནྀ་ཀུན་ལ་དཔེན༎ སྔ་བསུས་ནྀ་པྱིས་བསྐྱལ་ཞྀང། ཀླུ་བླངས་ནྀ་བྲོ་བརྡུངས་པའ། དགོས་
(365) ཀྱིས་ནྀ་རིམ་གྲོ་བགྱིའ༎
(366) ༄༅། ༔། བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱྀ་རིང་ལ༎ ཆོས་བཟང་སྲྀད་ཆེ་སྟེ། རྒྱལ་པོ་ནྀ་གནམ་ས་གཉྀས་ཀྱི་བར་ཡུལ་དུ་
(367) བརྣམ་ཞྀང༎ འགྲེང་དུད་གཉིས་ཀྱྀ་རྗེ་དང་བདག་མཛད་པ་འྀ་གཙུག་ལག་ཆེན་པོ། མྱྀ་འི་དཔེར་རུང་བར་མཛད་དཱོ༎
(368) ལེགས་ཀྱི་བྱ་དགའ་ནྀ་རངས་པར་བྱིན། ཉེས་ཀྱྀ་ཆད་པ་ནྀ་དམྱིགས་སུ་ཕོག་པར་མཛད་དོ༎ འཛངས་པ་དང་དཔའ་
(369) བོ་འི་རྀ་མོ་བསྐྱེད་དོ༎ ངན་པ་མ་རབས་ནྀ་ཆིས་ཀྱིས་གསོས་སོའ༎ དེ་འྀ་ཚེ་བློན་པོ་སྲིད་བྱེད་པ་འྀ་རྣམས་ཀྱང།
(370) བློ་མཐུན་གྲོས་གཆིག་སྟེ༎ པྱྀ་འི་དགྲའ་བྱུང་བ་ལ། ཐབས་དང་ཡེ་མྱིག་ཆེར་བྱེད། ནང་གྀ་ཆོས་བྱ་བ་ལ་དྲང་ཞྀང་འགྲུས་
(371) སུ་བྱེད༎ འཕྲག་མྱྀ་དོག། ཉེས་མྱྀ་བྱེད༎ དཔའ་འཛངས་གཉྀས་ནྀ་རླག་པ་བཞིན་བཙལ་ཏེ། འཛངས་པ་དཔའ་
(372) བོ་ནི་ཆེ་ས་ཆུང་སར་བསྟོད་ནས། ས་ས་ཡུལ་ཡུལ་དུ་བཀོད་དོ༎ འབངས་འོག་མ་དལ་ཞྀང་ཡུལ་ན་འཁོད་པ་
(373) ནྀ༎ འཛངས་དྲང་གཉྀས་སློབ་བཱོ། དམག་མྱི་སོ་ལ་འཁོད་པ་ནྀ་དཔའ་བ་འྀ་ཐབས་དང། རྩལ་སློབ་བོ༎ བློ་སྒྱུ་
(374) གཉྀས་ཀྱི་རླབས་ཆེད་པོས་ཐུབ་པས༎ སྡང་དགྲའ་སྡོ་བ་ཡང་མྱེད་དོ༎ སངས་རྒྱས་ཀྱྀ་ཆོས་བླ་ན་མྱེད་པ་བརྙེསྟེ་བརྙེས་ཏེ་
(375) མཛད་ནས༎ དབུས་མཐའ་ཀུན་དུ་གཙུག་ལག་ཁང་བརྩིགས་ཏེ། ཆོས་བཙུགས་ནས། ཐམས་ཤད་ཀྱང་སྙིང་
(376) རྗེ་ལ་ཞུགས་ཤྀང་དྲན་བས་སྐྱེ་ཤི་ལས་བསྒྲལ་ཏོ། གཡུང་དྲུང་དུ་བཏོན་ཏོ༎ རྗེ་བློན་མོལ་ཏེ། ཞང་མཆིམས་
(377) རྒྱལ་ཟྀགས་ལ་སྩོགས་པས་རྒྱ་འྀ་མཁར་ཀིང་ཤྀ་ཕབ་སྟེ། རྒྱ་རྗེ་གྭང་བུ་ཧྭང་ཏེ་བསྐོས་སོ༎ ལེགས་པ་ཞིན་
(378) པ་འི་བྱ་དགའ། གཡུ་འྀ་ཡི་གེ་ཆུ་ངུ་ནམ་ནམ་ཞར་ཞར་བྱིན་ནོ༎ དབའས་སྐྱེས་བཟང་སྟག་སྣང་གིས༎
(379) རྒྱ་འྀ་དམག་པོན་ཧོན་ཛེ་སངས་དང། འགུའ་ལོག་སྒང་དུ་གཡུལ་སྤྲད་ནས། རྒྱ་མང་པོ་བཐུངས་སྟེ།
(380) འགུའ་ལོག་རྒྱ་དུར་དུ་བཏགསཱོ་བཏགས་སཱོ་ སྦྲང་རྒྱལ་སྒྲ་ལེག་ཟིགས་ཀྱིས། སྟོད་ཕྱོགས་སུ་དྲངསྟེ་དྲངས་ཏེ་ མུ་ཡུངསུ་ཡུངས་སུ་
(381) གཡུལ་བཟློག་ནས། ལུང་གྀ་རྒྱལ་པོ་ནུང་ཀོག་མན་ཆད་འབངས་སུ་བསྡུས། དབའས་བཙན་བཞེར་མདོ་
(382) ལོད་ལ་སྩོགས་པས། མཁར་ཚན་ཡན་ཆད་དུ་དྲངསྟེ་དྲངས་ཏེ་ མཁར་ཅུ་པ་བརྒྱད་ཕབ་ནས། དོར་པོ་བཏོན་ཏེ།
(383) འབངས་སུ་བཞེས་སོ༎ ཆབ་སྲྀད་ཆེ་སྟེ་ལོང་ཤན་ལ་རྒྱུད་ཡན་ཆད༎ པྱག་དུ་བཞེས་ནས། མཐོང་ཁྱབ་
(384) ཁྲྀ་སྡེ་ལྔ་བཙུགས། བདེ་བློན་ཁམས་ཆེད་པོ་གཆིག་གསར་དུ་བསྐྱེད་དོ༎ བློན་ཆེ་སྣང་བཞེར་ཟླ་བརྩན་
(385) འཛངས་ཤྀང་མཁས་ལ། བཀྲའ་ཤྀས་ཤིང་ཁ་དྲོ་བས། ནོར་བུ་རྀན་པོ་ཆེ་འི་ཡི་གེ་སྩལ་ཏོ༎ འབངས་
(386) ཀྱྀ་ནང་ན། དོར་ཏེ་པྱུག་ཚམས་སྟེ་འཛོམ་དཔའ་བ་འྀ་མཚན་མར། སྟགྀ་སྟག་གྀ་ ཐོག་བུ་སྩལ་ཏོ༎ བཙན་
(387) པོ་འི་ཞ་སྔ་ནས། ཐུགས་སྒམ་བ་འྀ་རླབས་དང། དབུ་རྨོག་བརྩན་པོ་འི་བྱིན་ཀྱིས༎ ཉི་ངོག་རྒྱལ་
(388) པོ་གཞན་དཔྱའ་ཕབ་པ་དང། རྒྱལ་པྲན་འབངས་སུ་བཀུག་པ་ལ་སྩོགས་པ་ཕྱིར༎ ཆབ་སྲིད་མཐའ་
(389) བཞིར་བསྐྱེད། ནང་གྀ་བདེ་བ་ནྀ་སྙོམས་པར་མཛད་དེ༎ བོད་འབངས་ཀྱི་ནང་ནས་ཞོ་ཤ་འབུལ་འབུལ་
(390) བ་རྣམས་ཀྱང། ཡང་དག་པར་གཡུང་དྲུང་གྀ་བཀའ་དྲིན་མ་བྱིན་བ་མྱེད་དོ༎ བཙན་པོ་འདྀ་ལས་ཆབ་
(391) སྲིད་ཆེ་བ། སྔོན་ཆད་གདུང་རབས་ཀྱིས་མཛད་པ་ལ་ནྀ་མ་བྱུང་ངོ༎ རྒྱལ་པོ་འདྀ་འྀ་རིང་ལ། འབྲོ་ཁྲི་གཟུའ་
(392) རམ་ཤགས་ཀྱིས། སྟོད་པྱོགས་སུ་དྲངསྟེ་དྲངས་ཏེ་ ལྀ་འབངས་སུ་བཀུག་ནས་དཔྱའ་ཕབ་བོ༎ འུང་གྀ་འོག་
(393) དུ་མྱྭ་དཀར་པོ་འབངས་སུ་མངའ་བ་ལས། གློ་བ་རྀངས་པ་འྀ་ཚེ། དམག་ཕོན་འབྲོ་རམ་ཤགས༎
(394) བཀའ་སྩལ་ནས། བྲག་རྩེར་ནོལ་ཐབས་བཀྱེ་བ་འི་ཚེ༎ འཇང་མང་པོ་བཀུམ་ནས༎ སྤྱན་ཆེན་
(395) པོ་ཉིང་རིམ་དང། སྣ་ལ་གཐོགས་པ་དང། དམངས་ཡན་ཆད་སུམ་བརྒྱའ་རྩ་བཅུ་གཉྀས་བཟུང་ནས།
(396) འཇང་རྗེ་གོལ་གྱིས་ཀྱང་པྱག་འཚལ་ཏེ། འབངས་རྣལ་མར་བཀུག་ནས། དཔྱའ་ཕབ་སྟེ་སྔ་མཁོ་བཞིན་དུ་
(397) བཀོད་དོ༎
(398) ༄༅། ༔། རྒྱལ་འདྀ་འི་རིང་ལ༎ ཞང་ཞུང་ལྟེ་བུ༎ གཉེན་གྱྀ་ཡང་དོ༎ འཐབ་ཀྱྀ་ཡང་སྐལ་ཏེ༎ ཞང་ཞུང་བདག་དུའ།
(399) བཙན་མོ་སད་མར་ཀར༎ ལྀག་མྱི་rhya ལ་ཆབ་སྲྀད་ལ་གཤེགས་སོ༎ སྔ་ན་ཤུད་ཀེ་ཟ་རྩལ་ཐྀང་ཤགས་མཆིས་སྟེ༎ བཙན་མོ་དང་ནྀ་མྱི་
(400) བནལ་བར༎ ལྀག་མྱི་rhya ལ་ཤུད་ཀེ་ཟ་རྩལ་ཏིང་ཤགས་གནང་སྟེ༎ བཙན་མོ་ཡང་ལྀག་མྱི་rhya འྀ་སོ་ནམ་དང་བུ་སྲྀད་མྱི་མཛད་ཆིང་ལོག།
(401) ཤྀག་ན་བཞུགས་པར༎ འདིར་དྲལ་གྱྀ་སྙན་དུ་གདའ་སྟེ༎ བཙན་མོ་དེ་ལྟར་ལོག་པ་བགྱྀས་ན༎ ཆབ་སྲིད་ཀྱྀ་དཀྲུགས་མར་འགྱུར་[བས?]
(402) དེ་ལྟེ་བུ་མ་བགྱིད་པར༎ ལྀག་མྱི་rhya འྀ་སོ་ནམ་དང་བུ་སྲིད་ཟུང་ཤྀག་ཆེས༎ སྤུག་གྱིམ་བརྩན་རྨང་ཅུང་བཀའ་སྩལ་ཏེ༎ མཁར་
(403) ཁྱུང་ལུང་དུ་མཆིས་ན༎ བཙན་མོ་མྱི་བཞུགས་ཏེ༎ ཆབ་ཉ་ལ་རོལ་ཞིང༎ མཚོ་མ་པང་དུ་གཤེགས་ནས༎ རྨང་ཅུང་མ་པང་དུ་
(404) མཆིས་ཏེ༎ བཙན་མོ་ཞ་སྔར་པྱག་བགྱྀས་ན༎ བཙན་མོ་ཞལ་ནས༎ བཙན་པོ་དྲལ་གྱྀ་ཞ་སྔ་ནས༎ ཐུགས་བདེ་འམ་མྱི་བདེ་
(405) ཞེས་བཀའ་སྩལ་ཏོ༎ ཐུགས་བདེ་ཞེས་གསོལ་ཏོ༎ རྨང་ཅུང་གློ་བ་བདེ་འམ་མྱི་བདེ་ཞེས་རྨས་ན། གློ་བ་བདེ་ཞེས་གསོལ་ཏོ༎
(406) འུང་གྀ་རྗེས་ལ། བཙན་པོ་དྲལ་གྱིས་བཀའ་འདྀ་ཞེས་སྩལ་ཏོ་ཞེས་གསོལ་ཏོ༎ བཙན་མོ་ཞལ་ནས༎ རྨང་ཅུང། བཙན་པོ་དྲལ་
(407) གྱི་ཞལ་དང་འདྲའ་སྟེ། མགྲོན་ཀྱིས་པྱག་ལ་འཚོལ་ཆིག་ཆེས་པྱག་ལ་སྩལ་ནས༎ བཙན་མོས། མགུར་བླངས་པའ༎
(408) ཡུལ་གྱི་སྐལ་པོག་པ། ཁྱུང་ལུང་ནྀ་རྡུལ་མཁར་ཞིག༎ མུ་སུ་ནྀ་གཞན་ན་རེ། པྱི་བལྟས་ནྀ་ངམ་དང་བྲག༎ ནང་བལྟས་ནྀ་གསེར་དང་དབྱིག།
(409) བདགྀ་བདག་གྀ་ ནི་གཡར་སྔ་རུ་མཆིས་སུ་ནྀ་མ་ཐོ་འམ༎ སྐྱ་མོ་ནི་བསེང་བསེང་མོ༎ བྲན་གྱི་ནྀ་སྐལ་པོག་པ༎ གུ་གེ་ནྀ་རྐང་པྲན་ཞིག།
(410) འཁོལ་དུ་ནྀ་མ་ཐོ་འམ༎ གུ་གེ་ནྀ་བདྲིས་ཤིང་སྡང༎ ཟས་ཀྱྀ་ནི་སྐལ་པོག་པ། ཉ་དང་ནྀ་གྲོ་མཆིས་ཏེ། འཚལ་དུ་ནྀ་མ་ཐོ་འཾ་
(411) ཉ་གྲོ་ནྀ་བཆའ་ཞིང་ཁའ༎ པྱུགས་ཀྱི་ནྀ་སྐལ་པོག་པ། ཤ་དང་ནྀ་རྐྱང་མཆིས་སྟེ༎ འཚོ་རུ་ནྀ་མ་ཐོ་འམ། ཤ་རྐྱང་
(412) ནྀ་བཙའ་ཞིང་རྒོད༎ ཀྱེ་བྱང་འབྲོག་ནི་ཡ་བྀ་ན༎ ཕོ་མ་འི་ནྀ་འབྲོང་གཆིག་པ༎ བྱང་འབྲོག་ནི་འབྲོང་དགུམ་ན༎ པུ་ནས་
(413) ནྀ་ཁུས་འདེབས་པའ༎ ལྡོང་ཐོང་ནྀ་འཕན་གྱིས་ཐོབ༎ མདའ་ནས་ནྀ་གཡབ་འདོར་བ་སྐྱི་འྀ་ནྀ་ཤ་དང་སྤུག༎ དབུས་
(414) ནས་ནི་དཔོར་འབར་ འཕེན་བ༎ ཡར་ཀྱྀ་ནི་ལྷོ་དང་རྔེགས༎ པུ་ནས་ནྀ་ཁུས་བཏབ་ཆིང༎ མདའ་ནས་ནྀ་གཡབ་བོར་ནས༎
(415) དེ་འི་ནི་བར་བར་དུ། ཕོ་མ་འྀ་ནི་༌འབྲོང[*'brong] བཀུཾ་ཞིང༎ ཐུར་ཐུར་ནྀ་པྱིང་བ་འྀ་བཅུད༎ རུ་རྒྱུས་ནྀ་ལྡོང་ཏོང་སྩལད། ཤ་ལྐོ་ནི་ལྷེ་ལྷོ་ རྔེགས་
(416) སྩལད༎ ལྦོ་ཤོག་ནྀ་ཤ་སྤུག་སྩལད༎ མཆིལ་པ་འྀ་ནྀ་རུ་སྲུབས་ལ། སྟགི་སྟག་གི་ ནྀ་ཤ་བཏགས་ཤིང། གཡས་སུ་ནྀ་མ་ཡོ་ཤིག།
(417) གཡོན་དུ་ནྀ་མ་རྡལ་ཆིག༎ གཡས་སུ་ནྀ་ཡོ་བ་ན་སོ་བྱ་ནྀ་གྲེ་བོ་ཆུང༎ གཡོན་དུ་ནྀ་རྡལ་བ་ན་སྲམ་བུ་ནྀ་གོང་ཏེ་དངུལ༎
(418) མར་གྱྀ་ནི་ཆང་ཆང་ལ་གྱུར་གྱིས་ནྀ་མ་བནབས་མནབས་ ན༎ སང་པྱི་ནྀ་གནངས་སླད་ན་སྲམ་གྱིས་ནྀ་འཚལ་ཏ་རེ༎ ཉ་མོ་ནི་མཐོང་
(419) རྒོལ་ཞིག། མཐོང་རྒོལ་ནི་མཐོང་ལ་རྒོལ། མཆིལ་པ་འྀ་ནི་སྣང་ཐོགས་ཤིག། སྣང་ཐོགས་ནྀ་སྣང་ལ་ཐོགས༎ རིང་གི་
(420) ནྀ་གོད་ལན་དང། ས་འྀ་ནི་ཤེལ་མྱྀག་གཉིས་ག་མྱྀ་ནི་གྱྀ་གོ་ལྟ༎ ཇེ་ཉེ་ནྀ་ཇེ་ཉེ་ན། ཡར་པ་ནྀ་དགུང་དང་ཉེ། དགུང་སྐར་ནྀ་སི་
(421) ལྀ་ལི༎ ཇེ་ཉེ་ཇེ་ཉེ་ན། གླ་སྐར་ནྀ་བྲག་དང་ཉེ། བྲག་སྐར་ནྀ་སི་ལི་ལི༎ སྡུར་བ་ནྀ་ཆབ་དང་ཉེ། གྱུར་སྲམ་ནྀ་པྱོ་ལ་ལའ༎
(422) ཉེན་ཀར་ནྀ་དོག་དང་ཉེ། འབྲས་དྲུག་ནི་སི་ལྀ་ལི༎ མལ་ཏྲོ་ནྀ་ཀླུམ་དང་ཉེ། སྐྱི་བསེར་ནི་སྤུ་རུ་རུ༎ ཇེ་ཉེ་ནི་ཇེ་
(423) ཉེ་ན། ར་ཉེ་ནི་ཤུག་པ་ཐུ༎ ཡར་གྱི་ནི་བྱེ་མ་ལ། ལྷན་ལྷན་ནྀ་འགྲོས་མོ་འདི༎ སྐྱི་འི་ནྀ་པུར་ཐབསུ་ཐབས་སུ་ ཟ་དུར་ནི་བཏབ་
(424) ཀྱང་རུང་ཞེས། མགུར་བླངས་པ་འྀ་རྗེས་ལ། རྨང་ཅུང་མཆིད་བྱག་བགྱིས་པ་ལས༎ བཙན་པོ་དྲལ་ལ། བཀའ་ལན་ཡྀ་གེར་
(425) གསོལ་བ་ནྀ་ཆང་མ་མཆིསོ་མཆིས་སོ་ བཙན་པོ་དྲལ་གྱི་ཞ་སྔ་ནས་ཐུགས་བདེ་ཞིང་བཞུགས་པ་གློ་བ་དགའ་ཞིང་མཆིས་སོ།
(426) བཙན་པོས་བཀའ་སྩལ་པ་ནྀ། གུམ་ཆད་གཉིས། རྔོ་ཇི་ཐོག་གིས་འཚལ་ཞིང་མཆིས་སོ༎ བཙན་པོ་འི་པྱག་དུ་
(427) འདྀ་པུལ་ཆིག་ཆེས། ཞུ་གཡག་ཞུ་གཆིག་པྱག་རྒྱས་བཏབ་ནས་བསྐུར་རོ༎ གྱིམ་བརྩན་རྨང་ཅུང་སླར༎
(428) བཙན་པོ་སྤྱན་སྔར་མཆྀས་ནས༎ བཙན་མོས་བཀའ་ལན་ཡྀ་གེར་གསོལ་པ་ནྀ་ཆང་མ་མཆིས༎ མགུར་བླངས་པ་
(429) འྀ་ཚིག་ནྀ་འདྀ་ཞེས་མཆི། པྱག་རྒྱས་བཏབ་སྟེ་སྐུར་བ་འདྀ་ལགས་ཤེས་གསོལ་པ་ལས༎ ཞུ་པྱག་རྒྱ་པྱེ་སྟེ།
(430) གཟིགས་ན། གཡུ་རྙིང་བཟང་པོ་སུམ་ཅུ་ཙམ་ཞིག་བྱུང་སྟེ༎ བཙན་པོ་དགོངས་དགོངས་ནས། ཡུ་བུས་ལིག་
(431) མྱྀ་rhya ལ་རྒོལ་ཕོད་ན་ནྀ་གཡུ་ཐོགས་ཤིག༎ རྒོལ་མ་ཕོད་ན་ནྀ་བུད་མྱེད་དང་མཚུངས་ཞུ་གྱོན་ཆིག་ཟེར་
(432) བ་ལྟ་ཞེས་བཀའ་སྩལ་ནས༎ རྗེ་བློན་བློད་བློད་དེ༎ ལྀག་མྱི་rhya འྀ་སྲིད་བརླག་གོ༎
(433) ༄༅། ༔། རྒྱལ་འདྀ་འི་རིང་ལ༎ ཞང་ཞུང་གྀ་རྒྱལ་པོ་ལ་དྲངས་སྟེ། ཆབ་སྲིད་མཛད་ནས༎ ཞང་ཞུང་གྀ་རྒྱལ་པོ་ལྀག་མྱི་rhya སྲིད་བརླག་སྟེ༎
(434) ཞང་ཞུང་ཐམས་ཆད་འབངས་སུ་བཀུག་གོ༎ འུང་གྀ་རྗེས་ལ༎ བཙན་པོ་རྗེས་འབངས་དགྱེས་སྐྱེམས་སྟོན་མོ་གསོལ་ཏེ།
(435) བཙན་པོ་ཁྲི་སྲོང་བརྩན་གྱིས་མགུར་བླངས་པ༎ ཀྱེ་རྗེ་འི་ནྀ་མཚན་བ་འདི༎ ཁྲྀ་འི་ནྀ་སྲོང་བརྩན་ཞིག༎ བློན་གྱྀ་ནི་མྱིང་བ་
(436) འདྀ༎ སྟོང་རྩན་ནི་ཡུལ་ཟུང་ཞྀག༎ ཆིབས་ཀྱྀ་ནི་མྱིང་བ་འདྀ༎ རྔུལ་བུ་ནྀ་གཙང་གཙང་ལྟ༎ གཙང་གཙང་ནི་ཡང་ཡང་ལྟ།
(437) ཡུ་བུ་ནྀ་རྗེ་དང་བློན༎ ཡར་མོ་ནི་ཆུ་ཐུངས་ཀྱིས༎ མདོ་ནས་ནྀ་རྩང་དུ་བསྲིང༎ ཡར་མོ་ནྀ་ཞེང་ཆུངས་ཀྱིས་ལྷོ་ནས་ནྀ་བྱང་
(438) དུ་བསྐྱེད༎ མ་བྲུན་ནྀ་མཐའ་བཞི་རྒྱལ༎ ཡུ་བུ་ནྀ་རྗེ་དང་བློན༎ རྗེ་འིས་ནྀ་འབངས་མ་གཏང། རྗེ་འིས་ནྀ་འབངས་བཏང་
(439) ན། གནམ་མཐའྀ་ནི་སྲུང་དུ་རུང༎ འབངས་ཀྱིས་ནྀ་རྗེ་མ་གཏང། འབངས་ཀྱྀས་ནི་རྗེ་བཏང་ན། ངས་པོ་ནི་རྨད་དུ་རུང༎ མགུར་
(440) དེ་ཞེས་གསུངས་སོ༎ མགུར་གྱི་ལན༎ བློན་སྟོང་རྩན་གྱིས་གསོལ་པ། རྗེ་འྀས་ནི་བཀའ་སྩལ་པ་གཞའ་པྱྀ་ནི་ཡུན་ཀྱི་
(441) སྲྀད། བྱ་འྀས་ནི་ཞུ་པུབ་པ། ལ་པྱི་ནྀ་གདངསུ་གདངས་སུ་ དྲོ༎ གློ་བོ་ནི་མང་ཀུ་རྒྱ། ནམས་ཀྱང་ནི་ཡར་མྱི་པོ། གད་ཀྱྀ་ནི་གསེར་པོ་ཆེ༎
(442) ནམས་ཀྱང་ནྀ་པྱིང་བ་འྀ་བཅུད། རྗེ་འིས་ནྀ་འབངས་མ་གཏང༎ རྗེ་འྀས་ནི་འབངས་བཏང་ན། བྱ་བང་ནྀ་ཐང་ལ་ཐས། འབངས་ཀྱིས་
(443) ནྀ་རྗེ་མ་གཏང། འབངས་ཀྱིས་ནྀ་རྗེ་བཏང་ན༎ འཇོན་མོ་ནི་ཤིང་ཀ་རེབས༎ སང་པྱི་ནི་གནངས་སླད་ན་ནམ་ནམ་ནྀ་ཞ་ཞ་
(444) རུ༎ རི་གང་ནྀ་ཁུས་བཏབ་ཀྱང། བྱ་པུ་ནི་ཁུས་མ་གདབ། ལུང་གང་ནྀ་རྟས་བཆགས་ཀྱང། གསེར་གད་ནྀ་རྟས་མ་བཆག༎
(445) མོལ་མོལ་ནྀ་འཆམ་འཆམ་ན༎ བཀའ་མཆིད་ནྀ་མྱིས་མྱྀ་མཉན༎ འཆམ་འཆམ་ནྀ་འདྲུལ་འདྲུལ་ན། ཆགས་
(446) ལམ་ནྀ་ཆུས་མྱི་སྦང། ཀླུ་དེ་ཞེས་བླངས་སོ༎ བླ་ན་རྗེ་སྒམ་ན། ཁྲྀ་སྲོང་བརྩན། འོག་ན་བློན་འཛངས་ན་སྟོང་རྩན་ཡུལ་ཟུང།
(447) རྗེ་ནྀ་གནམ་རི་པྱྭ་འྀ་ལུགས༎ བློན་པོ་ནི་ས་འྀ་ངམ་ལེན་གྱི་ཚུལ༎ མངའ་ཐང་ཆེན་པོ་འི་རྐྱེན་དུ། ཇྀ་དང་ཇིར་ལྡན་ཏེ། པྱི་འི་
(448) ཆབ་སྲིད་ནྀ་པྱོགས་བཞྀར་བསྐྱེད༎ ནང་གྀ་ཁ་བསོ་ནི་མྱི་ཉམས་པར་ལྷུན་སྟུག། འབངས་མགོ་ནག་པོ་ཡང་མཐོ་དམན་ནྀ་
(449) བསྙམས། དཔྱའ་སྒྱུ་ནྀ་བསྐྱུངས། དལ་དུ་ནྀ་མཆིས། སྟོན་དཔྱིད་ནྀ་བསྐྱལ༎ འཁོར་བར་ནྀ་སྤྱད། འདོད་པ་ནྀ་བྱིན།
(450) གནོད་པ་ནྀ་པྱེ། བཙན་བ་ནྀ་བཅུགས་བཙུགས་ སྡོ་བ་ནི་སྨད། འཇིགས་པ་ནྀ་མནན༎ བདེན་བ་ནྀ་བསྙེན། འཛངས་པ་ནྀ་བསྟོད།
(451) དཔའ་བོ་ནྀ་བཀུར། སྨོན་པར་ནྀ་བཀོལ༎ ཆོས་བཟང་སྲྀད་མཐོ་སྟེ༎ མྱྀ་ཡོངས་ཀྱིས་སྐྱིད་དོ༎ བོད་ལ་སྔ་ན་ཡྀ་གེ་
(452) མྱེད་པ་ཡང༎ བཙན་པོ་འདི་འྀ་ཚེ་བྱུང་ནས༎ བོད་ཀྱི་གཙུགས་ལག་བཀའ་གྲིམས་ཆེད་པོ་དང། བློན་པོ་འི་རིམ་པ་དང། ཆེ་ཆུང་
(453) གཉིས་ཀྱྀ་དབང་ཐང་དང། ལེགས་པ་ཟིན་པ་འྀ་བྱ་དགའ་དང། ཉེ་ཡོ་བ་འི་ཆད་པ་དང། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང། སླུངས་ཀྱི་གོ་བར་བསྙམས་
(454) པ་དང། བྲེ་པུལ་དང། སྲང་ལ་སྩོགས་པ༎ བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན༎ བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ། མྱི་ཡོངས་
(455) ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས༎ སྲོང་བརྩན་སྒམ་པོ་ཞེས་མཚན་གསོལ་ཏོ༎
(456) ༄༅། ༔། མགར་གློ་བ་རིངས་པའྀ་ཚེ༎ བཙན་པོ་འདུས་སྲོང་གིས་མགུར་བླངས་པའ༎ ཀྱེ་གནའྀ་ནི་ཐོག་མ་རུ། གཞེ་འི་ནྀ་དང་པོ་ལ།
(457) དགུང་སྔོ་ནྀ་མ་འོག་གྀ། དོག་མོན་ནྀ་ཡ་སྟེངས་ན༎ གཙུག་བཙུགས་ནྀ་བཙུགས་ལེགསྟེ་ལེགས་ཏེ་ མཐོས་ཏེ་ནྀ་དགུང་མྱི་རྡིབ༎ དོག་མོན་
(458) ནྀ་སྡིང་མྱྀ་ཉམས། དགུང་ལ་ནྀ་གཉི་ཤར་བ། དྲོ་དྲོ་ནི་ས་ལ་དྲོ༎ སྒྲོ་བཏགས་ནྀ་བཏགས་ལེགས་སྟེ། བཙའ་ན་ནྀ་དཔལ་ཡང་དཔལ་
(459) འཕངས་ན་ནྀ་ཤ་ཡང་ཁུམས། ཤ་ཁུམས་ནྀ་མྱི་ཡང་གསོས༎ གྱེ་དི་རིང་ནྀ་སང་ལྟ་ན༎ དོག་སྲིན་ནྀ་སྦུར་བུ་འྀས༎ བྱ་ལྟར་ནྀ་བཅོས་
(460) བཅོས་སྟེ། གནམ་དུ་ནྀ་འཕུར་འདོད་ཀྱང། འཕུར་དུ་ནི་འདབ་མ་མཆྀས། འཕུར་དུ་ནྀ་འདབ་མཆིས་ཀྱང༎ དགུང་སྔོ་ནི་ཕང་མཐོས་སྟེ།
(461) སྤྲིན་ཀྱྀ་ནི་གོ་མྱི་འདའས༎ ཡ་རུ་ནྀ་དགུང་མ་སླེབས། མ་རུ་ནྀ་དོག་མ་སླེབས། མ་མཐོ་ནི་མ་དམའ་སྟེ༎ ཁྲ་འྀ་ནི་གཟན་དུ་
(462) གྱུརད༎ བྱ་པུ་ནྀ་ལུང་ཆུངས་ན༎ འབངས་ཤྀག་ནི་རྗེ་རུ་རེ། མགར་བུ་ནྀ་རྗེ་རུ་རེ། སྦལ་པ་ནི་འཔུར་དུ་རེ༎ འབངས་ལས་ནྀ་རྗེ་རེ་བ།
(463) མཐིང་བྲང་ནྀ་གྱེན་དུ་འགྱུར། པ་བོང་ནི་རི་ལ་འདྲྀལ། པྱ་མདའྀ་ནི་སྨྲ་འོར་གྱིས་གྱེན་དུ་ནྀ་འདྲིལ་འདྲྀལ་ཡང༎ ཤམ་པོ་ནི་རྩེ་མོ་
(464) རུ་པྱིན་སྙམ་ནྀ་ལེང་མྱི་བགྱིད༎ ཤམས་པོ་ནྀ་གངས་དྲུང་དུ་སྣང་དང་ནྀ་ཞུགས་བལྟམ་ཡང། ཤམ་པོ་ནྀ་གངས་མྱི་ཞུ། ཡར་[ཆབ?]
(465) ནྀ་སྔོན་པོ་ལ་ཆུ་བཆད་ནྀ་ཡུར་དྲངས་ཀྱང། ཡར་ཆབ་ནི་གཞུང་མྱི་སྐམས༎ བོད་ཀྱི་ནྀ་སྤུ་རྒྱལ་དུ་སེམས་ཤིང་ནྀ་རེ་རེ་ཡང།
(466) སྤུ་རྒྱལ་ནྀ་གདུང་མྱི་འཆད༎ བྱ་པུ་ནི་ལུང་ཅུངས་ནས། གླང་ཞྀག་ནི་རྗི་རྫི་ ལངས་ཀྱང༎ ཕོ་མ་འྀ་ནི་སྡིང་པོ་ཆེ། རྗི་རྫི་ ལངས་ནྀ་སྣར་མྱི་མནམ།
(467) རྗྀ་རྫྀ་ ལངས་ནི་སྣར་མནམ་ཡང། ཁུས་བཏབ་ནྀ་སྡིང་མྱྀ་གཡོའ༎ མོན་ཀ་འྀ་ནི་སྟག་ཆྀག་པའ། བྱ་ལྡིངས་ནྀ་མྱིག་མྱི་ལྟ། བསྲོགས་ཀྱང་ནྀ་སྤུ་
(468) མྱྀ་ལངས༎ ཙེང་ལྡེང་ནྀ་བྲ་གུ་དང། ཡར་ལྷ་ནྀ་ཤམ་པོ་གཉིས། གང་ཆེ་ནྀ་གང་ཆུང་བ༎ འགྲེང་བརྒྱའ་ནྀ་ཀུན་ཀྱང་འཚལ༎ སྐྱི་ཅུ་ནྀ་སྔོན་མོ་
(469) དང། ཡར་ཆབ་ནྀ་ཆུ་བོ་ཆེ། གར་གང་ རྀང་ནི་གང་ཐུང་བ༎ ཐང་ལྷ་ནྀ་ཡ་བཞུར་མཁྱེན༎ གནུབས་མཚོ་ནི་ཀླིང་དགུའ་དང། གྲང་པོ་ནི་མཚོ་ལེ་གོང།
(470) གང་ཆེ་ནྀ་གག་ཆུང་བ༎ ཤ་མྱེད་ནྀ་གངས་ཀར་མཁྱེན༎ པྱ་མདའྀ་ནི་ཁང་སྐྱ་དང། པྱིང་བ་འྀ་ནི་སྟག་རྩེ་གཉིས༎ གང་མཐོ་ནི་གག་གང་ དམའ་
(471) བ༎ ཡར་ལྷ་ནྀ་ཤམ་པོ་མཁྱེན༎ བྱ་པུ་ནྀ་ལུང་ཆུངས་ན། མགར་ཁོལ་ནྀ་རྨང་བ་དང། ཡར་ལུངས་ནི་པྱིང་ལུངས་ན། ལྷོ་རྔེགས་ནི།
(472) འཕན་བ་གཉིས༎ གང་འཕན་ནྀ་གག་གང་ རགས་པ༎ གཉྀ་ཟླ་ནི་ཡ་བྀས་གཟིགས། ལྷེ་འུ་རྗེ་ནི་ཟིན་དགས་མཁྱེན། འགྲེང་བརྒྱའ་ནྀ་ཀུན་
(473) ཀྱང་འཚལ། ཡར་མོ་ནི་རྗི་རྫི་ ལངས་པས། བ་བདག་ནྀ་ངོ་མ་འཚལ༎ འབངས་ཀྱིས་ནྀ་རྗེ་བཀོལ་ཏམ། རྗེ་འིས་ནྀ་འབངས་བཀོལ་བའ།
(474) དགུ་དགུང་ སྔོ་ནི་ཡ་བྀ་མཁྱེན། མྱྀ་འིས་ནྀ་རྟ་བཞོན་ནམ། རྟ་འྀས་ནི་མྱི་བཞོན་བ༎ པྱྭ་འྀ་ནི་གཙུག་མཁན་མཁྱེན། རྩྀ་འིས་ནྀ་ཟོར་གཆད་
(475) དམ། ཟོར་གྱིས་ནྀ་རྩྭ་གཆད་པ། དོག་མོན་ནྀ་མ་བི་མཁྱེན༎ ད་ཙམ་ནྀ་དགུང་མཐའ་ཡན༎ གཉི་ཟླ་ནྀ་སྤྱན་གྱིས་གཟིགས།
(476) དགུང་སྔོ་ནི་སྙན་གྱྀས་གསན༎ པྱྭ་འྀ་ནི་གཙུག་མྱི་འགྱུར། མདའྀ་ནི་སྒྲོ་མྱི་འབོག༎ བདེན་ནམ་ནྀ་བརྫུན་བ་འདྀ། སང་པྱི་ནྀ་གནངས་
(477) སླད་ན། འབངས་ཀྱིས་ནྀ་རྗེ་མྱི་བཀོལ། རྟ་འྀས་ནི་མྱི་མྱི་ཞོན། རྩྀ་འིས་ནི་ཟོར་མྱྀ་གཆོད༎ པྱྀང་བ་འྀ་ནི་སྟག་རྩེ་ན། སྤུ་རྒྱལ་ནི་
(478) གདུང་མྱྀ་འཆད༎ དྀ་རིང་ནྀ་སང་ལྟ་ནའ༎ བྱ་པུ་ནྀ་ལུང་ཅུངས་སུ། འུར་བུ་ནྀ་ཁྱུ་ཆིག་པོ། འུར་བས་ནྀ་བསྐྱོད་དྲགས་པས། མ་མོ་ནི་
(479) ཁྲ་འིས་འཚལ༎ འུར་པྲུག་ནྀ་ཐང་ལ་གྲམ༎ སང་པྱི་ནྀ་གནངས་སླད་ན། ནོངས་ཤིང་ནྀ་མ་འགྱོད་ཆིག༎ གསེར་གྱྀ་ནི་དོང་རལ་ན་
(480) གཡུ་འྀ་ནི་མདའ་ཆྀག་མ༎ མ་འཕངས་ནྀ་ཤ་མྱི་ཁུམས། འཕངས་ན་ནི་རལ་ཡང་སྟོངས༎ རེ་ན་ནི་གཐང་དུ་ན། རེ་དཀུའ་ནྀ་
(481) མཚུལ་དུ་དཀུའ༎
(482) ༄༅། ༔། བཙན་པོ་ཁྲི་འདུས་སྲོང༎ འདམ་གྱྀ་ཅོག་རོ་ཟ་དང། འབྲེ་མཛད་པ་འྀ་ཚེ༎ ཁེ་རྒད་རྒྱལ་ཏོ་རེ་མདོ་སྣང་གིས་མཆིད་བླངས་[?]
(483) རུ་ཐུང་ནྀ་བསར་ང་བ། ཁོང་ཁྱིམ་ནྀ་སྤྱན་བུ་ཅུང། རིས་བཀྲའ་ནྀ་བསར་ང་བ། མོན་ཀ་འྀ་ནི་སྟག་ཆིག་པ། བཙན་ཏེ་ནི་མྱི་མཁས་པ་རྒྱ་དྲུག་
(484) ནྀ་དགུང་མཐའ་རྗེ༎ མགྱོགསྟེ་མགྱོགས་ཏེ་ ནྀ་མྱི་མཁས་པ། ཤུ་མ་ནྀ་རྒྱལ་མ་གཉིས། དྲག་སྟེ་ནྀ་མྱི་མཁས་པ་མཆོ་གར་ནྀ་འབྲོང་གི་རུ། རྣོ་སྟེ་ནི་མྱི་
(485) མཁས་པ་མདོ་ལྕགས་ནྀ་སྟེའུ་ཀ་མ། འཛངས་ཤིང་ནྀ་སྲི་ཞུ་བ། ཡར་ཀྱྀ་༌ནི[*ni] ལྷོ་རྔེགས་ཟའ། ངན་ཞིང་ནྀ་ཕོ་ཆེ་བ། འདམ་གྱི་ནྀ་ཅོག་རོ་ཟ།
(486) དྲྀ་ངན་ནི་ཉ་འྀ་དྲི། གཡའ་ངན་ནྀ་ཟངས་ཀྱི་གཡའ། སྐུ་འྀ་ནི་རིང་སྟོད་དུ། གཡང་གྀ་ནི་ཡུགས་བབ་བམ། སྐུ་འྀ་ནི་རིང་སྨད་དུ་[ཚེད(/ཚེར)]ཀྱི་ནི་
(487) ཡུགས་ལྷུང་ངམ༎ སྔུན་ན་ནྀ་འདྲེན་པ་འདྀ། ཁྲི་གདའས་ནྀ་ཡུལ་བྱིན་དང། མདོ་གྲགས་ནྀ་དགུང་དང་ཉེ༎ སླད་ནས་ནྀ་རྟོན་པ་འདི།
(488) རྒྱལ་ཚན་ནྀ་སྣང་གྲགས་དང། མུ་ཀེན་ནྀ་ཀླུ་ཅུ་རྨད༎ དབུས་ནས་ནྀ་འཕེན་པ་འདི༎ ཆེ་འམ་ནྀ་ཆུང་མ་འཚལ༎ འདུས་སྲོང་
(489) ནྀ་མང་པོ་རྗེ། སྐུ་ལ་ནྀ་འཕྲུལ་ཡང་མངའ༎ འོག་ན་ནྀ་བཆིབས་པ་འདྀ༎ རྒྱལ་མ་ནྀ་མཐའ་བཞི་འདུལ༎ མགྱོགས་སམ་
(490) ནྀ་བུལ་མ་འཚོ༎ རྨྱིག་རྗེས་ནྀ་མྱིས་མྱྀ་མཐོང༎ རྗེ་ཆིག་ནྀ་མང་པོ་རྗེ། གཤེགས་སོ་ནི་མང་པོ་རྗེ། བཞུགས་ཀྱང་ནྀ་འོད་མྱི་དྲོ།
(491) གཤེགས་ཀྱང་ནྀ་དང་མ་ཆགས༎ ཅོག་རོ་ཟས་མཆིད་བླངས་པ་འྀ་ཚིག་ལ༎ ཀྱེ་འདམ་གྱི་ནི་ཐང་ཀར་དུ། ལྷ་གཤེགས་ནི་
(492) ཞལ་མ་འཚོལ༎ ལྷ་གཤེགས་ནྀ་ཞལ་འཚོལ་ན། དུད་དེ་ནི་པྱག་ཀྱང་འཚལ༎ པྱག་མདའ་ནྀ་སླེབ་ཀྱིས་འཛྀན༎ དེ་འི་ནི་
(493) མན་ཆད་ལ༎ དུད་དེ་ནི་པྱག་འཚལ་དུ། སོགས་བུ་ནྀ་ཡུ་བ་ཐུངས༎ འགྲེང་སྟེ་ནི་པྱག་འཚལ་དུ། སྟེན་ཀྱི་ནི་ཆོས་
(494) མ་ལགས༎
(495) ༄༅། ༔། བོད་ཀྱི་བློན་པོ༎ མགར་ཁྲི་འབྲྀང་བཙན་བྲོད་དང༎ རྒྱ་འྀ་བློན་པོ་ཝོང་ཀེར་ཞང་ཤེ་གཉིས༎ ཁ་དོར་གྱིས་བརྒྱའ་བ་འྀ་ཚིག༎ རྒྱ་
(496) འྀ་དམག་བྱྀན་ཆེད་པོ༎ དམག་པོན་ཝོང་ཀེར་ཞང་ཤེས་བདའསྟེ་བདའས་ཏེ་ དཔུང་གིས་པུལ་ནས༎ མཚོ་སྔོན་པོ་པྱོགས་ཀྱྀ་དམག་པོན༎
(497) མགར་ཁྲི་འབྲྀང་བཙན་བྲོད་འཚལ་བ་ལ༎ ཝོང་ཀེར་ཞང་ཤེས་སྤྲིང་བའ་+འ་ ཁྲེ་རྐྱལ་གང་དང། ཡུངས་འབྲུ་རྐྱལ་གང་བསྐུར་ཏེ༎
(498) བོད་ཀྱི་དམག༎ སྟག་འཕྲང་གཡག་འཕྲང་དུ་བགྲངས་པ་འྀ་གྲངས་ཀྱང་ང་ལ་ཡོད་དོ༎ གླད་པ་ལ་ཚད་བླངས་སྟེ།
(499) ཞྭར་དྲུབས། རྐང་པ་ལ་ཚད་བླངསྟེ་བླངས་ཏེ་ ལྷམ་དུ་དྲུབས༎ བོད་ཀྱི་དམག་ཐུབ་པ་ཙམ་དུ་བརླབས་ནས༎ ང་འྀ་དམག་འདི་སྙེད་
(500) ཆིག་ཡོད་དོ༎ མགྲྀམ་པྲ་མོར་ཤོང་ན༎ ལྟོ་ཆེད་པོར་ཞུགས་ཀྲང༎ གྀས་གནམ་པྱགས་ཆེད་པོས་བཏབ་སྟེ༎ གཆིག་
(501) མྱྀ་དགྱེ་འོ༎ མགར་ཁྲྀ་འབྲིང་གྀས་ལན་བཏབ་པའ༎ མང་ཉུང་གྀ་ཁར་མྱི་དོར་རོ༎ བྱེ་འུ་མང་མང་ཡང་ཁྲ་ཆིག་གྀ་ཉོད་པའ༎
(502) ཉེ་འུ་མང་མང་ཡང་སྲམ་ཆྀག་གི་ཉོད་པ། ཤ་བ་རྭ་མང་སྟེ་འགྱེན་ཏམ། གཡག་རུ་ཐུངེ་ཐུང་ངེ་ སྟེ། འགྱེན་པ་བལྟ་འོ༎ ཐང་ཤྀང་ལོ་བརྒྱར་སྐྱེས་
(503) པ་ཡང། སྟ་རེ་གཆིག་གྀ་དགྲ་འོ༎ ཆུ་གཞའ་གསང་དུ་སོང་བ་ཡང༎ གྲུ་མདོམ་གང་གིས་སྐ་ཆིག་ཆོད་དོ༎ ནས་འབྲས་ཐང་གང་སྐྱེས་
(504) པ་ཡང། རང་ཏག་གཆྀག་གི་ནང་དུ་ཆྀབ་བོ༎ སྐར་མ་གནམ་གང་ཡོད་པ་ཡང་ཉི་མ་གཆྀག་གི་འོད་ལ་མྱེད་དོ༎ ལུང་པ་གཆྀགི་གཆྀག་གི་ མདའ་ནས་
(505) མྱེ་ཕར་ཆྀག་མཆེད་ན༎ རྀ་ལུང་གཉྀས་ཀྱི་ཤྀང་རྩྀ་ཀུན་ཚིག་པ་ཡང་ཡོད༎ ཆུ་མྱིག་གཆྀག་གི་དངོའ་ནས། དབའ་རྒལ་ཞྀག་བྱུང་ནའ༎ རི་
(506) ཐང་གྀ་ཤིང་རྩྀ་ཀུན་ཁྱེར་བ་ཡང་སྲྀད་དོ༎ བོང་པ་ཐང་གང་གྀ་ནང་དུ༎ རྡོ་བ་གཆིག་འདྲྀལ་དུ་བཅུག་ན། རྡོ་ཆག་གམ། བོང་པ་
(507) ཆག་པ་བལྟ་འོ། ཐང་ཆེད་པོ་གཆིག་ལ། རྩྭ་ཁུར་གཆྀག་དང། སྨྲག་ཤད་ཀྱི་ལྕག་གཆིག་བཆྀངསྟེ་བཆྀངས་ཏེ་ བཞག་ན། རྩྭ་སྔར་འདྲུལ་ལམ་
(508) ལྕག་སྔུན་དུ་འདྲུལ་པ་བལྟ་འོ༎ ཆུ་ཟངས་གང་གྀ་ནང་ན༎ ལན་ཙ་ཁྱོར་གང་བཏབ་ན༎ ཆུ་བྲོ་འམ། ལན་ཙ་བྲོ་བ་བལྟ་འོ༎
(509) འབྲུག་དང་ཀློག་ལྟེ་བུ་ལྕེ་གྲངས་ཉུང་མོད་ཀྱོང༎ གནམ་མཐའ་བཞིར་གྲགས་ལ་བརྩན་ཞྀང་ཆེ་འོ༎ ཁྱོད་ཀྱི་དམག་ནིའ།
(510) མཚོ་ག་འྀ་སྦྲང་བུ་དང་འདྲའ་སྟེ༎ མང་ཞྀང་འཁོལ་ལ་མྱྀ་ཕན་ནོ༎ རི་ཀ་འྀ་ན་བུན་དང་མཚུངསྟེ་མཚུངས་ཏེ་ མྱི་ལ་མྱྀ་ལྕི་འོ༎ ང་འྀ་དམག་ནི་
(511) རྩྭ་མང་པོ་ལ་ཟོར་བ་གཆྀག་གིས་གཆོད་པ་དང་མཚུངསྟེ་མཚུངས་ཏེ་ ཆོད་ཀྲང༎ གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕངས་ན་སོད་ཀྲང༎
(512) ཝེང་ཝོང་ ཀེར་ཞང་ཤེས་ལན་བཏབ་པའ༎ སྒོ་ང་ཆུ་ངུ། རྀ་ཆེད་པོ་འི་ལྗིད་ཀྱྀས་མནན་ན་ཆོགས་ཀྲང། མྱེ་འབའར་བ། མཚོ་ཆེད་པོ་འི་རླབས་ཀྱིས་
(513) བསད་ན་སོད་ཀྲང༎ མགར་ཁྲྀ་འབྲིང་གྀས་ལན་བཏབ་པའ༎ རྀ་ཆེད་པོ་འི་སྟེང་ན་བྲག། བྲག་གྀ་ཁ་ན་ཤྀང། ཤིང་གྀ་ཁ་ན་ཚང། ཚང་
(514) གྀ་ཁ་ན་སྒོ་ང་སྟེ། རྀ་མ་རྙིལ་བར་བྲག་མྱྀ་འདྲལ། བྲག་མ་རལ་བར་ཤྀང་མྱི་འཆག། ཤྀང་མ་ཆག་དང་ཚང་མྱི་ཞིག། ཚང་མྱི་ཞིག་
(515) པར་སྒོ་ང་མྱྀ་ཆག་སྟེ༎ རྀས་སྒོ་ང་གཆག་དུ་དེ་ལྟར་མྱི་ཆོགས་སོ༎ མྱེ་རྀ་ཀ་ན་འབའར་བ། ཆུ་ལུང་པ་ན་འབབ་པས་གསད་
(516) དུ་མྱྀ་སླེབསྟེ་སླེབས་ཏེ་ བོད་ཀྱི་སྤུ་རྒྱལ་ནྀ་ཉི་མ་དང་འདྲའ༎ རྒྱ་རྗེ་ནྀ་ཟླ་བ་དང་འདྲ་སྟེ༎ རྒྱལ་པོ་ཆེད་པོར་འདྲའ་མོད་ཀྱོང།
(517) གནམ་མཐའ་འོག་དུ་འོད་ཐ་དད་དོ༎ ཆེ་ཅུང་གྀ་ཁར་ཡོང་མྱི་དོར་རོ༎ མཚོ་ཆེད་པོ་འི་ནང་ན། ཆུ་སྲྀན་རྒྱལ་བའ་
(518) འདུག་ན། གནམ་ལས་ཆེ་ཕབ་སྟེ༎ ཆུ་སྲྀན་རྒྱལ་བ་ཆུ་འྀ་ནང་དུ་བསད་དོ༎ འབྲུག་དང་ཀླག་གཉྀས་ཀྱིས་ལྕེ་ཕབ་ནསna[s?]
(519) བྲག་ལས་སྲ་བ་མྱེད་པ་ཡང་དྲལ་ལོ༎ བོད་ཀྱི་ལྷ་བཙན་པོ་དང། གནམ་གཉིས་ཀྱྀས་བདུད་བཆད་ན༎ འབལ་ལྗྀ་རྨང་ལས་ཆེ་
(520) བ་མྱེད་པ་འྀ་བུ༎ ས་དགུའ་རྀམ་འོག་དུ་སྦས་པ་ཡང་[བཟུང(/བཐུད)]དེ་བསད་དོ༎ དེ་ལྟ་སྟེ། ཆེ་ཅུང་དང་མང་ཉུང་གྀ་ཁར་དེ་ལྟར་མྱྀ་དོར་རོ།
(521) དེ་ནས་རྒྱ་འྀ་དམག༎ ཝེང་ཝོང་ ཀེར་ཞང་ཤེས་བདའསྟེ་བདའས་ཏེ་ བྱུང་བ་ལས༎ བོད་ཀྱི་དམག་པོན། བློན་ཁྲི་འབྲྀང་གིས། དགྲ་ཐབས། [---]
(522) དང་གཡག་ལྟར་བྱས་ནས༎ གོ་བར་དུ་གཡུལ་སྤྲད་དེ༎ རྒྱ་མང་པོ་བཐུངས་ནས། རྒྱ་འི་རོ་གཆིག་གནམ་དུ་འགྲེང་བ་ཡངya[ng]
(523) [མྱྀ?]འབུམ་བསད་པ་འྀ་མཚན་མ་ཞེས་བྱ་འོ། སྟག་ལ་རྒྱ་དུར་དང་རྨ་རྒྱ་[དུས(/དུར)]ཀྱང་དེ་ནས་བཏགསོ་བཏགས་སོ་ རྔ་རབ་ཕན་ཆད༎ མྱང་དངda[ng?] [---]
(524) [---] དོར་པོ་ལ་སྩོགས་པ༎ རྒྱལ་པོ་དང་བཆས་སུ་འབངསུ་འབངས་སུ་ བཀུག་ནས༎ སོ་བློན་སྡེ་ལྔ་ཡང་བཙུགས་སོ༎
(525) [---] [-ng]ཀོག་ལ་སྩོགས་པའ༎ སྟོད་པྱོགས་དང་ལྷོ་པྱོགས་ཀྱི་རྒྱལ་པྲན་མང་པོ་ཡང་འབངསུ་འབངས་སུ་ བསྡུས་སཱོ༎
(526) [---]མང་པོ་རྗེ་སྟག་[---]ཚབ་རྒྱལ་ཏོ་རེ་རྒྱ་ལ་བྲོས་པ་འྀ་ཚེ༎ པ་ཚབ་རྒྱལ་ཏོ་རེས་ཀླུ་བླངས་པའ༎
(527) [---]ན་ལས༎ སྨན་ཤ་ནྀ་ལ་འདའས་ཀྱང། ཤ་བཀྲའ་ནྀ་སླད་ན་ལུས། ན་ནིང་ནྀ་
(528) [---]འགྲེས་སུ་ནྀ་སྤང་བཟངས་ནས། མ་སྲིང་ནྀ་སྡུག་གིས་བསྐྱལ། ཙོང་ཀ་ནི་ཆེ་[ཅུང?]
(529) [---][རྗེ]འྀ་ནི་སྐལ་པོག་པ་རྒྱ་རྗེ་ནི་བསམ་ལང་ཞིག། པུར་མྱྀ་ནི་སྐལ་བ་རུ་རྒྱ་
(530) [---]ཆག་པ༎ མགར་མང་པོ་རྗེ་སྟག་རྩན་གྱྀ་མཆིས་བྲང༎ ཅོག་རོ་[?]ཁྱོ་དང་ལྷན་ཆིག་རྒྱ་[?]
(531) [---]མཆིད་བླངས་པའ༎ ཉེན་ཀར་ནྀ་སྟག་རྩེ་ནས། ལྕགས་ཀྱྀ་ནི་ཁྱི་བཀྱེ་ཞིང། རྨ་འྀ་ནི་[པོད(/པོང)]བྲ་[ནའ?]
(532) [---] [དུད?]བརྡའ་བཏང། མེག་ལེ་ནི་གླང་མར་ནས། གསེར་གྱི་ནྀ་ཤ་སྨད་འདྲོགས༎ འདྲོགས་སོ་ནི་
(533) [---]འདའས་སོ་ནྀ་ཧབ་ཆེན་གོང༎ འདྲིམས་སོ་ནི་སོ་རྒོ་རྩ། [བསྐྱངས?]སོ་ནྀ༎ ཡང་[རུང?་སྟེངས?]
(534) [---]ནྀང་སྔ། ཇོ་བོ་ནི་སྟག་རྩན་དང། རྒྱ་རྗེ་ནྀ་བསམ་ལང་[གཉིས?] [བསྟོས?་ཞིང?]ནྀ་དོ་རེ་[བཉམ?]
(535) [---] [ནི?་སང?]ལྟ་ན༎ འབྲོང་བུ་ནྀ་སྐོས་ཐག་སྟེ། ན་རྩི་ནྀ་བཤོར་ལ་འཚལ། མ་བྲུན་ནི་རྒྱ་རྗེ་
(536) སྐོལ༎